Tuesday, September 10, 2019

སློབ་རིམ་བཅུ་པ་ལུ་ ལས་འགུལ་ སྤྲོད་ཐངས།



རེས་གཟའ་ཟླ་བའི་ངལ་གསོ་ཅིག་ནང་ སློབ་རིམ་བཅུ་པའི་ སློབ་ཕྲུག་ཚུ་གིས་ ཉིན་གཅིག་གི་གནས་བསྐོར་འགྱོ་བའི་སྐོར་ལས་འབྲི་ནི། གནས་བསྐོར་འདི་ཡང་ སློབ་ཕྲུག་ཚུ་སྡེ་ཚན་བཞི་ལུ་བགོ་སྟེ་ སྤ་རོ་གི་གནས་རྩ་ཅན་ སྟག་ཚང་། བྲག་དཀར་པོ། རྫོག་བྲག སྤང་པའི་ས་གུ་རུའི་གནས་ཚུ་ནང་འགྱོ་ནི། གནས་ཚུ་མཇལ་བ་འགྱོ་ནིའི་དོན་ལུ་ སློབ་གྲྭ་གི་འགྲུལ་འཁོར་ནང་མེན་པར་ རང་སོའི་སྡེ་ཚན་ནང་འབད་ གླ་འཁོར་ཚུ་གླ་ཁར་ལེན་ཏེ་འགྱོ་ནི། གནས་བསྐོར་འདི་སྤྲོ་བ་ཆེ་ཏོག་ཏོ་དང་ གྲུབ་འབྲས་ཅན་ག་དེ་འབད་བཟོ་ནི་ཨིན་ན་ འཆར་གཞི་ཚུ་སྡེ་ཚན་ནང་ལུ་ གྲོས་བསྟུན་གྱི་ཐོག་ལས་བཟོ་ནི།          
སྡེ་ཚན་ཚུ་རང་སོའི་གདམ་འཐུ་འབད་མི་གནས་ཚུ་ནང་འགྱོ་ནི། གནས་བསྐོར་ནང་དགོ་པའི་མཁོ་ཆས་དང་མི་ངོམ་སོ་སོའི་འགན་ཁུར་ཚུ་ བགོ་བཀྲམ་འབད་དེ་སྒྲ་སྒྲིག་འབད་ནི། གནས་བསྐོར་ལས་ལོག་ཞིནམ་ལ་ས་ རང་སོའི་གནས་ཀྱི་སྐོར་ལས་ སྡེ་ཚན་རེ་རེ་བཞིན་དུ་འབད་ སློབ་ཁང་ནང་ཆ་རོགས་ཚུ་ལུ་ གློག་རིག་གཤུད་བརྙན་གྱི་ཐོག་ལས་ གནས་བཤད་སྤྱན་ཞུ་འབད་ནི།
བྱ་སྒོའི་དབྱེ་ཞིབ་ཀྱི་ བྱ་རིམ།
དང་པ་ གནས་བསྐོར་མ་འགྱོ་བའི་ཧེ་མ་ སློབ་ཕྲུག་ཚུ་སྡེ་ཚན་ཁག་བཞི་ནང་བགོ་ཞིནམ་ལས་ མོས་མཐུན་གྱི་ཐོག་ལས་སྡེ་ཚན་འགོ་ཁྲིདཔ་རེ་གདམ་འཐུ་འབད་དགོ  སྡེ་ཚན་འགོ་འཁྲིདཔ་ཀྱི་འགོ་འདྲེན་ཐོག་ལས་སྡེ་ཚན་ནང་གྲོས་བསྟུན་འབད་དེ་ འགྲོ་འགྲུལ་འབད་ཐངས་ཚུ་ཁ་གསལ་འབད་བཀོད་དགོ།
གཉིས་པ་ སློབ་གྲྭའི་བདག་སྐྱོང་ལས་ ཡིག་ཐོག་གི་གནང་བ་ལེན་ནི། དུས་ཚོད་ག་དེམ་ཅིག་ལུ་འགྱོ་ནི་ཨིན་ན་ གཏན་འཁེལ་བཟོ་ནི། གནས་བསྐོར་འགྱོ་བའི་སྐབས་ལུ་ བཟའ་འཐུང་གི་དོན་ལུ་ མ་དངུལ་གྱི་སྔོན་རྩིས་བཏོན་ཏེ་ བསྡུ་ལེན་འབད་ནི།               གསུམ་པ་ གནས་བཤད་ཚུ་ ཚད་དང་ལྡནམ་འབད་ཐོབ་ཚུགས་ནིའི་དོན་ལུ་ འོ་འབབ་ཡོད་པའི་དྲི་བ་ཚུ་ཐོ་བཀོད་འབད་དེ་འབག་དགོ། དེ་དང་གཅིག་ཁར་ དྲི་བའི་ལན་ཚུ་ཐོབ་ནིའི་དོན་ལུ་ མི་ངོམ་ག་དང་གཅིག་ཁར་ འབྲེལ་བ་འཐབ་ནི་ཨིན་ན་ཡང་ གཏན་འཁེལ་བཟོ་དགོ

དེ་ལས་དྲི་བ་ཚུ་སྡེ་ཚན་ནང་བགོ་བཤའ་རྐྱབ་སྟེ་ མི་ངོ་རེ་རེ་གིས་བསྐོར་རྒྱབ་འབད་བཀོད་ཞིནམ་ལས་ ལན་ཚུ་ཐོ་བཀོད་འབད་དགོ།
བཞི་པ་ གནས་བསྐོར་འགྱོ་ཡོད་པའི་མཐོང་སྣང་དང་ གནས་ཀྱི་ཆགས་ཚུལ་ཚུ་ ཁ་གསལ་དང་སྤྲོ་བ་ཆེ་ཏོག་ཏོ་ཡོདཔ་བཟོ་ནིའི་དོན་ལུ་ པར་ཆས་ལག་ལེན་འཐབ་སྟེ་ དྲན་ཚོར་འབྱུང་ཚུགས་པའི་མཐོང་སྣང་ཚུ་ལེན་དགོ།
ལྔ་པ་ གནས་བསྐོར་གྱི་སྐབས་ལུ་ གདོང་ལེན་དང་སྤྲོ་སྣང་བྱུང་ཡོད་མི་ཚུ་གི་གནས་ཚུལ་ ཁག་གཉིས་འབད་བཟོ་དགོ
དྲུག་པ་ གནས་བསྐོར་ལས་ལོག་ལྷོད་ཞིནམ་ལས་ གོང་གི་དོན་ཚན་ཚུ་ལུ་གཞི་བཞག་སྟེ་ བློག་རིག་གཤུད་བརྙན་བརྒྱད་འབད་མི་ཅིག་ དུས་ཡུན་སྐར་མ་བཅུ་ཐམ་གྱི་རིང་ལུ་ སློབ་ཁང་སྤྱན་ཞུ་རེ་བཅའ་སྒྲིག་རྐྱབ་སྟེ་སྤྱན་ཞུ་འབད་དགོཔ་ཨིན།
གོང་གི་བྱ་སྒོའི་ལཱ་གི་དོན་ཚན་དང་འཁྲིལཝ་ད་ ཨ་ལོ་གི་ལཱ་འདི་གནས་བསྐོར་གྱི་སྙན་ཞུ་ སྤྱན་ཞུ་འབད་ནི་དང་ སློབ་དཔོན་གྱིས་བློག་རིག་གཤུད་བརྙན་ནང་ བཟོ་ཡོད་པའི་སྙན་ཞུའི་སྤྱན་ཞུ་འདི་ དབྱེ་ཞིབ་འབད་ནི་ཨིནམ་ལས་སྤྱིར་བཏང་སྦེ་འབད་ནི་དོན་ལུ་ཆ་ཚང་བའི་དབྱེ་ཚད་ལག་ལེན་འཐབ་ཡོདཔ་ཨིན།
ཆ་ཚང་བའི་དབྱེ་ཚད་ཟེར་མི་འདི་ཡང་
·         ཨ་ལོའི་ལཱ་ཚུ་རེ་རེ་བཞིན་མིན་པར་སྤྱིར་བཏང་བྱ་རིམ་ཚུ་ཆ་ཚང་ཡོད་མེད་ དབྱེ་ཞིབ་འབད་ནི།
·         ཨ་ལོའི་ལཱ་གི་སྒྲུབ་འབྲས་ཚུ་ སྤྱིར་བཏང་འབད་དབྱེ་ཞིབ་འབད་དེ་ སྐུགས་བྱིན་ཐོག་ལས་བཤད་པ་རྐྱབ་ནི། 
·         ཨ་ལོ་ཚུ་གི་རིག་པགཡོག་བཀོལ་ཏེ་ངག་ཐོག་གི་བཤད་པ་དང་ཡིག་ཐོག་ལུ་བཀོད་ཡོད་པ་ལ་སོགས་པའི་ཤུལ་ལུ་གཞི་བཞག་སྟེ་སྐུགས་བྱིན་ནི།
·         སློབ་ཕྲུག་ཚུ་གི་ ལཱ་ཚུ་དུས་ཐོག་ལུ་དབྱེ་ཞིབ་འབད་དེ་སྐུགས་བྱིན་ནི།
·         ཨ་ལོ་ཚུ་གི་ལཱ་གི་སྒྲུབ་འབྲས་ཚུ་གི་སྐོར་ལས་སྤྱིར་བཏང་གི་བསམ་འཆར་བཀོད་ནི་གི་དོན་ལུ།
·         དབྱེ་ཚད་འདི་གིས་ སྤྱིར་བཏང་ཨ་ལོ་གྲུབ་འབྲས་དང་ཡང་ན་ བྱ་རིམ་ཚུ་ལུ་གཙོ་བོར་བཏོན་ནི།

ཆ་ཚང་བའི་དབྱེ་ཚད།
དབྱེ་ཁག
མཆོག་འགྱུར་(༤)
རབ (༣)
འབྲིང་ (༢)
  (༡)
ཡི་གུའི་སྦྱོར་བ།
ཡི་གུའི་སྦྱོར་བ་ལུ་ འཛོལ་བ་མ་པ་ལས་མེདཔ།
ཡི་གུའི་སྦྱོར་བ་ལུ་ འཛོལ་བ་གཉིས་དང་ གསུམ་ཡོདཔ།
ཡི་གུའི་སྦྱོར་བ་ལུ་ འཛོལ་བ་བཞི་དང་ ལྔ་རེ་ཡོདཔ།
ཡི་གུའི་སྦྱོར་བ་ ལྔ་ལས་ལྷག་སྟེ་ འཛོལ་བ་ཡོདཔ།
ཡིག་སྡེབ་
ཡིག་སྡེབ་འཛོལ་བ་མེདཔ།
ཡིག་སྡེབ་ གཉིས་གསུམ་འཛོལ་བ་ཡོདཔ།
ཡིག་སྡེབ་ བཞི་དང་ལྔ་འཛོལ་བ་ཡོདཔ།
ཡིག་སྡེབ་ལྔ་ལས་ལྷག་སྟེ་ འཛོལ་བ་ཡོདཔ།
མིང་ཚིག་ལག་ལེན།
དོན་ཚན་འཁྲིལ་བའི་མིང་ཚིག་ཚུལ་མཐུན་ཡོདཔ།

དོན་ཚན་དང་ མ་འཁྲིལ་བའི་མིང་ཚིག་གཉིས་གསུམ་རེ་ཡོདཔ།

དོན་ཚན་དང་ མ་འཁྲིལ་བའི་མིང་ཚིག་བཞི་དང་ལྔ་རེ་ཡོདཔ།

དོན་ཚན་དང་ མ་འཁྲིལ་བའི་མིང་ཚིག་དྲུག་ལས་ལྷག་ལག་ལེན་འཐབ་ཡོདཔ།
ནང་དོན་ངེས་བདེན།
དོན་ཚན་དང་འཁྲིལ་བའི་གནས་ཚུལ་ཚུ་ ངེས་བདེན་ཡོདཔ།
ངེས་བདེན་མེད་པའི་གནས་ཚུལ་གཉིས་དང་གསུམ་ཚུད་ཡོདཔ།
ངེས་བདེན་མེད་པའི་གནས་ཚུལ་བཞི་དང་ལྔ་ཚུད་ཡོདཔ།
ངེས་བདེན་མེད་པའི་གནས་ཚུལ་དྲུག་ལས་ལྷག་སྟེ་ཚུད་ཡོདཔ།
དོན་ཚན་སྤྱན་ཞུའི་གོ་རིམ།
གོ་རིམ་ཚུལ་མཐུན་འབད་ཡོདཔ།
གོ་རིམ་གཉིས་དང་ གསུམ་འཛོལ་ཏེ་ཡོདཔ།
གོ་རིམ་བཞི་དང་ ལྔ་འཛོལ་ཏེ་ཡོདཔ།
གོ་རིམ་དྲུག་ལས་ལྷག་སྟེ་འཛོལ་ཡོདཔ།
པར་ལག་ལནེ།
གནས་བསྐོར་དང་འཁྲིལ་པར་ཆ་ཚང་ཡོདཔ།
གནས་བསྐོར་དང་འཁྲིལ་བའི་པར་ལྔ་དང་དྲུག་ཡོདཔ།
གནས་བསྐོར་དང་འཁྲིལ་བའི་པར་གསུམ་དང་བཞི་ཡོདཔ།
གནས་བསྐོར་དང་འཁྲིལ་བའི་པར་གཅིག་དང་གཉིས་ཡོདཔ།


འདི་བཟུམ་མའི་ཐབས་ཤེས་ཚུ་སློབ་ཕྲུག་ཚུ་གི་སེམས་ཁ་བཞག་སྟེ་ རང་གི་མི་ཚེ་ནང་ ག་ཅི་ར་འབྲི་རུང་ ཚད་གཞི་ཚུ་སེམས་ཁར་བཞག་སྟེ་ འབད་བ་ཅིན་ འབྲི་ལུགས་ཀྱི་ལམ་ལུགས་འདི་ལེགས་ཤོམ་འགྱོ་ནི་དང་འབྲི་ལྷག་ཡོན་ཏན་ཀུན་གྱི་གཞི། ཟེར་གསུངས་དོ་བཟུམ་སྦེ་ ཡོན་ཏན་གྱི་གཞི་ཡང་ལེགས་ཤོམ་འཐོབ་ནི་དང་ སྦྱང་བ་ཡང་ལེགས་ཤོམ་འབད་ཚུགས་ཏེ་རང་གི་དཀའ་ངལ་གསལ་ཐབས་ལུ་ ཕན་པའི་དགོས་པ་སྦོམ་ཡོདཔ་སྤྲོ་བ་བསྐྱེད་གནང་ཟེར་ཞུ་ནི་ཨིན།
ཡཻསབློ་གྲོས་རང་གིས་ ཐབས་ཤེས་འདི་ན་ལུ་ རྒྱབ་ཁུངས་དང་མཁོ་ཆས་ལས་ པར་ཚུ་༼Clip-Art.com and Flickr Creative Commons༽ ཟེར་ས་ལས་ འདྲ་བཤུས་འབད་ཡོདཔ་དང་ ཐབས་ཤེས་འདི་ སྒྲིགས་ཚུགས་མི་དེ་ཡང་ དབྱིན་ཟླ་བདུན་པའི་ཚེས་ ༧/ ༢༠༡༠ ལུ་བཀོད་ཡོད་པའི་༼The WebQuest Page༽ ཟེར་མི་ལུ་གཞི་བཞག་ཐོགས་ལས་ བཟོ་ཡོདཔ་ད་ འདི་བཟུམ་མའི་ སློབ་སྟོན་ཐབས་ཤེས་ཡང་ ༼བུའུ་ཀྲན་ཝ་ཡཀྲ༽ དང་འབྲུག་གཞུང་ཤེས་རིག་ལྷན་ཁག་ མཉམ་འབྲེལ་གྱི་ལས་རིམ་ལས་ ཡོན་ཏན་གསརཔ་འབད་གནང་མི་ལས་བརྟེན་ཨིན་ཟེར་ཞུ་ནི་ཨིན། ནི་འབདཝ་ལས་ ག་ར་ལུ་བཀའ་དྲིན་ཆེ་ཟེར་ཞུ་ནི་ཨིན་ནོ།།







No comments:

Post a Comment