Monday, August 31, 2015




དཀར་ཆག
ཨང་
དོན་ཚན་
ཤོག་གྲངས།
  ངོ་སྤྲོད།
  སྤྱིར་བཏང་ཁ་སྐད་ཐོག་མར་འབྱུང་ཚུལ།
-
  སྤྱིར་བཏང་ཡི་གུའི་འབྱུང་ཁུངས།
-
  འབྲུག་རྒྱལ་ཁབ་ནང་གི་སྐད་རིགས་ཀྱི་འབྱུང་ཁུངས།
-
  རྫོང་ཁའི་སྐད་ཡིག་གི་འབྱུང་ཁུངས།
- ༡༡
  སྐད་ཡིག་ལུ་བརྟེན་མི་སྡེའི་མཐུན་འབྲེལ།
༡༡ - ༡༢
  སྐད་ཡིགགི་དཔལ་འབྱོར་གོང་འཕེལ་ལུ་ཕན་གནོད་།
༡༢
 སྐད་ཡིག་ལས་བརྟེན་སེམས་ཀྱི་གནས་སྟངས་ལུ་ལེགས་ཉེས་ཀྱི་འགྱུར་བ།
༡༢ - ༡༣
  མཇུག་བསྡུ།
༡༤
༡༠
   རྒྱབ་རྟེན་དཔེ་ཐོ།
༡༥



ངོ་སྤྲོད།
སྐད་ཡིག་ཟེར་མི་འདི་ང་བཅས་རའི་མི་ཚེ་ནང་ དགོ་པའི་མཁོ་ཆས་མེ་ཐབས་མེདཔ་ཅིག་ཨིནམ་ལས་ རང་དང་གཞན་རྒྱལ་ཁབ་གཉིས་ཀའི་ སྐད་ཡིག་ཚུ་ག་དེ་མང་མང་ཤེས་དགོཔ་དང་ ལག་ལེན་འཐབ་དགོཔ་འདི་ཡང་ཁག་ཆེ་ཤོས་ཅིག་ཨིན། ཨིན་རུང་རོགས་ཀྱི་ལས་ རང་གི་འདི་གདམ་ཏེ་ རང་གི་སྐད་དང་ཡི་གུ་ཚུའི་འབྱུང་ཁུངས་ སྤྱིར་བཏང་ཁ་སྐད་ཐོག་མར་འབྱུང་ཚུལ། སྤྱིར་བཏང་ཡི་གུའི་འབྱུང་ཁུངས།  འབྲུག་རྒྱལ་ཁབ་ནང་གི་སྐད་རིགས་ཀྱི་འབྱུང་ཁུངས། སྐད་ཡིག་ལུ་བརྟེན་མི་སྡེའི་མཐུན་འབྲེལ། སྐད་ཡིགགི་དཔལ་འབྱོར་གོང་འཕེལ་ལུ་ ཕན་གནོད་ཚུ་ག་དེ་འབད་ཡོད་ག་དང་འདི་གི་བྱ་ལས་དང་བསྟུན་ ལག་ལེན་ག་དེ་འབད་འཐབ་སྟེ་ཡོད་ག་ སློབ་སྟོན་པ་ཚུ་གིས་སྟོན་གནང་བའི་སྐབས་སུ་ རང་གི་ཧ་གོ་ལུགས་དང་བསྟུན་པའི་གོ་དོན་དང་ གནད་དོ་ཚུ་གི་བཤད་པ་ཚུ་བཀོད་ཡོད་ཟེར་ཞུ་ནི་ཨིན།
དེ་གིས་མ་ཚད་པར་  འདི་ལུ་དགོ་པའི་ཞིབ་འཚོལ་ཚུ་ འབད་དེ་རྒྱས་པར་བཀོད་དགོཔ་ཨིན་རུང་ རང་གི་ཤེས་ཚད་དང་བསྟུན་ དཔེ་ཙམ་རེ་བཀོད་དེ་ཡོདཔ་ལས་ བཤེས་གཉེན་དམ་པ་རྣམས་ཀྱིས་ འདི་ཚུ་ལུ་ལེགས་ཉེས་ཀྱི་དབྱེ་དཔྱད་མཛད་བཀའ་དྲིན་བསྐྱང་སྟེ་   བུ་སློབ་རང་གི་བློ་ཡི་མུན་པ་གསལ་གནང་བའི་རེ་བ་དང་བཅས་ ལས་འགུལ་དེ་རིམ་པར་འབད་ཕུལ་ནི་ཨིན།




སྤྱིར་བཏང་ཁ་སྐད་དང་སྐད་ཡིག་ཐོག་མར་འབྱུང་ཚུལ།
སྤྱིར་བཏང་ཁ་སྐད་ཐོག་མར་འབྱུང་ཚུལ།
སྐད་ཡིག་གཉིས་ལས་ འཛམ་གླིང་འདི་ནང་ དང་པ་ཁ་སྐད་བྱུང་ཡོདཔ་ཨིན་མས། དེ་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་འདི་གི་བསྐལ་པ་སར་ཆགས་ཏེ་ སྲོག་ཆགས་དེ་ཚུ་ཁོང་རང་གཅིག་གིས་གཅིག་ལུ་བརྡ་དོན་སྤྲོད་ལེན་འབད་ནི་ལུ་ མིའི་འགྲོ་བ་བཟུམ་ ཁ་ལས་ཚིག་སླབ་མ་ཤེས་རུང་ སྐད་དང་གཟུགས་ཀྱི་ཆ་ཤས་ཚུ་ལས་བརྟེན་ཏེ་ ཁོང་རང་ལུ་དགོ་པའི་གནད་དོན་དག་པ་ཅིག་གི་བརྡ་སྤྲོད་ཚུགསཔ་ཅིག་འབད་ནི་ཡོད་མི་ལུ་ རྣམ་འགྱུར་གྱི་ཁ་ཟེར་སླབ་ཨིན། དེ་འབད་ཨིན་དགོ་མི་འདི་ཡང་ སྐད་རྒྱག་པ་དེས་མ་ལྡང་བའི་ཆ་རྣམས་ལག་པའི་བརྡ་དང་ལུས་ཀྱི་རྣམ་འགྱུར་ལ་བརྟེན་ ནས་གོ་ཐབས་བྱེད་ཀྱི་ཡོད་པ་རེད། ༢ནང་དོན་ཡོད་པའི་སྐད་ཀྱི་སྒྲ་གདངས་དེ་ལ་སྐད་བརྡའམ་སྐད་ཀྱི་བརྡ་རྟགས་ཟེར་བ་ དང་། ལག་པའི་བརྡ་ལ་བརྟེན་ནས་ནང་དོན་གོ་ཐུབ་པ་དེ་ལ་ལག་བརྡ་ཟེར་གྱི་ཡོད།’’ཟེར་   དུང་དཀར་བློ་བཟང་འཕྲིན།  མི་ རིགས་དཔེ་སྐྲུན་ཁང་གིས་དཔར་དུ་བསྐྲུན་པའི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་ཀྱི་ གསུང་འབུམ་ཕྱོགས་བསྒྲིགས་ལས།  སྐད་ཡིག་དང་སློབ་གསོ་ཞེས་པ་ལས་བཏུས། ཟེར་ http://www.sherig.org/tb/?page__id=3197 ནང་ལུ་བཤད་ནུག
དེནི་ ད་རེས་ཡང་སེམས་ཅན་ཚུ་དང་ ལྷག་པར་མི་དང་གཅིག་ཁར་སྡོད་མི་ རོ་ཁྱི་དང་ བྱི་ལི་ སྤྱ་དང་ ནོར་སེམས་ཅན་ལུ་ བལྟ་བ་ཅིན་ ཧ་མ་གོཝ་མེད། སྲོག་ཆགས་དེ་ཚུ་ལས་ རིམ་པ་བཞིན་མིར་འགྱུར་པའི་ རྒྱུ་རྐྱེན་རྟེན་འབྲེལ་ག་ར་ཚོགས་ཏེ་དུས་ལུ་བབས་ད་ མིའི་འགྲོ་བ་ཐོག་མར་བྱུང་། མིའི་འགྲོ་བ་བྱུང་ཞིནམ་ལས་ སྲོག་ཆགས་ཚུ་གི་རྣམ་འགྱུར་གྱི་ཁ་ལས་ལྷག་སྟེ་ མིའི་ཁ་ལས་བློའོ་གི་ཚིག་འབད་སླབ་ཚུགས་ནི་འདི་གིས་ དང་པ་ཁོང་རང་གཅིག་གིས་གཅིག་ལུ་བརྡ་དོན་སྤྲོད་ལེན་འབད་ཚུགསཔ་ཙམ་ཅིག་གི་ཁ་སྐད་དང་ དེ་ལས་ མི་སྡེ་རིམ་པར་འཕྱེལ་ཏེ་འགྱོ་བའི་བསྒང་ རིམ་པ་བཞིན་དུ་མིང་ཚིག་གི་ཐ་སྙད་གང་མང་བསགས་ཏེ་ ཚར་གཅིག་བ་གཅིག་བློའོ་གི་ཁྱད་ཆོས་ཚང་སྟེ་ལོག་སོངམ་ཨིན་མས། ནེ་འབད་ཨིན་དགོ་མི་འདི་ཡང་ ག་དེ་འབད་སྨོ་ཟེར་བ་ཅིན་  ཕྱི་སྣོད་ཀྱི་འཇིག་རྟེན་ཆགས་དེ་ལས་རིམ་པར་འགྲོ་བ་ཆགས་སྟེ་ ནང་སྲོག་ཆགས་དེ་ཚུ་ལས་ རིམ་པ་བཞིན་མིར་འགྱུར་བའི་ཚུ་ ཕྱི་སྣོད་ལས་རང་བཞིན་གི་ སྒྲ་ཚུ་རྣ་བར་གོ་བའི་ཐོན་ཁུངས་ལས་ཚུར་ སྐད་ཀྱི་རིམ་པ་ཚུ་འབྱུང་ཡོདཔ་སྦེ་བཤད་དེ་ཡོདཔ་ལས་ དེ་ཚུ་ཡང་ (བོ་ཝའུ་གི་གྲུབ་མཐའ) (པོཆ་ པོཆ གི་གྲུབ་མཐའ) (ཡ་ཧི་ཧོ་གི་གྲུབ་མཐའ) The natural sound source theory (bow-wow/pooh-pooh The social interaction source theory (yo-he-ho) The physical adaptation source theory (teeth, lips, mouth, larynx & pharynx) The tool-making source (brain)”ཟེར་ཡོད་པའི་ནང་ལས་ ཡིད་ཆེ་ཤོས་ར་ ད་རེ་ང་བཅས་རའི་བཤད་དོ་བཟུམ་འབད་ ཧེ་མ་ལས་རང་ སྐྱེས་གནས་བརྒྱདཔོ་འདི་ ལཱ་འབད་བའི་སྐབས་སུ་ གཅིག་གིས་གཅིག་གི་རོགས་རམ་ལས་འབད་ སྒྲ་ཚུ་འབྱུང་བའི་རྐྱེན་གྱིས་འབད་ ཁ་སྐད་ཚུ་འབྱུང་ཡོདཔ་འབད་ Yule (2010), Chapter 1 The origins of language (pp. 1-9) Fromkin, Rodman & Hyams (2011): In the Beginning: The Origins of Language    (pp. 308-315) The Development of Language in the Species (pp. 26-28) ཟེར་སྐད་ཡི་མཁས་པ་ཚུ་གིས་བཤད་དེ་འདུག
ད་ལྟོ་གཏན་གཏན་འབད་ཧ་གོ་མི་འདི་ སྤྱི་ལོའི་གོང་ལོ་ ༦༠༠༠ དང་༥༠༠༠ གི་གོང་ལུ་འཛམ་གླིང་ནང་རྩ་བའི་ཁ་གཉིས་ཡོད་མི་ལས་ གཅིག་འདི་པོརོ་དྲོ་ཨིན་དྲུ་ཡུ་རོབ་པེན་དང་  གཞན་མི་འདི་ སི་ནོ་ཀྲི་བི་ཀྲེན་ ཡང་ན་ སི་ནོ་ཧི་མ་ལ་ཡན་ཟེར་ གཉིས་ཡོདཔ་འབད་ཆ་བཞགཔ་ཨིན་མས།
 དང་པ་ པོརོ་དྲོ་ཨིན་དྲུ་ ཡུ་རོབ་པེན་གྱི་རྩ་བའི་ཁ་འདི་ལས་ ད་ལྟོ་འཛམ་གླིང་ནང་གྲགས་ཆེ་བའི་ཨིང་ལིས་ ཕེརནེ་ཅ་ ཇར་མན་ ར་ཤེ་ཡན་ སང་སེ་ཀྲི་ཏ་ཚུ་ལུ་ ཁ་གྱེས་ཏེ་སོང་སོངམ་མ་ཚད་ ད་ལྟོ་རྒྱ་གར་གི་གཡུས་ཁའི་ཁ་མང་ཤོས་ཅིག་ཡང་ ཁ་དེ་ལས་གྱེས་སོང་སོངམ་ཨིན་མས།
གཉིས་པ་ དབུས་ཨེ་ཤེ་ཡའི་ ཁ་ཐུག་ལས་དར་བའི་ སི་ནོ་ཀྲི་བི་ཀྲེན་ ཡང་ན་སི་ནོ་ཧི་མ་ལ་ཡན་གྱི་ཁ་འདི་ལས་ རྒྱ་ནག་གི་ཁ་དང་ ཧི་མ་ལ་ཡའི་མི་རྒྱུད་ཚུ་གི་ནང་ལུ་ དར་བའི་ཁ་ཚུ་ག་ར་ རྩ་བ་དེ་ལས་གྱེས་སོངམ་མ་ཚད་ ད་རེས་གྲགས་ཆེ་བའི་བོད་སྐད་ སོག་སྐད་ ལེཔ་ཅ་་ ཏ་མང་ ང་བཅས་ར་འབྲུག་གི་རྫོང་ཁ་ལ་སོགས་པའི་ ཁ་ཚུ་ཡང་ག་ར་དེ་ལས་གྱེས་སོང་སོངམ་ཨིན་མས།
སྐད་ཡིག་འདི་ འགོ་དང་པ་དར་ས་ཡང་གངས་ཏི་སི་དང་ རི་སྤོས་ངད་ལྡན་གཉིས་ཀྱི་བར་ན་མཚོ་མ་དྲོས་པ་ཆགས།མཚོ་མ་དྲོས་པའི་ཕྱོགས་བཞི་ལས་ ཆུ་ཆེན་བཞི་འབབ་སའི་ཕྱོགས་ལུ་ སྤྱི་ལོ་གོང་གི་ལོ་ ༥༠༠༠ གི་གོང་ལུ་ པོརོ་ཀྲོ་ ཧོམ་ ལེནདྲ་གི་ས་གནས་ཆགས་ས་ལས་ འགོ་དང་པ་དར་ཡོད་པའི་ལོ་རྒྱུས་དང་ ཤུལ་ལས་དུས་རབས་རིམ་པ་བཞིན་དུ་ཆུ་ཆེན་དེ་ཚུ་བརྒྱུད་དེ་འགྱོ་བའི་ལུང་ཕྱོགས་མ་འདྲཝ་ཚུ་ནང་ ཁའི་དབྱེ་བ་མ་འདྲཝ་ཚུ་ག་ར་ རྩ་བའི་ཁ་དེ་ལས་དར་ཁྱབ་སོང་སྟེ་གིས་ ད་རེས་ཀྱི་སྐད་རིགས་ཚུ་ བྱུང་བྱུངམ་ཨིནམ་འབད་བཤད་སྲོལ་འདུག།
ལོ་རྒྱུས་ཚུ་ག་དེ་འབད་བཤད་རུང་ གཙོ་བོ་ར་སྐད་ཡིག་ཟེར་མི་འདི་ བཅུད་བསྡུ་བ་ཅིན་ བྱ་ལས་དང་བསྟུན་ ང་བཅས་ར་འགྲོ་བ་མི་དང་ སེམས་ཅན་ཚུ་ གཅིག་གིས་མནོ་ཡོད་པའི་དོན་དག་ཚུ་ འཛོལ་བ་མེད་པར་ ཕར་ལོགས་མའི་གང་ཟག་ཚུ་ལུ་ བརྡ་དོན་སྤྲོད་ལེན་འབད་ཚུགས་པའི་ རིག་རྩལ་མེད་ཐབས་མེདཔ་ཅིག་ལུ་སླབ་ཨིན། གཞན་ཡང་ སྐད་ཡིག་ཟེར་མི་ འདི་ མི་དང་སེམས་ཅན་ཚུ་གི་ བསམ་པའི་དོན་ཚུ་ ནོར་འཁྲུལ་མེད་པར་ ངག་ལམ་དང་ཡིག་ལམ་བརྒྱུད་དེ་ ཕར་ལོགས་མ་ལུ་ གོ་བ་བརྡ་དོན་སྤྲོད་ ཚུགས་པའི་ ཡོན་ཏན་ནམ་ནུས་ཤུགས་ཡོད་པའི་བདག་ཉིད་ཅན་དེ་ལུ་སླབ་ཨིན་པས།

སྤྱིར་བཏང་ཡི་གུའི་འབྱུང་ཁུངས།
འཛམ་གླིང་ནང་ཡི་གུ་དར་བའི་སྐབས་ལུ་རི་མོའི་ཡི་གུ་དང་ སྒྲ་སྦྱོར་གྱི་ཡི་གུ་ཟེར་གཉིས་ཡོད་ས་ལས་ དང་པ་རི་མོའི་ཡི་གུ་དར་རུང་ རི་མོའི་ཡི་གུ་ནང་ གཟུགས་སུ་གྲུབ་པའི་ དངོས་པོའི་རིགས་ཀྱི་བརྡ་སྤྲོད་འབད་ཚུགས་རུང་ སེམས་ཀྱི་འཆར་སྣང་ལ་སོགས་པ་གཟུགས་སུ་མ་གྲུབ་པའི་དངོས་མེད་ཀྱི་བརྡ་སྤྲོད་འབད་ནི་ལཱ་ཁགཔ་མ་ཚད་ ཡི་གུ་ཡང་ལྷམ་མང་སྟེ་སེམས་ཁར་ངེས་མ་ཚུགས་པའི་ དཀའ་ངལ་ཡོདཔ་ལས་མི་སྡེའི་བར་ན་ཚོང་འབྲེལ་དང་ དམག་འབྲེལ་གྱི་ལཱ་དོན་མང་སུ་མང་སུ་ཐོནམ་ལས་ དེ་ཚུ་རི་མོའི་ཡི་གུ་དེ་གིས་བརྡ་སྤྲོད་ནི་མ་ལང་པར་ མི་རིག་པ་ཅན་ཚུ་གིས་ ཁ་སྐད་ཀྱི་སྒྲ་གདངས་ཀྱི་ཚབ་བཏུབ་པའི་ ཡི་གུའི་ཐོག་མ་གྱངས་ཁའི་ཨང་ཡིག་ལས་འགོ་བཙུགས་ཏེ་ ཡིག་ཐོག་འབྲི་ནི་གི་ལམ་སྲོལ་འདི་བྱུངམ་ལས་ཚུར་ཡི་གུའི་དུས་རབས་ཟེར་བའི་ཐ་སྙད་ཆགས་ཏེ་ད་ལྟོ་ལོ་ངོ་རིང་ཤོས་ལོ་ ༦༠༠༠ ཙམ་དང་ཐུང་ཤོས་ལོ་ ༣༠༠༠ འདེ་ཅིག་ལོག་སོངམ་འབད་ཆ་བཞགཔ་ཨིན་ཟེར་ http://www.slideshare.net/123ravindra/history-of-writing-6483806 ནང་ལུ་བཀོད་དེ་ཡོདཔ་མ་ཚད་
རིག་བྱེད་ཀྱི་གཏམ་རྒྱུད་ལས་འབད་བ་ཅིན་ཡི་གུ་དང་པ་ལྷ་ཚངས་པ་གིས་བཟོ་གནང་གནངམ་ཨིན་ཟེར་སླབ་ཨིན་མས།
སྒྲ་སྦྱོར་གྱི་ཡི་གུ་འདི་ ཡི་གུའི་གྱངས་ཁ་གང་ཉུང་གིས་བཏུབ་པའི་ཁར་ དངོས་ཅན་དང་དངོས་མེད་ཀྱི་གནད་དོན་ཆ་མཉམ་ བརྡ་སྤྲོད་ཚུགས་ནི་འདི་གིས་སྒྲ་སྦྱོར་གྱི་ཡི་གུ་འདི་ག་ཅི་ལས་ཕུལ་དུ་ཕྱིན་པའི་ཡི་གུ་ཅིག་ཨིན།ད་ལྟོ་འཛམ་གླིང་ནང་གི་སྐད་རིགས་མང་ཤོས་སྒྲ་སྦྱོར་གྱི་ཡི་གུ་ཨིནམ་མ་ཚད་ང་བཅས་རའི་རྫོང་ཁའི་ཡི་གུ་ཡང་འདི་གི་གྱལ་ཁར་ཨིན།
སྤྱིར་བཏང་ཡི་གུའི་འབྱུང་ཁུངས།
འབྲུག་རྒྱལ་ཁབ་འདི་ནང་ཡིག་རིགས་ཐོག་མར་དུས་རབས་༨པའི་ནང་ གུ་རུ་རིན་པོ་ཆེ་བུམ་ཐང་ལུ་བོད་ལས་མར་ བྱོན་ཐེངས་གཉིས་པའི་སྐབས་ལུ་ཕྱག་ཞུ་སྟེ་ལོ་རྩྭ་བ་ལྡན་མང་རྩེ་མང་ཟེར་མི་འདི་འཁྱིད་བྱོནམ་ལས་ ལོ་རྩྭ་བ་ལྡན་མང་རྩེ་མང་གིས་ལྷོ་ཡིག་ཟེར་ དབུ་ཅན་དང་དབུ་མེད་ག་དང་ཡང་མ་འདྲ་བའི་ ད་ལྟོའི་མགྱོགས་ཡིག་དེ་བརྩམས་ཏེ་གནང་ནུག།  གུ་རུ་རིན་པོ་ཆེ་གིས་རྒྱལ་པོ་སིན་ཏུ་ར་ཛ་ལུ་ བཀའ་བརྒྱད་ཀྱི་དབང་གནང་སྟེ་ ཆོས་འཁོར་བསྐོར་གནངམ་ད་གི་ཕྱག་དཔེ་ཚུ་ཡང་ག་ར་ ཡི་གུ་དེ ནང་བྲིས་ཏེ་གཏེར་ལུ་སྦ་སྟེ་བཞག་ས་ལས་ བཏོན་པའི་ཤོག་གསེར་ཅིག་ རྒྱལ་ཡུམ་སྐུ་བགྲེས་ཀྱི་རྟེན་སྒམ་ནང་ལུ་ བཞུགས་ཡོད་པའི་འདྲ་པར་ད་ལྟོ་དངོས་སུ་མཇལ་ནི་ཡོད་པའི་ལོ་བརྒྱུད་འདུག



ལ་ལོ་གིས་སླབ་སྲོལ་འབད་བ་ཅིན་ ལོ་རྩྭ་བ་ལྡན་མང་རྩེ་མང་གུ་རུ་རིན་པོ་ཆེ་གི་ཕྱག་ཞུ་སྟེ་ བཏང་དགོ་མི་དེ་་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་ལུ་བཀའ་འགྱུར་དང་བསྟན་འགྱུར་ འབྲི་ནིའི་དལ་ཤོག་ག་ར་ལྷོ་མོན་ལས་ཕུལ་ཡོདཔ་ལས་ འདི་གི་དྲིན་གསོའི་དོན་ལུ་ ལྷོ་ཡིག་བརྩམས་ཏེ་གནང་ནིའི་དོན་ལུ་བཏང་བཏངམ་ཨིན་ཟེར་ སླབ་མི་ཡང་ཡོད་ ག་དེ་སྦེ་ཨིན་རུང་མགྱོགས་ཡིག་དེ་འབྲུག་རྒྱལ་ཁབ་ནང་གི་ཡི་གུ་ དར་བའི་ཧ་ཤོས་ཅིག་ཨིནམ་མ་ཚད་ ཡི་གུ་འདི་འབྲུག་རྒྱལ་ཁབ་ནང་རྐྱངམ་ཅིག་མ་གཏོགས་ རྒྱལ་ཁབ་གཞན་ག་སྟེ་ལུ་ཡང་འབྲི་སྲོལ་མེདཔ་ལས་ འདི་ལུ་ལྷོ་ཡིག་ཟེར་བའི་མིང་གཏམ་ཡོངས་གྲགས་ཡོདཔ་ཨིན།
ཤུལ་མ་དུས་རབས་༡༠པ་དང་༡༡པ་ལས་བོད་ལས་མར བླམ་ལེ་ཤ་བྱོན་ཏེ་ཆོས་ལུགས་མ་འདྲཝ་ཚུ་སྤེལ་བའི་སྐབས་  ཚུགས་ཡིག་འདི་འབྲུག་ལུ་དར་ནུག་ ཨིན་རུང་འབྲུག་པའི་ཚུགས་ཡིག་དང་བོད་ཀྱི་ཚུགས་ཡིག་གི་བར་ན་ ཁྱད་ཆོས་སོ་སོར་ཡོདཔ་ཨིན།
དེ་གི་ཤུལ་ལས་འབྲུག་ལུ་  ཚུགས་ཡིག་མགྱོགས་པར་བྲིས་ཏེ་མགྱོགས་ཡིག་དང་  ཚུགས་ཡིག་གཉིས་ཀྱི་བར་ན་ལས་  མགྱོགས་ཚུགསམ་  ཟེར་མི་ཅིག་ཡང་དར་ནུག  དེ་བཟུམ་གྱི་ཡི་གུའི་རིག་རྩལ་དེ་ ཧེ་མ་ལས་ཡོད་པའི་མཁས་དབང་ཚུ་བརྒྱུད་དེ་ དུས་རབས་༡༧པའི་ནང་ལས་དྲུང་ཡིག་རྟ་མགྲིན་དབང་རྒྱལ་དང་ བུམ་ཐང་ཆོས་རྗེ་ངག་དབང་བསོད་ནམས་ཚུ་ལས་བརྒྱུད་དེ་ དར་ཁྱབ་སྦོམ་བྱུང་བའི་ཁར་དུས་རབས་༢༠་པའི་ནང་ལས་སློབ་དཔོན་འགངས་ཆེན་སོགས་ཀྱི་ཕྱག་རྒྱུན་ལས་ ཡི་གུ་མགྱོགས་ཚུགས་གཉིས་ཀྱི་རིག་རྩལ་རིམ་པར་དར་ཁྱབ་ བྱུང་དང་འབྱུངམ་བཞིན་ཡོདཔ་ཨིན་ནོ།
དེ་འབད་ཨིན་དགོ་མི་ཡང་ http://www.tsanpo.com  ཟེར་མི་ནང་ལུ་ འབྲུག་ཡུལ་གྱི་ཡི་གེ་འབྲི་སྲོལ་དེ་ཡང་། བོད་དུ་རྒྱ་གར་ནས་ཡི་གེ་དཔེ་བླངས་ཏེ་བོད་ཡིག་བྱུང་བ་ལྟར་ དུས་རབས་༨་པར་གུ་རུ་པདྨ་སམྦྷཝའི་སློབ་མ་ ཡི་གེ་འབྲི་བ་ལ་མགྱོགས་པའི་ཚད་ལོ་ཙཱ་བ་ལྡན་མ་རྩེ་མང་ ཟེར་བ་དབྱིན་ལོ་༨༠༠་ལ་བུམ་ཐང་ལྕགས་མཁར་རྒྱལ་པོའི་བླ་མཆོད་དུ་གནང་སྟེ་ ལོ་ཙཱ་བ་ལྡན་མ་རྩེ་མང་དེས་ འབྲུག་ལ་ཡི་གེ་དང་རིག་གནས་ཀྱི་སྲོལ་གསར་དུ་མཛད་པ་ལས་ བོད་ཡིག་དབུ་ཅན་དབུ་མེད་གང་དང་ཡང་མི་འདྲ་བའི་ ཁྱད་ཆོས་ཅན་གྱི་ཡི་གེ་ལྷོ་ཡིག་ ཟེར་བ་དེ་ད་ལྟ་རང་རེ་འབྲུག་པ་རྣམས་ཀྱིས་འབྲི་རྒྱུན་འདི་དབྱིན་ལོ་༨༠༠་ནང་ནས་ དར་བ་དེ་རང་མ་ཉམས་པར་གནས་མུས་ཀྱང་། དེང་སང་ལག་རྩལ་ཤེས་རིག་གི་བཟོ་བཀོད་ཐམས་ཅད་རིམ་བཞིན་བསྒྱུར་འགྲོ་བ་མིའི་ བློ་རྩལ་གྱི་ནུས་པ་ལ་རག་ལས་གཤིས། དབྱིན་ལོ་༡༨༠༠་ཙམ་གྱི་ཡི་གེ་བཟོ་དབྱིབས་དང་ཕྲན་བུ་མི་འདྲ་བ་བྱུང་བ་ནི། དབུ་ཅན་དབུ་མེད་དུ་བསྒྱུར་བ་དང་འདྲ་བར་གསུངས་པས་ཤེས། ཕྱིས་སུ་ཡི་གེའི་རིགས་དང་སྒྲ་དང་སྙན་ངག་གི་རིག་གནས་ལ་མཁས་པ་རིམ་པར་བྱུང་སྟེ་བརྒྱུད་པ་ལས་དྲུང་ཡིག་རྟ་མགྲིན་དབང་རྒྱལ་དང་བུམ་ཐང་ཆོས་རྗེ་ངག་དབང་བསོད་ནམས། སྡེ་སྲིད་དགུ་པ་སྡེ་པ་དགེ་བཤེར་གྲགས་པ་ངག་དབང་རྒྱ་མཚོའི་སྐབས་སྤུངས་ཐང་གྲྭ་ ཚང་ནང་སྒྲ་པའི་གྲྭ་ཚང་བཙུགས། སྒྲ་པའི་སློབ་དཔོན་དུ་བུམ་ཐང་ཆོས་རྗེ་ངག་དབང་བསོད་ནམས་བསྐོས་པ་ལས་ཡིག་རིགས་ གཙོ་བོར་བཏོན་ཞིང་། སྒྲ་དང་རྩིས་ཀྱི་རིག་པ་སོགས་དར་རྒྱས་ཆེ་རུ་སོང་། བུམ་ཐང་ཆོས་རྗེའི་སློབ་མ་འབྲུག་པ་ལོ་ཙཱ་བ་ངག་དབང་དཔལ་བཟང་ཟེར་བ་རིག་པའི་ གནས་ལ་ཤིན་ཏུ་མཁས་པའི་མཆོག་ཏུ་གྱུར་པ་དེ་དང་། རྗེ་མཁན་པོ་ཁྲི་རབས་༡༢་པ་ཀུན་དགའ་རྒྱ་མཚོ་ཞུ་བ་དེ་ཡང་གཞུང་ལུགས་རིག་པའི་ གནས་མ་ལུས་པ་ཇི་བཞིན་མཁྱེན་པའི་མཐར་སོན་པ་དེས་ཀྱང་སྤུངས་ཐང་གྲྭ་ཚང་གི་སྒྲ་ པའི་སློབ་དཔོན་མཛད་པ་ནས་བཟུང་སྒྲ་པའི་སློབ་དཔོན་རིམ་པར་བྱོན་ཏེ་སློབ་སྤེལ་ མཛད་པ་ལས། སྤུངས་ཐང་སྒྲ་པའི་གྲྭ་ཚང་དེ་ཉིད་འབྲུག་གི་ཡི་གེ་སོགས་རིག་གནས་ཀྱི་འབྱུང་ ཁུངས་དམ་པར་མཛད་པ་ནས་ད་ལྟའི་བར་ཡང་། རང་རེའི་འབྲུག་པའི་ཡི་གེ་དང་ རིག་གནས་ཀྱི་འབྱུང་ཁུངས་སུ་ ཆ་འཇོག་བྱེད་པ་ཡིན་ཅིང་།   
འབྲུག་ཤར་ཕྱོགས་བུམ་ཐང་དང་ཀྲོང་གསར་དུ་ འབྲུག་རྒྱལ་པོ་གོང་མ་རིམ་པས་གཏན་བཞུགས་མཛད་སྟབས་ བླ་མ་དང་དགེ་བཤེས་མཁས་པ་ཕལ་ཆེར་བུམ་ཐང་དུ་བྱོན་ནས་བཤད་སྒྲུབ་ཀྱི་བསྟན་པ་བཙུགས་ཏེ་ ཆོས་ཀྱི་འཆད་ཉན་རྒྱ་ཆེར་མཛད་པའི་བཀའ་དྲིན་ལས་ གཞུང་ལུགས་རིག་གནས་ཀྱི་བསྟན་པ་ཤར་ཕྱོགས་སུ་རྒྱས་པར་གྱུར། དེ་ལས་ཀྱང་ཡི་གེའི་འདུ་བྱེད་དང་། གཞན་ཡང་ལག་རྩལ་གྱི་རིགས་ གང་ལ་ཡང་བཀྲ་ཤིས་སྒང་དང་། མོང་སྒར་འཁན་རིགས་རྣམ་གསུམ་གྱི་མི་རྣམས་ ལག་རྩལ་མཁས་པས་འབྲུག་རང་གི་ཡིག་བཟོ་ ལ་མཁས་པ་ཤར་ཕྱོགས་ཀྱི་མི་རྣམས་ཡིན། འབྲུག་རྒྱལ་ཡབ་སྲས་ཀྱི་སྐུ་དུས་ཀྱང་ དྲུང་ཡིག་ཆེ་བ་ཤར་ཕྱོགས་ཀྱི་མི་རིགས་ མཁས་པ་རིམ་བྱོན་གྱིས་མཛད་པ་ཡིན།
ལྷོ་མོན་འབྲུག་གི་ཡུལ་འདི་ རྒྱལ་ཁབ་གཞན་དང་མ་འདྲེས་པའི་ ཁྱད་ཆོས་ཐུན་མོང་མ་ཡིན་པ་ནི། མི་རིགས་དང་། གོས་རྒྱན་གོམས་གཤིས། གཞུང་གི་ཁྲིམས་སྲོལ། སྐད་ཡིག་རྣམས་གཞན་དང་འདྲེས་ལྷད་མེད་པའི་ཆོས་སྲིད་གཉིས་ལྡན་འཛམ་གླིང་ན་རྒྱལ་ ཁབ་གཞན་ལ་ངོམས་སུ་རུང་བའི་ཁྱད་པར་ཅན་རྒྱལ་ཁབ་ རང་གི་རྟགས་མཚན་གཙང་མ་ཞིག་ཡོད་པར་བརྟེན་ འཛམ་གླིང་གོང་བུའི་སྟེང་གི་རྒྱལ་ཁབ་ཀུན་གྱིས་ འབྲུག་ཡུལ་འདི་རྒྱལ་བརྒྱུད་ཀྱིས་སྐྱོང་བའི་རང་དབང་རང་བཙན་གྱི་ རྒྱལ་ཁབ་ཞིག་ཡིན་པར་ངོས་འཛིན་གྱིས་ཆ་འཇོག་བྱ་དགོས་པ་ཡང་དེ་ལྟར་ཡིན།
འབྲུག་རྒྱལ་ཁབ་ནང་གི་སྐད་རིགས་ཀྱི་འབྱུང་ཁུངས།
འབྲུག་རྒྱལ་ཁབ་ནང་ཡོད་པའི་སྐད་རིགས་ཚུ་ག་ར་ སི་ནོ་ཀྲི་བི་ཀྲེན་ (Sino-Tibetan) གྱི་   སྐད་རིགས་ལས་བརྒྱུད་པའི་ ཀྲི་བི་ཀྲོ་བར་མཱན་ (Tibeto-Burman) གྱི་ནང་གསེས་བོ་དྲིག་(Bodic) ལས་ བརྒྱུད་པའི་བོ་དྲིས་ (Bodish) དངདེ་ལས་བརྒྱུད་པའི་ (HIMALAYISH) ལས་ང་བཅས་རའི་འབྲུག་ནང་དང་ཕུག་ལས་ཡོད་པའི་ལྷོ་པ་དང་ཚངས་ལའི་ཁ་ཚུ་བྱུང་སྟེ་ད་ཚུན་བར་ལོ་ངོ་༤༠༠༠ཙམ་དང་ འབྲུག་ཁ་གཞན་ཚུ་བྱུང་སྟེ་ ལོ་ངོ་༢༥༠༠ དེ་ཅིག་སོང་ཡོད་པའི་ཚོད་དཔག་འབདཝ་ཨིནམས།                            དོ་རུང་  https://en.wikipedia.org/wiki/Languages_of_Bhutan ཟེར་མི་ནང་ལུ་བཀོད་ཡོད་པའི་ཁ་སྐད་ཀྱི་བརྒྱུད་ཁྲམ་ནང་ལུ་
Part of the Sino-Tibetan language family, largely following Thurgood and La Polla (2003).[9] Here, the Monpa and Lepcha languages are shown as sister languages to Old Tibetan (all are grouped into the Bodic languages).       ཟེར་ཡང་བཀོད་དེ་འདུག་གོ།
རྫོང་ཁའི་ ཁ་སྐད་ཀྱི་འབྱུང་ཁུངས།
འབྲུག་མི་དང་ ཕྱི་རྒྱལ་གྱི་རྒྱལ་རབས་མཁན་པོ་མང་རབས་ཅིག་གིས་ རྫོང་ཁ་འདི་བོད་སྐད་ལས་བྱུང་བྱུངམ་ཨིན་ཟེར་མི་དང་ སྔ་ལོང་པའི་ཁ་ལས་བྱུང་བྱུངམ་ཨིན་མས་ཟེར་སླབ་སྲོལ་ཡོད།
ག་ཅིམ་ཟེར་བ་ཅིན་ འབྲུག་རྒྱལ་ཁབ་འདི་ དུས་རབས་ ༡༧ པའི་ནང་ འབྲུག་གི་སྐྱབས་མགོན་ཞབས་དྲུང་ ངག་དབང་རྣམ་རྒྱལ་གྱིས་ རྒྱལ་ཁབ་ཡུག་ཅིག་ལུ་མ་བཟོ་ཚུན་ཚོད་ ལུང་ཕྱོགས་ཀྱི་མིང་ ད་རེས་དང་མ་འདྲ་བར་སོ་སོར་ཡོདཔ་ཨིན་མས།
འདི་ཡང་ སྤ་རོ་དང་ ཐིམ་ཕུ་ ཡང་ན་ ཝང་དང་ཐེད་ཚུ་ སྔར་ལས་མིང་དེ་རང་ ཨིན་རུང་ ཤར་དར་བརྒྱད་ཀྱི་ལུང་པའི་མིང་ལུ་ སྔན་ལུང་དང་ མན་ལོག་ཟེར་ཐོནམ་ཨིན་མས།
དེ་ཡང་ ད་རེས་ཧེན་སྐད་སླབ་མི་ཚུ་ལུ་ སྔན་ལོང་དང་ ཤར་ཁ་སླབ་མི་ཚུ་ལུ་ མན་ལོག་ཟེར་སླབ་ཨིན་མས།
ངག་ཐོག་གི་ལོ་རྒྱུས་སླབ་མི་ཚུ་དང་ འཁྲིལ་བ་ཅིན་ མན་ལོག་གི་ཁ་དེ་ ཇོ་བོ་དུར་ཤིང་གི་རི་དེའི་ནུབ་ཁ་ཐུག་ ད་རེས་ཡང་མ་ཡལ་བར་ཡོད་པའི་རུ་ཁ་པའི་ཨོ་ལེ་ཁ་ལས་ བྱུང་བྱུངམ་ཨིན་ཟེར་ཨིན་མས།
དེ་བཞིན་དུ་སྤ་རོ་དང་ ཐིམ་ཕུ་གི་ཁ་དེ་ཡང་ ད་རེས་གདུང་ནག་ཁ་ཐུག་ལུ་ཡོད་པའི་ ལྟག་པ་འགྲམ་སྟེང་པའི་ ལྷོ་པའི་ཁ་དང་ རྒྱ་འབྲུག་ས་མཚམས་ལུ་ཡོད་པའི་ ཀྲོ་ཀྲོ་པའི་ཁ་ཚུ་ལས་བརྟེན་ཏེ་བྱུང་བྱུངམ་ཨིན་ཟེར་སླབ་ཨིན་མས།
དེ་བཞིན་དུ་བུམ་ཐང་དང་་མང་སྡེ་པའི་ཁ་ཚུ་ ཀྲོང་གསར་གྱི་མོན་པ་ཚུ་གི་ཁ་ལས་བྱུང་བྱུངམ་དང་ ཁེངས་ཀྱི་ཁ་ཚུ་ དགུང་དུག་པའི་ཁ་ལས་ཚུར་བྱུང་བྱུངམ་འབད་སླབ་ཨིན་མས།
རྫོང་ཁའི་བརྡ་གཞུང་གསརཔ།( ༢༠༡༣) ལས
སྔ་ལོང་ཁ། ཁ་སྐད་འདི་ ནུབ་ཕྱོགས་རྫོང་ཁག་བརྒྱད་ཀྱི་ནང་ལུ་ སླབ་སྲོལ་ཡོད་པའི་གཡུས་སྐད་ཨིན།
ཧེན་ཁ། ཁ་སྐད ་འདི་ལུ་ སྔན་ཁ་ཟེར་ཡང་སླབཔ་ཨིན། ཁ་སྐད་འདི་སླབ་མི་ དབང་འདུས་རྫོང་ཁག་དང་ ཀྲོང་གསར་རྫོང་ཁག་གཉིས་ནང་ཡོད།
སྲས་ཕུག་པའི་ཚངས་སྐད། ཁ་སྐད་འདི་ལུ་ ལ་ཁ་པའི་ཁ་ཟེར་ཡང་སླབ་ཨིན། ཁ་སྐད་འདི་སླབ་མི་ དབང་འདུས་རྫོང་ཁག་ནང་ལུ་ཡོད།
མོན་ཁ། ཁ་སྐད་འདི་ལུ་ རུ་ཁ་པའི་ཁ་དང་ ཨོ་ལེ་པའི་ཁ་ཟེར་ཡང་སླབ་ཨིན། ཁ་སྐད་འདི་སླབ་མི་ དབང་འདུས་རྫོང་ཁག ཀྲོང་གསར་རྫོང་ཁག གཞལ་སྒང་རྫོང་ཁག་ཚུ་ནང་ལུ་ཡོད།
མང་སྡེ་པའི་ཁ། ཁ་སྐད་འདི་སླབ་མི་ ཀྲོང་གསར་རྫོང་ཁག་ནང་ལུ་ཡོད།
ཁེངས་ཁ། ཁ་སྐད་འདི་སླབ་མི་ གཞལ་སྒང་རྫོང་ཁག མོང་སྒར་རྫོང་ཁག ཀྲོང་གསར་རྫོང་ཁག་ བཀྲིས་སྒང་རྫོང་ཁག བཀྲིས་གཡང་རྩེ་རྫོང་ཁག དར་དཀར་ནང་རྫོང་ཁག གསར་སྤང་ རྫོང་ཁག་ཚུ་ནང་ཡོད།
བུམ་ཐང་པའི་ཁ། ཁ་སྐད་འདི་སླབ་མི་ བུམ་ཐང་རྫོང་ཁག་དང་ཀྲོང་གསར་རྫོང་ཁག མོང་སྒར་རྫོང་ཁག་ཚུ་ནང་ཡོད།
ཀུར་སྟོད་ཁ། འདི་ལུ་ཞག་སྐད་ཟེར་ཡང་སླབ་ཨིན། ཁ་སྐད་འདི་སླབ་མི་ལྷུན་རྩེ་རྫོང་ཁག་ནང་ཡོད། ཀུར་སྨད་ཁ། འདི་ལུ་རྩ་མང་པའི་ཁ། ཀུར་སྟོད་པའི་ཁ། ཁྱོད་ཅག་ང་ཅག་ཁ་ཟེར་ཡང་ སླབ་ཨིན། ཁ་སྐད་སླབ་མི་འདི་ ལྷུན་རྩེ་རྫོང་ཁག མོང་སྒར་རྫོང་ཁག བཀྲིས་གཡང་རྩེ་རྫོང་ཁག བཀྲིས་སྒང་རྫོང་ཁག་ཚུ་ནང་ཡོད།
ཕྱ་གླིང་པའི་ཁ། ཁ་སྐད་འདི་སླབ་མི་ མོང་སྒར་རྫོང་ཁག་ནང་ལུ་ཡོད།
ཚངས་ལ་ལོ། འདི་ལུ་ ཤར་ཕྱོགས་པའི་ཁ་ཟེར་ཡང་སླབ་ཨིན། ཁ་སྐད་འདི་སླབ་མི་བཀྲིས་སྒང་རྫོང་ཁག མོང་སྒར་རྫོང་ཁག པདྨ་དགའ་ཚལ་རྫོང་ཁག བཀྲིས་གཡང་རྩེ་རྫོང་ཁག ལྷུན་རྩེ་རྫོང་ཁག བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཚུ་ནང་ཡོད།
ལ་ཡག་གླིང་བཞི་པའི་ཁ། ཁ་སྐད་འདི་སླབ་མི་ ཐིམ་ཕུག་རྫོང་ཁག་དང་ མགར་ས་རྫོང་ཁག་ནང་ཡོད།
བུམ་ཐང་དུར་པའི་ཁ།    ཁ་སྐད་འདི་ལུ་འབྲོག་སྐད་ཟེར་ཡང་སླབ་ཨིན། ཁ་སྐད་འདི་སླབ་མི་བུམ་ཐང་རྫོང་ཁག་ནང་ཡོད།
ཛ་ལ་ཁ།  ཁ་སྐད་འདི་སླབ་མི་ བཀྲིས་གཡང་རྩེ་དང་ ལྷུན་རྩེ་རྫོང་ཁག་ནང་ཡོད།
མེ་རག་སག་སྟེང་ཁ། ཁ་སྐད་འདི་ལུ་འབྲོག་ཁ་ཟེར་ཡང་སླབ་ཨིན། ཁ་སྐད་འདི་སླབ་མི་ བཀྲིས་སྒང་ རྫོང་ཁག་ནང་ལུ་ཡོད།
དྭགས་པའི་ཁ། ཁ་སྐད་འདི་ལུ་ སྦྲ་མི་ལོ་ཟེར་ཡང་སླབ་ཨིན། ཁ་སྐད་འདི་སླབ་མི་ བཀྲིས་གཡང་རྩེ་རྫོང་ཁག་དང་ བཀྲིས་སྒང་ལུ་ཡོད།
ལྷོ་པའི་ཁ།   ཁ་སྐད་འདི་ལུ་ ལྟག་པ་འགྲམ་སྡིང་པའི་ཁ་དང་ གྲོ་ཡ་པའི་ཁ་ཟེར་ཡང་སླབ་ཨིན། ཁ་སྐད་འདི་སླབ་མི་ བསམ་རྩེ་རྫོང་ཁག་དང་ ཆུ་ཁ་རྫོང་ཁག་ནང་ལུ་ཡོད།
དགོངས་འདུས་པའི་ཁ། ཁ་སྐད་འདི་སླབ་མི་མོང་སྒར་རྫོང་ཁག་ནང་ལུ་ ཡོད།
མི་རིགས་གསརཔ་ལྷོདཔ་ལས།
ལྷོ་མཚམས་པའི་ཁ། ཁ་སྐད་འདི་ ཤེར་པ། རྟ་མང་། ལེབ་ཅ། ལིམ་བུ། རཱའི་གི་ཁ་ཚུ་གི་སྤྱི་མིང ་ཨིན། ཁ་སྐད་འདི་སླབ་མི་ བསམ་རྩེ་རྫོང་ཁག ཆུ་ཁ་རྫོང་ཁག གསར་སྤང་རྫོང་ཁག དར་དཀར་ནང་རྫོང་ཁག རྩི་རང་རྫོང་ཁག བསམ་གྲུབ་ལྗོངས་མཁར་རྫོང་ཁག་ཚུ་ནང་ཡོད།
བོད་ཁ།      ཁ་སྐད་འདི་སླབ་མི་ བོད་པའི་གཞིས་ཆགས་ཚུ་ནང་ཡོད།
ཁ་དེ་ཚུ་ ༢༥༠༠ ཡི་གོང་ལུ་ སངས་རྒྱས་བཅོམ་ལྡན་འདས་བྱོན་པའི་བསྒང་ སྐད་རིགས་ཆེན་པོ་བཞི་ལས་ པྲ་ཀྲི་ཏ་རང་བཞིན་ཕལ་པའི་སྐད་ཀྱི་ཁོངས་སུ་བསྡུ་བའི་ཁའི་རིགས་ཅིག་ཨིན་ཟེར་་སླབ་སྲོལ་ཡོད་རུང་ ལ་ལུ་གིས་ དེ་སྦེ་མིན་པར་ པི་ཤ་ཙེ་ཤ་ཟ་འདྲེའི་སྐད་ཀྱི་ ཁོངས་གཏོགས་ཨིན་ཟེར་སླབ་མི་ཡང་ཡོད།
ག་དེ་སྦེ་ཨིན་རུང་ ད་ལྟོ་ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་རྫོང་ཁ་འདི་ ག་ཨིནམ་སླབ་སྲོལ་དར་འགོ་བཙུགས་ཏེ་ ལོ་ངོ་ ༡༥༠༠ ཙམ་སོང་ཡོད་པར་ཆ་འཇོག་འབད་བཏུབ་ཡོདཔ་ལས་ རྫོང་ཁ་འདི་འབྲུག་རྒྱལ་ཁབ་ནང་གི་དང་ཕུག་གི་ ཁ་རྙིངམ་ ལྷོ་པ་དང་མོན་པའི་ཁ་ལས་ རིམ་པ་བཞིན་དུ་ ཤར་ཝང་སྤར་གསུམ་གྱི་ཁ་འབད་བྱུང་བྱུངམ་ཨིན་ཟེར་བཤདཔ་ཨིན་པས།


འབྲུག་རྒྱལ་ཁབ་ནང་ལུ་ ཆོས་སྲིད་གཉིས་ཀྱི་སྲོལ་   འགོ་མ་བཙུགས་པའི་ཧེ་མར་ ནུབ་ཕྱོགས་རྫོང་ཁགབརྒྱད་ཀྱི་ནང་ལུ་སླབ་མི་ ཁ་འདི་ལུ་ སྔ་ལོང་ཁ་ཟེར་སླབ་ཨིན་པས།
རྫོང་ཁ་འདི་སྤྱི་ལོ་ ༡༦༡༦ གི་ལོ་ལུ་ དཔལ་འབྲུག་པ་རིན་པོ་ཆེ་ ཞབས་དྲུང་ངག་རྣམ་རྒྱལ་ འབྲུག་ལུ་བྱོན ་ཏེ་ ཆོས་སྲིད་གཉིས་ཀྱི་སྲོལ་འགོ་བཙུགས་གནང་ཞིནམ་ལས་ རྫོང་གཞིས་ཁག་ལུ་ ཆོས་སྲིད་གཉིས་ཀྱི་ཕྱག་ལཱ་གནང་བའི་སྐབས་ སྔ་ལོང་གི་ཁ་འདི་ ལག་ལེན་འཐབ་སྟེ་  རྫོང་གཞིས་ཁག་ལུ་ སླབ་ནི་འདི་གིས་ རྫོང་ཁ་ཟེར་ དར་ནུག
འབྲུག་རྒྱལ་ཁབ་འདི་ སྤྱི་ལོ་ ༡༩༧༡ གི་ལོ་ལུ་ འཛམ་གླིང་སྤྱི་ཚོགས་གྲངས་སུ་ འཐུས་མི་འབད་ འཛུལ་ཞིནམ་ལས་ རྒྱལ་ཁབ་རེ་ལུ་ རང་གི་ཁ་དང་ གྱོན་ཆས་ཀྱི་ངོ་རྟགས་རེ་དགོཔ་ལས་བརྟེན་ རྫོང་ཁ་འདི་ རྒྱལ་ཡོངས་ཀྱི་ཁ་སྐད་ལུ་ གྱུར་ནུག
འབྲུག་རྒྱལ་ཁབ་ནང་ལུ་ ཆོས་སྲིད་གཉིས་ཀྱི་ ཕྱག་ལཱ་གནང་བའི་སྐབས་ གཞུང་འབྲེལ་གྱི་ཁ་སྐད་འབད་ ལག་ལེན་འཐབ་ནི་ འདི་གིས་ གཞུང་ཁ་ ཟེར་ཡང་སླབ་ཨིན་ནོ།
སྐད་ཡིག་ལུ་བརྟེན་མི་སྡེའི་མཐུན་འབྲེལ།
 མཐུན་སྒྲིལ་ལམ་མཐུན་འབྲེལ་ ཟེར་མི་འདི་ར་སྟོབས་ཤུགས་ཅིག་ཨིན། དེ་འབདཝ་ལས་མཐུན་འབྲེལ་ལུ་ཡང་ཚང་དགོས་པའི་ཆ་རྐྱེན་ དང་པ་ སྐད་ཡིག་འདི་ཨིནམ་ལས་ མི་སྡེ་གཅིག་གྱུར་ལུ་གཞི་རྩའི་ཆ་རྐྱེན་དྲག་ཤོས་ཅིག་ཨིན། དེ་འབད་ཨིན་དགོ་མི་འདི་ཡང་ སྐད་ཡིག་འདི་ཡི་ཐོག་ལས་མིའི་བསམ་སྤྱོད་བཅོས་ཚུགས་པའི་ རི་གཞུང་ཚུ་འབྱུང་དོ་ཡོདཔ་ལས་ རིག་གཞུང་འདིའི་ཐོག་ལས་ རྒྱལ་ཁབ་ཀྱི་ཆབ་སྲིད་དང་མི་སྡེའི་མཐུན་འབྲེལ་ཚུ་རིམ་པར སྤེལ་ཚུགས་པའི་ནུས་པ་ཚུ་འབྱུངམ་ཨིན་ ཨིན་རུང་ སྐད་ཡིག་ཟེརཝ་ད་ རང་གི་རྒྱལ་ཁབ་ནང་གི་སྐད་དང་ཡི་གུ་ རང་གིས་ལེགས་ཤོམ་འབད་ཧ་གོ་ཚུགས་མི་ཨིན་པ་ཅིན་ ལྷག་པར་དུ་གཅིག་གྱུར་དང་མཐུན་འབྲེལ་འགྱུར་ཏེ་ རྒྱལ་ཁབ་ཀྱི་དཔལ་འབྱོར་གོལ་འཕེལ་ཚུ་ལེགས་ཤོམ་ འབད་ཡར་རྒྱས་འགྱོ་ནི་ཨིན། དེ་ཡང་ www.thumi.net/index.php/en/2011 མགོན་པོ་བསོད་ནམས།(མི་རིགས་ཀྱི་ངོ་བོ་མི་རིགས་གང་དེའི་སྐད་ཡིག་ཡིན་ཚུལ་ལས་ཉུང་ངུར་གླེང་བ།) “ ཟེར་མི་ནང་ ཆོས་ དང་ཆབ་སྲིད་ཀྱི་སོགས་ཀྱི་ལངས་ཕྱོགས་གཅིག་པས་སྐབས་དོན་དང་། གནས་བབས་ངེས་ཅན་ཞིག་གི་ཁྲོད་དུ་ཆིག་སྒྲིལ་བྱེད་རྒྱུར་ཤུགས་རྐྱེན་ཐེབས་སྲིད་ ཀྱང་དེ་ནི་རྒྱུ་རྐྱེན་གཞན་ཞིག་གི་དབང་ཤུགས་འོག་གནས་ཤིང་ལྟོས་དགོས་པ་ཞིག་ རེད། སྐད་ཡིག་དང་དེས་བསྡུས་པའི་ཐུན་མིན་གྱི་རིག་གནས་གཅིག་གྱུར་གྱིས་སྐྲུན་པའི་ མཐུན་སྒྲིལ་ནི་གཞི་རྩའི་མཐུན་སྒྲིལ་ཉིད་དུ་འཁུམས་སོ།

དེས་ན་ སྐད་ཡིག་གཅིག་གི་གདུགས་འོག་ཏུ་གནས་རྒྱུ་དེ་མི་རིགས་དེའི་རྣོ་ལྕགས་ལྟ་བུའི་ ཐུན་མོང་གི་སྟོབས་ཤུགས་རེད་ལ་གོང་བུ་གཅིག་ཏུ་སྒྲིལ་བྱེད་ཀྱི་སྤྱི་འཆིང་ དངོས་གནས་དེ་རེད། དེང་སྐབས་བོད་པ་ནང་ཁུལ་དུ་སྐད་ཡིག་གཞན་དག་ཅིག་གིས་བརྡ་སྤྲོད་རེས་བྱེད་དགོས་ པའི་གནས་ཚུལ་དེ་གང་ས་གང་དུ་ཐོན་མུས་རེད། དེ་ནི་བོད་མི་རིགས་ཀྱི་ཆེས་ཉེན་ཚབས་ཆེ་བའི་གནད་དོན་ཉག་གཅིག་རེད་ལ་རང་རེའི་ མིག་སྔར་ལྷགས་པའི་འགག་སྒོ་དང་པོ་དེ་རེད་དོ།།’’                                                              སྐད་ཡིགགི་དཔལ་འབྱོར་གོང་འཕེལ་ལུ་ཕན་གནོད་།
སྐད་ཡིག་འདི་རིག་གསར་གྱི་འཕྲུལ་ག་བ་ཡང་རྔམ་ཤོས་ཅིག་ཨིན་ལས་ བསམ་པའི་དོན་ཚུ་ ནོར་འཁྲུལ་མེད་པར་ ངག་ལམ་དང་ཡིག་ལམ་བརྒྱུད་དེ་ ལོ་ངོ་ས་ཡ་ལས་ས་ཡ་གི་བར་ན་ གཞན་ལུ་བརྡ་སྤྲོད་ཡོདཔ་མ་ཚད་ད་ལས་ཕར་ར་འབད་རུང་ བརྡ་དོན་སྤྲོད་ལན་འབད་ཐོག་ལས་ དུས་ཚོད་དང་བསྟུན་ཏེ་ མིའི་བསམ་པའི་རེ་འདོད་དང་བསྟུན་ ཕྱི་ནང་གསང་གསུམ་གྱི་ དཔལ་དང་འབྱོར་པ་ཚུ་ གོང་འཕེལ་བཏང་ཚུགས་པའི་ཕན་པ་དང་ སྔ་རབས་ལས་ཡོད་པའི་ཆོས་དང་ལམ་སྲོལ་ཚུ་ཡང་ མར་ཉམས་མ་བཅུག་པར་ རྒྱུན་སྐྱོངས་ཡང་འབད་ཚུགསཔ་ཨིན་ནོ།               འདི་བཟུམ་མའི་ཕན་པ་ཡོད་དེ་འབད་རུང་ འདི་དང་གཅིང་ཁར་ དོ་རུང་ཕན་པ་ལས་བརྟེན་ གནོད་པ་ཚུ་ཡངའབྱུང་ནི་ནི་ ག་དེ་སྦེ་ཟེར་བ་ཅིན་ རྒྱལ་ཁབ་ཆེ་ཆུང་ག་ར་ཨིན་རུང་ ཡར་རྒྱས་དང་གོང་འཕེལ་ཚུ་ གཅིག་གིས་གཅིག་ལུ་རོགས་རམ་འབད་ཐོག་ལས ་འབྱུང་དགོཔ་ཨིནམ་ལས་ སྐད་་ཡིག་མ་ཤེས་པའི་གནོད་པ་པ་ལས་ ཕྱི་རྒྱལ་གྱི་མི་རིགས་ལྟ་བཤལ་པ་ཚུ་ ནཱ་འབྲུག་ལུ་མ་འོངམ་འདྲཝ་ཅིག་འབད་བ་ཅིན་ རྒྱལ་ཁབ་ཀྱི་འོངས་འབབ་དང་ཚོང་འབྲེལ་གྱི་ལཱ་ དེ་ལས་རྒྱལ་ཁབ་ཚུ་གི་བར་ནང་མཐུན་འབྲེལ་གྱི་ལཱ་ཚུ་ལུ་ཡང་ གནོད་པ་རྒྱ་ཆེ་དྲག་འབད་ཡོད།
འདི་བཟུམ་འབད་ར་སྐད་ཡིག་འདི་གི་སེམས་ཁམས་ལུ་ མའི་མངལ་ནང་ལས་ རིམ་པར་འབད་ཕྱི་ཁར་མ་མཐོན་ཚུན་ སྐད་ཡིག་འདི་གིས་སེམས་ཀྱི་རྣམ་པར་ཤེས་པ་ལུ་བརྡ་དོན་སྤྲོད་ལེན་འབད་ནི་གི་བག་ཆགས་དང་ ནུས་སྟོབས་བྱིན་དོ་ཡོདཔ་མ་ཚད་ ཕྱི་ཁར་མཐོན་ཚར་བཞིནམ་ལས་ ལོ་ཡི་རིམ་པ་དང་འཁྲིལ་སྒྲ་སྐད་དང་སྔུ་སྐད་ཚུ་གིས་བརྡ་དོན་སྤྲོད་ལེན་འབད་དེ་ ཡིད་ལུ་འདོད་པའི་རེ་འདོད་ཚུ་སྒྲུབ་ཚུགས་དོ་ཡོདཔ་དང་ དེ་དང་གཅིག་ཁར་ སེམས་ཁམས་ཀྱི་རིག་པ་ཚུ་ཡང་རྒྱ་ཆེཝ་ལུ་འགྱུར་སྟེ་ མི་ཚེ་གང་གི་འཚོ་ཐབས་དང་ མཐར་ཐུག་སངས་རྒྱས་ཀྱི་གོ་འཕང་ཐོབ་ཚུགས་པའི་ ནུས་པ་ཅན་གྱི་རིག་སྟོབས་ཚུ་ཡང་སྐད་ཡིག་འདི་ལས་འབྱུང་སྟེ་ ཚེ་གཉིས་ཀ་ལུ་ཕན་ན་ཕན་བཞིན་པ་ཡོདཔ་ཨིན་ནོ།                                                        


     དེ་ཚུ་ག་དེ་འབད་ཨིན་རུང་གཙོ་བོ་རང་ སེམས་ཁར་བཞག་དགོཔ་འདི་                                            རང་གི་སྐད་དང་ཡི་གེ་མི་གཉེར་ན།། དེ་ལས་རང་རིགས་མཐོང་ཆུང་ཁྱད་གསོད་ཅི།།                                           རིགས་ཀྱི་གཅེས་ནོར་སྐད་ཡིག་སྣོད་མཆོག་ཏུ།། རིག་གནས་གང་ཞིག་སྡུད་ཅིང་སྤེལ་བ་རྨད།།                                      རང་གི་སྐད་ཡིག་ཚབ་ཏུ་གཞན་སྐད་ཀྱིས།། རང་དགར་ཚིམས་འདིས་མགོ་རུལ་སྣས་མ་ཚོར།།                                      རང་རིགས་རྒུད་པའི་སྨག་ལས་སྐྱོབ་བྱེད་འོད།། རང་བྱུང་འཕགས་ནོར་སྐད་ཡིག་ཉིད་ལས་འཚེར།།                                       བོད་པ་བོད་ཀྱི་སྐད་དང་ཡི་གེར་རྨོངས།། བོད་པས་འབྱུང་འགྱུར་བོད་ཀྱི་རྒྱུ་མི་སྒྲུབ།།                                                 བོད་པས་རང་བཀུར་རིན་ཐང་འདོར་བ་འདིས།། བོད་པ་འགྲེམ་སྟོན་ཁང་དུ་པོ་ཏིར་བསྒྱུར།།                                                              རེས་འགས་བོད་པ་ཉམས་བླ་བོད་བརྒྱུད་ཀྱི།། ནང་བསྟན་དེ་ལྟ་མིན་ཞེས་འུད་ན་ཡང་།།                                            རྒྱལ་བསྟན་སྣོད་གྱུར་བོད་ཡིག་དེ་འཛིན་རིགས།། ཕན་ཚུན་རྟེན་འབྱུང་ཚུལ་འདི་མ་གཟིགས་ཕངས།།                                     ཡང་  ཀུན་དང་མཐུན་པ་རྩ་བ་ཡིན་མོད་ཀྱང་།། མཐོང་ཚད་ལད་མོ་བྱས་ན་ཀླད་མེད་ཡིན།
     སྐད་རིགས་སྣ་ཚོགས་ཤེས་ན་བཟང་མོད་ཀྱང་།  རང་གི་ཕ་སྐད་བརྗེད་ན་ངོ་ཚ་ཡིན།
http://www.thumi.net/index.php/en/2011      ནང་ལུ་ཡོན་ཏན་རྒྱ་མཚོ། གིས་བཤད་དོ་བཟུམ་ཨིན་ནོ།།







མཇུག་བྱང་
སྐད་ཡིག་གི་ ལས་འགུལ་བྲིས་ནི་དེ་གིས་ སློབ་སྦྱོང་པ་རང་ལུ་  ལས་འགུལ་དེ་བྲིས་བའི་སྐབས་ལུ་
ཞིབ་འཚོལ་འབད་དེ་བྲིས་དགོཔ་ལས་ དཔེ་དེབ་མང་རབས་ཅིག་ ལྷག་ནི་གི་གོ་སྐབས་ཐོབ་ཡོདཔ་མ་ཚད་ གློག་རིག་ནང་ལས་ ཕྱི་ནང་གཉིས་ཀྱི་མཁས་པ་ཚུ་གི་བྲིས་ཡོད་པའི་ གནས་དེབ་ཚུ་ ལྷག་ནི་གི་གོ་སྐབས་ཐོབ་ཡོདཔ་ལས་ རང་ལུ་ཧེ་མ་ལས་ལྷག་པའི་རིག་པ་དང་ ཤེས་ཡོན་རྒྱ་བསྐྱེད་ཡང་སྦོམ་སྦེ་རང་འབད་ཚུགས་ཅི།   
བློ་དམན་རང་གི་རྒྱུད་ལུ་ ལས་འགུལ་འབྲི་ནི་གི་ རིག་པ་དང་ཐབས་ཤེས་ ཤེས་ཡོན་རྒྱ་བསྐྱེད་འབད་ཚུགས་མི་དེ་ཡང་ གཙོ་བོ་སློབ་དཔོན་མཆོག་གིས་ དེ་བཟུམ་མའི་མཁོ་འདོད་ཅན་གྱི་དོན་ཚན་ཚུ་འཚོལ་ཏེ་ ལས་འགུལ་བྲིས་ནི་གི་གོ་སྐབས་གནང་བའི་ རྒྱུ་མཚན་ལུ་བརྟེན་ཏེ་ཨིན་ཟེར་ཞུ་ནི་དང་ རང་ལུ་དེ་བཟུམ་མའི་ཡོན་ཏན་གསརཔ་སྦྱང་ནི་དང་ ཤེས་ཚད་ཡར་རྒྱས་བཏང་ནི་གི་གོ་སྐབས་བཟང་པོ་ཐོབ་མི་དེ་ཡང་ བཀའ་དྲིན་ཅན་གྱི་སློབ་དཔོན་ཚུ་གི་རྒྱབ་བསྐྱོར་དང་ གྲོགས་རམ་ཁོ་ན་ལུ་བརྟེན་ཏེ་ཐོབ་ཨིན་ཟེར་བའི་ བཀྲིན་དགའ་འཚོར་ཞུ་ནི་དང་འབྲེལ་ མི་རང་གི་རྒྱུད་ལུ་ཐོས་སྟོབས་དང་སྔོན་སྦྱང་གི་ཡོན་ཏན་གྱི་མཐུ་ཆུངམ་ལས་བརྟེན་ རང་གིས་བྲིས་མི་གི་ལས་འགུལ་འདི་ནང་ནོར་འཁྲུལ་རེ་ ཞུགས་ཏེ་ཡོད་མི་དེ་ལུ་ སློབ་མཆོག་གི་ཐུགས་ལུ་དགོངས་ཁྲེལ་མེད་པར་བཟོད་གསོལ་བཞེསཏེ་ ལེགས་བཅོས་དང་ཞུན་དག་མཛད་དེ་བཀྲིན་བསྐྱངས་གནང་ཞུ།






རྒྱབ་རྟེན་དཔེ་དེབ་ཀྱི་ཐོ།
རྩ་གཞུང་དང་ཁྱད་རིག་རྒྱབ་སྐྱོར་སྡེ་ཚན།(༢༠༡༠)སྐད་ཡིག་དང་ཡི་གུའི་སྦྱོར་བ།  འབྲུག་རྒྱལ་ཁབ། རྩ་གཞུང་དང་ཁྱད་རིག་རྒྱབ་སྐྱོར་སྡེ་ཚན།
རྫོང་ཁ་གོང་འཕེལ་ལྷན་ཚོགས།(༢༠༡༣)རྫོང་ཁའི་བརྡ་གཞུང་སྣང་བའི་མེ་ཞེས་བྱ་བ་བཞུགས་སོ།  ཐིམ་ཕུག སྤུན་གཉིས་པར་སྐྲུན་ཁང་།
http://africa.peacelink.org/wajibu/articles/art_4485.html LANGUAGE AND CULTURE – A PERSPECTIVE
Yule (2010), Chapter 1 The origins of language (pp. 1-9) Fromkin, Rodman & Hyams (2011): In the Beginning: The Origins of Language    (pp. 308-315) The Development of Language in the Species (pp. 26-28)
Easterbrooks, S, R., and Baker, S (2002) Language Learning in Children Who Are Deaf and Hard of Hearing. America United States of America
http://www.tllg.unisa.edu.au/lib_guide/gllt_ch2.pdf Language, Culture and Learning