Saturday, December 2, 2017

EFQM Excellence Model



ངོ་སྤྲོད།
ང་བཅས་རའི་འཛམ་གླིང་འདི་ གཅིག་འགྱུར་འགྱོ་བའི་ཁར་ སྔོན་ག་ཨིནམ་འབད་ཡང་མ་གནས་པར་ ཉིན་རེ་བཞིན་དུ་ ག་ནི་བ་མགྱོགས་དྲགས་འབད་ ཡར་རྒྱས་དང་འགྱུར་བ་འགྱོ་དོ་ཡོདཔ་ལས་   EFQM Excellence Model འདི་གིས་སྤྱི་མཐུན་གྱི་ཐོག་ལས་ལཱ་འབད་ནི་དང་གསར་བཏོད་ཀྱི་རིག་པ་དང་སེམས་ཤུགས་ཚུ་སྤེལ་ཐབས་འབད་བའི་གཞི་བཀོད་ཚུ་བཟོ་དོ་ཡོདཔ་ལས་ འདི་གིས་འབད་ ང་བཅས་རའི་འཛིན་སྐྱོང་ ཚོང་འབྲེལ་ ཤེས་རིག་ བཟོ་གྲྭ་ དེ་ལས་རྒྱལ་ཁབ་ཀྱི་དཔལ་འབྱོར་ཚུ་ ཡར་དྲགས་བཟོ་ནི་གི་དམིགས་གཏད་ཚུ་ སྒྲུབ་ཚུགས་པའི་ནུས་པ་ཡོདཔ་ཨིན་ནོ།
ཡོ་རོ་པེན་ཚོགས་སྡེ་ཀྱི་སྲིད་འཛིན་གྱིས་འབད་བ་ཅིན་  མི་སྡེ་ སྒེར་སྡེ་ གཞུང་གི་སྡེ་ཚན་ཚུ་ལུ་ རྒྱལ་སྤྱི་ནང་ཡར་དྲག་འགྱོ་ནི་དང་ འགྲན་བསྡུར་འབད་དགོ་པའི་ གནོན་ཤུགས་ཀྱིས་གདོང་ལེན་ལས་ཤ་འབྱུང་དོ་ཡོདཔ་ལས་ ལྕོགས་གྲུབ་དང་ཐབས་རིག་ཉུང་ཉུང་ཅིག་གིས་ཐོག་ལས་ ང་བཅས་ག་ར་གི་སེམས་དང་མནོ་བསམ་གཅིག་ཁར་བཏང་ཐོག་ལས་ མ་འོང་བུ་རྒྱུད་ཚུ་གི་དོན་ལས་ ཕུག་གི་བདེ་ཐབས་དང་ཉེན་སྲུང་ཚུ་ བཙན་ཏོག་ཏོ་བཟོ་སྟེ་སྤྱི་མཐུན་གི་ཐོག་ལས་ལཱ་འབད་དེ་དཀའ་ངལ་ཚུ་ གསལ་ཐབས་འབད་དགོཔ་ཨིནམ་ལས་ འདི་ཚུ་དངོས་སུ་འབད་འབྱུང་ཐབས་ལུ་ EFQM (European Foundation for Quality Management Excellence Model) ཟེར་བའི་ཁྱད་འཕགས་ཅན་གྱི་བཟོ་བཀོད ལག་ལེན་འཐབ་དགོ་ཟེར་ (Rompuy, 2017)བཀོད་དེ་འདུག
དང་པ་EFQM གི་ལོ་རྒྱུས།
EFQM ཟེར་མི་འདི་ དང་པ་ར་ཡོར་པེན་ཚོང་ལས་པ་དྲག་ཤོས་གཙོ་ཅན་༡༤འབད་མི་གིས་ Total Quality Management (TQM) ཟེར་བའི་བལྟ་བ་ལུ་ ཡིད་ཆེ་གི་སེམས་བསྐུལ་འབྱུང་སྟེ་ འདི་ལུ་གཞི་བཞག་ཐོག་ལས་སྤྱི་ལོ་༡༩༨༨ ཀྱི་ལོ་ལུ་ གཞི་བཀོད་འདི་བརྩམ་མརྩམས་ཨིན་པས།
གཉིས་པ་ EFQM Excellence Model གི་བྱ་ལས།
The EFQM Excellence Model བྱ་ལས་འདི་ ལཱ་འབད་མི་དང་ ལཱ་འབད་སའི་ཚོགས་སྡེ་གི་བར་ན་ ང་ཅབས་ར་ཚུ་ལུ་ ལཱ་གི་དམིགས་གཏད་དང་བསྟུན་ ལཱ་གི་གྲུབ་འབྲས་འབྱུང་ཐངས་ཚུ་གི་རྒྱུ་རྐྱེན་དང་ནུས་ཤུགས་ཚུ་ ག་དེ་འབད་དང་ ག་ཅི་ལས་བརྟེན་མཐར་ཕྱིན་ཡི་ག་གིས་སྐོར་ལས་ ལཱ་འབད་ཐངས་ཀྱི་མཐུན་འབྲེལ་ཚུ་ ཧ་གོ་ཚུགས་པའི་རིག་སྟོབས་གཡོག་བཀོལ་ཚུགས་པའི་ནུས་པ་བྱིན་ནིའི་ལཱ་འབདཝ་ཨིན།

གསུམ་པ་ EFQM Excellence Model གཞི་རྩ་དང་དགོངས་དོན།
EFQM Excellence Model གཞི་རྩ་དང་དགོངས་དོན་འདི་ EFQM Excellence Model ཟེར་མི་འདི་ རང་དབྱེ་ཞིབ་འབད་ནི་དོན་ལུ་ བཀོད་རྒྱ་ ག་ནི་ཡང་མ་དགོ་པའི་ བླ་ན་མེད་པའི་ཡུན་བརྟན་གྱི་འཆར་བཀོད་ ཅིག་ལུ་གོཝ་ཨིན།
གདོང་ལེན་ཆེ་བའི་དུས་ཚོད་ ད་རེས་བཟུམ་ཅིག་ཁར་ ལས་སྡེ་དང་ལྷན་ཁག་ཚུ་ག་རང་འབད་རུང་ ཡར་དྲགས་འགྱོ་ནི་དང་ ཡུན་བརྟན་ གྱི་གོང་འཕེལ་འགྱོ་དགོ་པ་ཅིན་ ཐབས་ཤེས་ཅིག་ལུ་བརྟེན་དགོཔ་ཨིན་མས། EFQM MODEL འདི་གིས་ གདོང་ལེན་དེ་ཚུ་ སེལ་ཐབས་སྟོནམ་མ་ཚད་ ལས་སྡེ་གཅིག་ནང་གི་ ལས་མི་ཚུ་ མཐུན་ལམ་དང་མཉམ་འབྲེལ་གྱི་ཐོག་ལས་ ལཱ་འབད་དེ་ ལས་སྡེ་ཡང་ན་སློབ་གྲྭ་འདི་ནང་ལུ་ལཱ་ཚུ་ དྲང་བདེན་གྱི་ཐོག་ལས་ འབདཝ་ཨིན་ན་གི་ གྲུབ་འབྲས་བལྟ་ནི་དང་ དམིགས་གཏད་བསྐྱེད་དེ་ ཡོད་མི་འདི་སྒྲུབ་དོ་ག་ དབྱེ་ཞིབ་འབད་ཚུགས་མི་ ཅིག་ལུ་སླབ་དང་ ཡང་ན་ ཁྱད་འཕག་དང་མཆོག་གྱུར་ཅན་གྱི་ ཁྱད་ཆོས་བརྗོད་ཐོག་ལས་ མཐུན་འབྲེལ་གྱི་ལཱ་འབད་ནི་དང་ ཐབས༌ཤེས་གསར་བཏོད་འབད་ནི་ལུ་ སྤྲོ་བ་བསྐྱེད་ཚུགས༌པའི བཀོད་རིས་ལྡན་པའི་གཞི་རྩ་དང་དགོངས་དོན༌ཡོད་མི་ཅིག་ཨིནམ་ད་ ཐབས༌ལམ༌འདི༌གིས༌ ལས༌སྡེ༌གི༌དམིགས་ཡུལ་འདི་ ངེས་བདེན༌སྒྲུབ༌ཚུགསཔ་བཟོ་བའི་དགོངས་དོན་འཆར་གཞི་དང ཡུན་བརྟེན་གོང་འཕེལ་གཏང་ནི་ལུ་ ཕན་ཐོགསཔ་ཨིནhttp://www.proveandimprove.org/tools/efqm.php
བཞི་པ་ EFQM དཔེ་གཟུགས་ཀྱི་ཆ་ཤས་གསུམ།
  ཁྱད་པར་འཕགས་པའི་གོ་དོན་ལེན་ཐངས།                                                                   
 ཚད་གཞི།
  མངོན་གསལ་འཁྲུལ་ཆས་ཀྱི་རིག་ལམ།  (radar logic).
  ཁྱད་པར་འཕགས་པའི་གོ་དོན་ལེན་ཐངས།                                                                   
ཡུན་གཏན་མཆོག་འགྱུར་གྱི་གྲུབ་འབྲས།    ཚོང་འབྲེལ་པ་ཚུ་ལུ་ བརྩི་མཐོང་བསྐྱེད་ནི། 
མ་འོང་ཡུན་གཏན་བཟོ་ནི།  ལས་སྡེ་གི་ལྕོགས་གྲུབ་ཡར་རྒྱས་གཏང་ནི།
ལས་སྡེ་ནང་ལུ་རིག་པ་གསརཔ་ སྤྱོད་ནི།  དྲང་པོ་དང་བློ་སྤོབས་ཕུགས་འཆར་གྱི་ཐོག་ལས་ འགོ་འཁྲིད་འབད་ནི།
ལས་བྱེདཔ་གི་ལྕོགས་གྲུབ་ལས་བརྟེན་གྲུབ་འབྲས་འབྱུང་ཚུགས་མི། http://www.efqm.org/efqm-model/fundamental-concepts
མཆོག་འགྱུར་ (excellent) གྱི་ལས་སྡེ་ཟེར་མི་འདི་ འབྲེལ་བ་ཡོད་མི་ མི་ངོམ་དང་ལྷན་ཁག་ ལས་སྡེ་ ག་ར་བློ་འདོད་དང་འཁྲིལ་བའི་ གྲུབ་འབྲས་ཐོབ་ཚུགས་ནི་དང་ཡང་ཅིན་ བློ་འདོད་ལས་ ལྷག་པའི་གྲུབ་འབྲས་འབྱུང་ཚུགསཔ་བཟོ་ནི་དང་  མཆོག་འགྱུར་གྱི་གྲུབ་ འབྲས་འདི་ ཡུན་བརྟན་འབད་བཞག་ ཚུགས་མི་ལུ་ གོཝ་ཨིན་མས། དཔེ་གཟུགས་འདི་གིས་ ལས་སྡེ་གཞན་དང་མ་མཉམ་པའི་ ཁྱད་ཆོས་ཚུ་གི་ཐོག་ལས་ ལཱ་འབད་ནི་ལུ་ རྒྱབ་སྐྱོར་འབདཝ་ཨིན་མས།
དཔེ་གཟུགས་འདི་གི་ ཚད་གཞི་ཁག་ གཉིས་འབད་དབྱེ་སྟེ་ཡོདཔ་ཨིན། དེ་ཡང་ དབུ་འཁྲིད་ལས་འགོ་བཙུགས་ཏེ་ ལས་བྱེདཔ། ཐབས་ཤེས། མཉམ་འབྲེལ་དང་ཐོན་སྐྱེད་ དེ་ལས་ གོ་རིམ་དང་གྲུབ་འབྲས་ ཚུ་ ལས་སྡེ་འདི་ནང་ལུ་ ཡར་སྐྱེད་ཀྱི་བྱ་རིམ་ག་ཅི་རང་ འབད་རུང་ དེ་ཚུ་ལུ་བརྟེན་དགོཔ་ལས་བརྟེན་ འབད་བཅུག་མི་ཟེར་སླབ་ཨིན་མས།
ང་བཅས་རང་ ལཱ་ཆེ་ཆུང་ག་ཅི་རང་འབད་རུང་ མཇུག་མཐའ་མ་ལུ་ གྲུབ་འབྲས་ཅིག་འབྱུང་ནི་ཡོད་མི་འདི་ ཚད་གཞི་གཉིས་པ་ གྲུབ་འབྲས་ ཟེར་བཞག་སྟེ་ཡོདཔ་ཨིན། ལས་སྡེ་ནང་ལས་ཕར་ ག་ཏེ་རང་འབད་རུང་ ལཱ་གི་གྲུབ་འབྲས་འབྱུང་མི་ཚུ་ རང་དང་འབྲེལ་བ་ཡོད་མི་ཚུ་ལུ་མ་ གཏོགས་འབྱུང་ས་མེད། ཨིན་རུང་ དཔེ་གཟུགས་འདི་གིས་ ཚད་གཞི་རེ་རེ་བཞིན་དུ་གི་ ལཱ་འབད་ཐངས་དང་ བཅའ་ཐངས་ ཐབས་ལམ་ སྣ་ཚོགས་ གཞན་དང་མ་འདྲཝ་འབད་སྟོན་མི་འདི་གིས་ གྲུབ་འབྲས་ཚུ་ག་དེ་སྦེ་འབྱུང་དོ་ཡོདཔ་ཨིན་ན་ བརྟགས་དཔྱད་འབདཝ་ཨིན།


Excellence Model ནང་ལུ་ཚད་གཞི་དགུ་ ཚང་དགོཔ་འབད་འདུག
དང་པ་ དབུ་ཁྲིད།(Leadership)
(Rompuy H. v., An Overview of EFQM Excellence Model, 2012) Definition: Excellent organisations have leaders who shape the future and make it happen, acting as role models for its values and ethics and inspiring trust at all times. They are flexible, enabling the organisation to anticipate and react in a timely manner to ensure the on-going success of the organisation.
ཚད་གཞི་འདི་ནང་ འགོ་ཁྲིདཔ་གིས་ ཁོ་རའི་ལས་ཁུངས་ཀྱི་རེ་དོན་དང་ དམིགས་གཏད་ཚུ་གྲུབ་ནིའི་དོན་ལུ་ ལྷན་ཐབས་ག་དེ་སྦེ་འབདཝ་ཨིན་ན་  ལཱ་འདི་ཡུན་རིང་གི་དོན་ལུ་ མཐར་འཁྱོལ་ཅན་ལུ་འགྱུར་དགོ་པ་ཅིན་ དགོས་མཁོ་དང་འཁྲིལ་ཏེ་ ཐབས་ཤེས་ཚུ་བཏོན་དགོཔ་ཨིན་མས། འདི་གི་ཡང་མ་དོ་བར་ འོས་འབབ་ལྡན་པའི་སྤྱོད་པ་དང་ འབད་ཐངས་ཚུ་ཡང་ ལག་ལེན་འཐབ་དགོཔ་ཨིན་མས། ལས་ཁུངས་འདི་གི་ འཛིན་སྐྱོང་ལམ་ལུགས་འདི་ཚུ་གོང་འཕེལ་དང་ ལག་ལེན་འབྱུང་ཐབས་ལུ་ འགོ་ཁྲིདཔ་ཁོ་ར་ཡང་ འདི་ནང་གྲལ་གཏོགས་འབད་དགོ་ཨིན     ལས་སྡེའི་དམིགས་ཡུལ་དང་ ཕུགས་འཆར་ཚུ་བཟོ་བའི་སྐབས་ཡུན་བརྟན་གྱི་དོན་ལུ་ ཚོང་མགྲོན་པ་ཚུ་གི བརྩི་མཐོང་དང་ དགོས་མཁོ་ཡོདཔ་འབད་བཟོ་དགོཔ་ཨིན་པས།  འགོ་ཁྲིདཔ་འདི་ འཆར་གཞི་དང་ ཕུགས་འཆར་ཚུབཟོ་བའི་སྐབས་ བསྡོམ་རོགས་དང་ ཚོང་མགྲོན་པ་ དེ་ལས་ མི་སྡའི་མཐུས་མ་ངོ་ཚབ་ཚུ་དང་འབྲལ་བ་འཐབ་དགོཔ་ཨིན་པས།
) ལས་གཡོགཔ། (People)
Definition: Excellent organisations value their people and create a culture that allows the mutually beneficial achievement of organisational and personal goals. They develop the capabilities of their people and promote fairness and equality. They care for, communicate, reward and recognise, in a way that motivates people, builds commitment and enables them to use their skills and knowledge for the benefit of the organisation.

ལས་སྡེ་འདི་ནང་ལཱ་འབད་མི་ ལས་གཡོགཔ་ལུ་བརྩི་མཐོང་དང་ ལམ་ལུགས་ཚུ་བཟོ་སྟེ་ འདི་གིས་རང་དང་ ལས་སྡེ་གཉིས་ཀྱི་ དམིགས་ཡུལ་གྲུབ་ཐབས་ལུ་ གཅིག་མཐུན་གྱི་སྒོ་ལས ཁེ་ཕན་ཡོད་པའི་གྲུབ་འབྲས་ཚུ་འཐོནམ་ཨིན། ལས་བྱེདཔ་དང་ ལས་སྡེའི་བར་ན་ ལེགས་བཅོས་དང་ འཆར་གཞི་གི་དོན་ལུ་ ཁ་སླབ་དགོ། ལས་གཡོགཔ་གི་འཆར་གཞི་ཚུ་ ལེགས་ཤོམ་ འོང་དགོ་པའི་ཁར་ དེ་དང་འཁྲིལ་ཏེ་ འཛིན་སྐྱོང་དང་ ལེགས་བཅོས་འབད་དགོ། ད་རུང་ Arturo Calvo-Mora, Antonio Leal and Jose L.Roldan (མེད) མཆོག་གྱུར་ཅན་གྱི་ ལས་སྡེ་ཚུ་གིས་ ཁོང་གི་ལས་གཡོགཔ་གི་ནུས་པ་འདི་ རང་རྐྱང་ སྡེ་ཚན་ ལས་སྡེའི་གནས་ཚད་ཚུ་ ཡོངས་རྫོགས་འབད་ འཛིན་གྲོལ་འབད་ནི་ བརྩམ་ནི་ འཛིན་སྐྱོང་ཐབས་ནི་ཨིན་མས། ལས་སྡེ་གིས་ དྲང་བདེན་དང་ འདྲ་མཉམ་ ཡར་རྒྱས་གཏང་ནི་དང་ མི་ཚུ་ལུ་ དབང་ཆ་བྱིན་ཏེ་ གྲལ་དུ་གཏོགས་ནིའི་ གོ་སྐབས་ཐོབ་ཨིན། ལས་གཡོགཔ་གིས་ བསམ་འཆར་བཤད་མི་ཚུ་ ལས་སྡེ་གིས་ངོས་ལེན་འབད་དེ་ གསོལ་ར་དང་བརྒྱུད་སྐུལ་འབད་དེ་ ཁོང་གི་རིག་པ་དང་ རིག་རྩལ་ཚུ་ ལས་སྡེ་གི་ཕན་ཐབས་ཀྱི་དོན་ལུ་ ལག་ལེན་འཐབ་ནི་ལུ་ བློ་འདོད་བསྐྱེད་བཅུགཔ་ཨིན། 
)  སྲིད་བྱུས་དང་ ཐབས་ལམ། (Strategy)
How the organisation implements its missionand vision via a clear stakeholder focused strategy, supported by relevant policies, plans,objectives, targets and processes (CAROL STEED and GWYN ARNOLD, 2001`) ལས་སྡེ་འདི་གི་ དམིགས་གཏད་དང་ དམིགས་ཡུལ་ཚུ༌བཟོ༌བའི༌སྐབས༌ འབྲེལ་ཡོད་ཀྱི་ལམ་ལུགས་ཚུ༌ལུ༌ དམིགས༌གཏད༌བསྐྱེད༌དེ༌བཟོ་ནི་དང་ ཁེ༌རྒུད༌ཡོད༌མི༌ མི༌སྡེའི༌དགོས༌མཁོ༌དང༌འཁྲིལ༌ཏེ༌ ཐབས༌ལམ༌སྒྲིག་ཐོག་ལས་ ཐབས་ལམ་དང་ སྲིད་བྱུས་ཚུ་ འབྲེལ་བ་ཡོད་མི་ག་ར་གི་ ཤེས་ཚུགས་པའི་ལཱ་གི་བྱ་རིམ་ཅིག་ཨིན་་ཟེར་མཀོད་དེ་འདུག།
) མཉམ༌འབྲེལ༌དང༌མཐུན༌རྐྱེན། (Partnership and resources)
Definition: Excellent organisations plan and manage external partnerships, suppliers and internal resources in order to support strategy and policies and the effective operation of processes. ལས་ཁུངས་ཀྱི་སྲིད་བྱུས་དང་ཐབས་ལམ་ལུ་ རྒྱབ་སྐྱོར་འབད༌ནི༌དང༌ ལཱ༌གི༌བྱ༌རིམ༌ཚུ༌དོན་སྨིན་ཅན་གྱི༌བཀོལ༌སྤྱོད༌འབད༌ནིའི༌དོན༌ལུ༌ ལས་ཁུངས་ཀྱིས་ ཕྱི་ཁའི་མི་ཚུ་དང་གཅིག་ཁར་མཉམ་འབྲེལ་དང་ ནང་ན་གི་ཐོན་སྐྱེད་ཚུ་ འཛིན་སྐྱོང་ག་དེ་འབད་འཐབ་ཨིན་ན་ འཆར་གཞི་ག་དེ་སྦེ་བརྩམ་ཨིན་ན་བཀོད༌དགོཔ༌ཨིན།
(Arturo Calvo-Mora) (མེད) གིས་ མཆོག་གྱུར་ཅན་གྱི་ ལས་སྡེ་ཚུ་གིས་ སྲིད་བྱུས་དང་ ཐབས་ཤེས་ དེ་ལས་ དོན་སྨིན་ཅན་གྱི་ ལཱ་རིམ་ལག་ལེན་ རྒྱབ་སྐྱོར་འབད་ཐབས་ལུ་ ཕྱི་ཁའི་མཉམ་འབྲེལ་ མཁོ་ཆས་སྤྲོད་མི་དང་ ནང་ན་གི་མཐུན་རྐྱེན་ཚུ་ འཆར་གཞི་བརྩམས་ཏེ་ འཛིན་སྐྱོང་འཐབ་ཨིན་མས། འཆར་གཞི་བརྩམ་པའི་སྐབས་ལུ་དང་ མཉམ་འབྲེལ་འབདཝ་དང་ མཐུན་རྐྱེན་འཛིན་སྐྱོང་འཐབ་པའི་སྐབས་ ཁོང་གིས་ ལས་ཁུངས་དང་ མི་སྡེ་ རང་བཞིན་མཐའ་འཁོར་གནས་སྟངས་ལུ་ འཕྲལ་ཕུགས་གཉིས་ཀྱི་དགོས་མཁོ་དང་འཁྲིལ་ ཚད་མཉམ་ལྡན་ཏོག་ཏོ་ བཟོཝ་ཨིནམ་འབད་ བཤད་ནུག
གོང་ལུ་བཤད་འདི་ཡོད་པའི་ལཱ༌གི༌རིམ༌པ༌ཚུ༌ ཚུལ༌མཐུན༌འགྱོ༌ནིའི༌དོན༌ལུ༌ མཉམ༌འབྲེལ༌པ༌དང༌བཀྲམ༌སྤེལ༌བ༌ཚུ༌ལས༌ ཕྱིའི༌མཁོ༌སྒྲུབ༌ དང༌ནང༌གི༌མཐུན༌རྐྱེན༌ཚུ་ མཁོ༌སྒྲུབ༌འབད༌བའི༌སྐབས༌ལུ་ ཡུན༌གཏན༌ལུ༌དམིགས༌གཏད༌བསྐྱེད༌དེ༌ འཆར༌གཞི༌དང༌ འཛིན༌སྐྱོང༌འཐབ༌དགོཔ་ཨིན།
) བྱ༌རིམ། (Processes) འདི༌ནང༌ལས༌ཁུངས༌ཀྱི༌སྲིད༌བྱུས༌དང༌ཐབས༌ཤེས༌ལུ༌རྒྱབ༌སྐྱོར༌འབད༌ནིའི༌དོན༌ལུ༌ལས༌ཁུངས༌དང་འབྲེལ་འཐབ་མི་ཚུ༌དང༌འདི༌ནང༌ལཱ༌འབད༌མི༌ཚུ༌གི༌རེ༌བ༌བསྐང༌ནི༌དང༌ཁོང་གིས་བརྩི༌མཐོང༌བསྐྱེད༌ཐབས༌ལུ༌ལས༌ཁུངས༌ཀྱིས༌ལཱ་གི་བྱ་རིམ་འཆར་གཞི་དང་ འཛིན་སྐྱོང་ག་དེ་སྦེ་འཐབ་ཨིན་ན་གི་སྐོར་ལས་ཨིན་མས།  (Rompuy H. v., An Overview of EFQM Excellence Model, 2012) ནང་ལུ་འབདན་ Definition: Excellent organisations design, manage and improve processes to generate increasing value for customers and other stakeholders ལས༌ཁུངསཁྱད་འཕགས་ཅན་གྱི༌སྲིད༌བྱུས༌དང༌ཐབས༌ཤེས༌ལུ༌ རྒྱབ༌སྐྱོར༌འབད༌ནིའི༌དོན༌ལུ༌ ལཱ༌འབད༌མི༌ཚུ༌དང་གཞན་བདག་སྐྱོང་ཚུ་གི༌རེ༌བ༌བསྐང༌ནི༌དང༌ ཁོང་གིས་བརྩི༌མཐོང༌བསྐྱེད༌ཐབས༌ལུ༌ འཛིན་སྐྱོང་པ་གི་ལཱ་གི་བྱ་རིམ་ཚུ ཡར་དྲག་བཟོ་ཐབས་ཀྱི་ ཕན་ནུས་ཅན་གྱི་བྱ་རིམབཟོ་བཀོད་བཟོ་དགོཔ་ཨིན་ཟེར་བཀོད་དེ་འདུག
) མི༌སྟོབས༌ཀྱི༌གྲུབ༌འབྲས (Customer results)
(Rompuy H. v., An Overview of EFQM Excellence Model, 2012) Excellent organisations achieve and sustain outstanding results that meet or exceed the needs and expectations of their customers. ཟེར་བཀོད་འདི་ཡོད་དོ་བཟུམ་འབད་  ལས་ཁུངས་འདི་ནང་ལུ་ ལས་སྡེ་མཐར༌འཁྱོལ༌ཅན༌འགྱོ༌དགོ༌པ༌ཅིན༌ ཡུནབརྟན་གནས་ཚུགས་ནི་གི་དོན་ལུ་ཚོང་མགྲོན་པའམ་ཕྱི་མི་ཚུ་ལུ་ ཁོང་གི་མནོ་མི་ལས་ལྷག་པའི་ ཁྱད་དུ་འཕགས་པའི་གྲུབ་འབྲས་ཚུ་སྟོན་དགོཔ་འདི་ལུ་སླབ་ཨིན་ཟེར་བཀོད་ནུག 
ལས་སྡེ་མཐར༌འཁྱོལ༌ཅན༌ཅིག༌འབད་ འགྱོ༌དགོ༌པ༌ཅིན༌ འདི༌ནང༌གི༌མིའི༌མཐུན༌རྐྱེན༌ཚུ༌ཁག༌ཆེཝ་ལས་ མཐུན༌རྐྱེན༌འདི༌ཚུ༌ལས༌བརྟེན༌ཏེ་ ལས༌སྡེ༌འདི༌ཡར༌དྲག༌གཏངམ༌ཨིནམ་ལས་ མི༌སྟོབས༌ངལ༌རངས་དང་ སེམས་ཤུགས་ཚུ་ཐོབ་ཨིན།
གལ་སྲིད་ ལས་སྡེ་ འདི་ནང་གི་མི་སྟོབས་ཀྱི  ཁོང་རང་གིས་འབད་མི་ལཱ་ལུ་ ངལ་རངས་དང་ཡིད་ཆེས་ འབྱུང་མ་ཚུགས་པ་ཅིན་ ལས་སྡེ་འདི་གིས་ གྲུབ་འབྲས་ལུ་ གནོད་པ་འབྱུང་སྲིད་ནི་ཨིནམ་ལས་ ཕྱི་མི་ཚུ་ལས་ ལས་སྡེ་ལུ་རྒྱབ་སྐྱོར་ ག་ཅི་ར་ཐོབ་དོ་ཡོདཔ་ ཨིན་ན་གི་ སྐོར་ལས་ཨིན་པས།

) ལས་ཁུངས་དང་འབྲེལ་བ་ཡོད་པའི་མི་གི་གྲུབ་འབྲས། (People results)
Definition: Excellent organisations achieve and sustain outstanding results that meet or exceed the needs and expectations of their people. ཟེར་བཀོད་དོ་བཟུམ་འབད་ གཙོ་བོ་ར་ལས་སྡེ་འདི་ནང་ལུ་ཡོད་པའི་མི་གིས་ཁོང་གི་འདོད་པ་ལས་ལྷག་པའི་ ཡུན་བརྟེན་ལྡན་པའི་ཁྱད་དུ་འཕགས་པའི་གྲུབ་འབྲས་ཚུ་ སྟོན་དགོཔ་འདི་ལུ་སླབ་ཨིན། ལས་སྡེ་དང་འབྲེལ་བ་ཡོད་པའི་ མི་གི་གྲུབ་འབྲས་ཟེར་མི་འདི་ ལས་སྡེ་གིས་ འབྲེལ་བ་ཡོད་པའི་མི་གི་བསམ་ལེན་མ་འདྲཝ་དང་ རྒྱབ་སྐྱོར་ཚུ་ལས་བརྟེན་ཏེ་ འབྱུང་མི་སྤུས་ཚད་ལྡན་པའི་ ཞབས་ཏོག་ལུ་སླབ་ཨིན། ལས་སྡེ་དང་འབྲེལ་བ་ཡོད་པའི་མི་གི་ ལཱ་དང་འགན་ཁུར་ འདི་ཡང་ ལས་སྡེ་གིས་ འབད་ཡོད་པའི་ལཱ་གི་གྲུབ་འབྲས་དང་ སྤུས་ཚད་གཉིས་ དམིགས་ཡུལ་དང་འཁྲིལ་བའི་ ལས་དོན་ཚུ་ གྲུབ་ཚུགས་ཏེ་ ཡོད་མེད་ཚུ་ རྟག་དཔྱད་འབད་དེ་ བསམ་ལེན་བཀོད་མི་འདི་ཨིན། གཙོ་བོ་རང་ ལས་སྡེ་དང་འབྲེལ་བ་ཡོད་པའི་ མི་ཚུ་གི་གྲུབ་འབྲས་ཨིན།

) མི་སྡེའི་གྲུབ་འབྲས། (Society results)
Definition: Excellent organisations achieve and sustain outstanding results that meet or exceed the needs and expectations of relevant stakeholders within society.
ཟེར་མི་འདི་ འབྲེལ་བ་ཡོད་པའི་མི་སྡེ་དང་ཁེ་གྱོང་ཡོད་མི་ཚུ་གི་ནང་འཁོད་ནང་ ཁོང་རའི་དམིགས་གཏད་དང་འདོད་པ་ལས་ ལྷག་པའི་ཡུན་བརྟེན་ཕུགས་འཆར་གི་གྲུབ་འབྲས་ལུ་སླབ་ཨིན།
གནས་ཚད་འདི་ནང་ལུ་ མི་སྡེ་ཟེར་མི་འདི་ ལས་སྡེ་འདི་ནང་གི་ལས་བྱེདཔ་ཚུ་གི་ཉེ་ཚན་དང་ ལས་སྡེ་དང་འབྲེལ་བའི་ཡོད་པའི་ མི་ ཡང་ན་ ལས་སྡེ་གི་ལཱ་གི་ དམིགས་ཡུལ་དང་ཕུགས་འཆར་ཚུ་གྲུབ་འབྲས་ཚུགསནི་ནང་ བཅའ་མར་གཏོགས་མི་ མི་ངོམ་གཅིག་དང་ སྡེ་ཚན་ག་འབད་རུང་ཅིག་ལུ་གོཝ་ཨིན། དེ་འབདཝ་ལས་ ལས་སྡེ་དང་འབྲེལ་བའི་མི་ ཡང་ན་ མཉམ་འབྲེལ་པ་གི་ཉེ་ཚན་ཚུ་ ལས་སྡེ་གི་ས་གནས་ནང་ འཛུལ་ཞུགས་འབད་བའི་བསྒང་ལས་ ཁོང་ཚུ་ ལས་སྡེ་དང་འབྲེལ་བའི་ གྲུབ་འབྲས་འབད་རྩིསཝ་ཨིན། གོང་ལུ་བཀོཡོད་པའི་མི་ངོམ་ཚུ་ རང་སོའི་ཁྱིམ་ནང་སྡོད་པ་ཅིན་ མི་སྡེ་གི་མི་ངོམ་འབད་ རྩིསཝ་ཨིན། འདི་ལུ་ ནང་འཁོད་ཀྱི་མི་སྡེ་ (internal society) ཟེར་ སླབ་ཨིན། འདི་ནང་ལུ་ ལས་ཁུངས་ལུ་ གཡུས་ གཞུང་ འཛམ་གླིང་རྒྱལ་ཁབ་ཡོངས་ལས་བརྟེན་པའི་ གྲུབ་འབྲས་ག་དེ་སྦེ་ཐོན་ནུག་ག་གི་སྐོར་ལས་ཨིན་མས།
) དམིགས་གསལ་ལཱ་གི་གྲུབ་འབྲས། (Key performance results)
Definition: Excellent organisations achieve and sustain outstanding results that meet or exceed the needs and expectations of their business stakeholders
ལས་སྡེ་འདི་གི་མཆོག་འགྱུར་གྱི་གྲུབ་འབྲས་ཚུ་ དམིགས་གཏད་དང་དམིགས་ཡུལ་ ལས་ལྷག་སྟེ་ འཐོན་ནི་དང་ ཡུན་བརྟན་འབད་བཞག་ནི་ལུ་སླབ་ཨིན།
EFQM ལག་ལེན་འཐབ་པའི་ཁེ་ཕན།
·         ལས་སྡེ་དང་འབྲེལ་བ་ཡོད་པའི་མི་ཚུ དམ་ཚིག་ཅན་དང་ བསམ་པ་རྫོགས་ཚུགས།
  • འགོ་ཁྲིདཔ་མཐར་འཁྱོལ་ཅན་འབད་ཚུགས།
  • ལས་སྡེ་ནང་ལུ་ གཅིག་སྒྲིལ་གྱི་ཐོག་ལས་ དམིགས་གཏད་གཅིག་ལུ་བསྐྱེད་དེ་ ལཱ་འབད་ཚུགས།
  • ལས་བྱེདཔ་དང་ ཁེ་གུད་ཡོད་མི་ཚུ་ བཅར་མར་གཏོགས་ནིའི་གོ་སྐབས་སྤྲོད་ནི་དང་ སེམས་ཤུགས་བྱིན་ཚུགས།
  • གནས་སྐབས་གོང་འཕེལ་གཏང་ཚུགས།
  • ལག་ལེན་དོན་སྨིན་ཅན་དང་ནུས་ཤུགས་ཅན་འབད་འཐབ་ཚུགས 
    གྲུབ་འབྲས་ཡང་དག་ཅན་བཏོན་ཚུགས།





  



ཚད༌གཞི༌དགུ༌ནང༌ཚུད༌ཡོད༌མི༌ སློབ༌གྲྭའི༌མི༌སྟོབས༌ཚུ༌གི༌ འགན༌ཁུར༌བཤད༌པ།

སློབ༌དབུ༌འཛིན། སྤྱིར༌བཏང༌འགོ༌ཁྲིདཔ༌གི༌ཕྱག༌འགན༌འབག༌སྟེ༌ ལོ༌གཅིག༌གི༌འཆར༌གཞི༌དང༌ སློབ༌གྲྭའི༌དམིགས༌གཏད༌དང༌ དམིགས༌ཡུལ༌གྱི༌སྐོར༌ལས༌ སློབ༌གྲྭ༌ནང༌གི༌ ལས༌གཡོགཔ༌ག༌ར༌ལུ༌ བཤད༌དེ༌ ཧིང༌སངས༌ས༌བཟོཝ༌ཨིན། སློབ༌དཔོན༌དང༌ ལས༌བྱེདཔ༌གཞན༌མི༌ཚུ༌ལུ་ ལཱ༌འགན༌སྤྲོད༌དེ༌ སློབ༌གྲྭའི༌ལཱ༌ག༌བཟུམ༌འཐོན༌རུང༌ ལཱ༌འགོ༌བཀྲམ༌འབད༌ནི༌དང༌ འགོ༌འདྲེན༌འཐབ༌ཨིན། སློབ༌དབུ༌འཛིན༌འགོམ༌གི༌ སློབ༌སྟོན༌འཆར༌གཞི༌དང༌ སློབ༌སྟོན༌བལྟ༌རྟོག༌འབདཝ༌ཨིན།

སློབ༌དབུ༌འཛིན༌འགམ་གཉིས་ལས དང་པ་འདི་གིས་ སློབ་རིག་དང་འབྲེལ་བའི་ལཱ་ཚུ་འབདཝ་ཨིན།
སློབ་རིག་དང་འབྲེལ་བའི་ཤེས་ཡོན་ དཔེར་ན་ སློབ་ཕྲུག་འཛུལ་ཞུགས་དང་ གནས་སོར། སློབ་ཕྲུག་གི་ངལ་གསོ། སློབ་དཔོན་གྱི་ངལ་གསོ། དུས་ཚོད་རེའུ་མིག གཞན་ཡང་དམིགས་བསལ་གྱི་ཤེས་ཡོན་(special need education) ཚུ་ལྟ་རྟོག་མཛདཔ་ཨིན། ཆོས༌ཚན༌འགོ༌ཁྲིདཔ༌ཚུ༌གི༌ སློབ༌སྟོན༌འཆར༌གཞི༌དང༌ སློབ༌སྟོན༌ཚུ་བལྟ༌རྟོག༌འབད་བའི་ཁར་ དུས་རྒྱུན་དབྱེ་ཞིབ་ཚུ་ག་དེ་སྦེ་འབདཝ་ཨིན་ན་ཚུ་ གཟིགསཔ༌ཨིན། ལོ༌འཁོར༌གྱི་ འཆར༌གཞི༌དང༌འཁྲིལ༌ ཆོས་རྒྱུགས་ཀྱི་ལས་རིམ༌ཚུ༌ཞིབ༌དཔྱད༌ འབདཝ༌ཨིན།
སློབ༌དབུ༌འཛིན༌འོགམ་གཉིས་པ་འདི་གིས་ སློབ་རིག་དང་མ་འབྲེལ་བའི་ལཱ་ཚུ་འབདཝ་ཨིན།
སློབ༌གྲྭའི༌སྦྱོང༌ལཱ༌གཞན༌དཔེར༌ན༌ སློབ་ཕྲུག་གི་སྒྲིག་ལམ། རྩེད༌རིགས། རང་ལུགས། གཟུགས་ཁམས་ཉེན་སྲུང་། སློབ་ཕྲུག་གི་ཉལ་ཁྱིམ།
 མཐའ་འཁོར་མཛེས་ལྡན། ཆོས་ཚོགས། ན་གཞོན་ལམ་སྟོན། སྣ་ཚོགས་ལས་རིམ།  རྩོམ༌རིག༌གི༌སྦྱོང༌ལཱ༌ལ༌ཚུ༌ འགོ༌འདྲེན༌འཐབ༌ནི་དང་ འདི་ལུ་བཏུབ་མ་བཏུབ་ཀྱི་བསམ་ལན་ཚུ་བྱིནམ་ཨིན། དེ་ལས་ ལོ་གཅིག་ནང་ལས་རིམ་གལ་ཅན་ རང་ལུགས་ཞབས་ཁྲའི་ལས་རིམ་འགོ་འདྲེན་འཐབ་པའི་སྐབས་ སློབ་དཔོན་ཚུ་ལུ་ལཱ་གི་འགན་ཁུར་ཚུ་སྤྲོད་ནིའི་འགན་ཁུར་ཚུ་འབགཔ་ཨིན།
ཆོས༌ཚན༌འགོ༌དཔོན།
རང༌སོའི༌འོག༌ལུ༌ ཡོད༌པའི༌ཆོས༌ཚན༌སློབ༌དཔོན༌ཚུ༌གི༌ སློབ༌སྟོན༌འཆར༌གཞི༌ དབྱེ༌ཞིབ༌འབད༌དེ༌ ཟླ༌རིམ༌གྱི༌དབྱེ༌ཞིབ༌ཚུ༌ ག༌དེ༌སྦེ༌འབད༌དེ༌ འདུག༌ག༌ ལྟ༌རྟོགས༌འབདཝ༌ཨིན། སློབ༌དཔོན༌ཚུ༌གིས༌ སློབ༌སྟོན༌འབདཝ༌ད༌ འོས༌འབབ༌ཡོད༌པའི༌ སློབ༌སྟོན༌ཐབས༌ཤེས༌ཚུ༌ ལག༌ལེན༌འཐབ༌དོ༌ག༌ ལྟ༌རྟོགས༌འབད༌དེ༌ ལེགས༌ཉེས༌གྱི༌བསམ༌ལན༌ཚུ༌ བྱིནམ༌ཨིན། ཆོས༌རྒྱུགས༌ཀྱི༌ལན༌ཤོས༌ཚུ༌ སྡེ༌ཚན༌ནང༌དབྱེ༌ཞིབ༌འབད༌ནིའི༌འགོ༌དྲེན༌ འཐབ༌ཨིན།

སློབ༌གྲྭའི༌དྲུང༌ཆེན།
སློབ༌གྲྭ༌ནང༌ལུ༌ ཞལ༌འཛོམས༌ཚོགས༌པའི༌སྐབས༌ གྲས༌ཆོད༌ཚུ༌ བྲིས༌ཏེ༌ ཁག༌ཆེ༌མི༌ཚུ༌ ལས༌བྱེདཔ༌ག༌ར༌ ལུ་དྲན༌གསོ༌འབདཝ༌ཨིན། སློབ༌གྲྭ༌ནང༌འཁོད༌དང༌ ལས༌བྱེདཔ༌ཚུ༌ལུ༌རྐྱེན༌བར༌ཆད༌རེ༌ འབྱུང༌པའི༌སྐབས༌ལུ༌ སེམས༌གསོ༌ཚུ༌བསྡུ༌ལེན༌འབད༌དེ༌ བལྟ༌བར༌ འགྱོ༌ནིའི༌ འགོ༌འདྲེན༌འཐབ༌ཨིན། སློབ༌གྲྭ༌ནང༌ལུ༌ མགྱོགམ༌རེ༌ བྱོན༌པའི༌སྐབས༌ ལཱ༌ཚུ༌ག༌ར༌ དྲུང༌ཆེན༌གྱིས༌ འགོ༌འདྲེན༌འཐབ༌ཐོག༌ལས༌འབདཝ༌ཨིན།
སློབ་དཔོན།
སློབ་དཔོན་གིས་ སློབ་གྲྭའི་འཆར་གཞི་དང་འཁྲིལ་སྟེ་ ཆོས་་ཚན་འགོ་ཁྲིདཔ་མཉམ་སྡོད་འདི་ རང་གི་ཆོས་ཚན་ནང་ གྲུབ་འབྲས་བརྒྱ་ཆ་ལས་ དེ་ཅིག་འའཐོབ་དགོ་ཟེར་བའི་དམིགས་ཡུལ་ཚུ་བཟོ་ནི་དང་ གཞན་ཡང་ལོ་གཅིག་གི་སློབ་སྟོན་འཆར་གཞི་ཚུ་བཟོཝ་ཨིན། དེ་ལས་སློབ་ཕྲུག་ཚུ་ལུ་སློབ་སྟོན་ ག་ཅི་འབད་ནི་ཨིན་ནའི་འཆར་གཞི་ཚུ་བཟོ་ནི་དང་ ཨ་ལོའི་ལཱ་དང་གྲུབ་འབྲས་ཚུལ་མཐུན་བཟོ་ནིའི་དོན་ལུ་ དུས་རྒྱུན་དབྱེ་ཞིབ་འབད་ཐངས་ཀྱི་ཚད་གཞི་ཚུ་ཡང་ རང་སོའི་ཆོས་ཚན་དང་སྡོད་དེ་འབདཝ་ཨིན།
གཞན་ཡང་ སློབ་གྲྭ་ནང་ལས་རིམ་ག་ཅི་རང་འབད་རུང་འདི་ནང་ སློབ་དཔོན་ཚུ་གིས་འགན་ཁུར་འབག་སྟེ་ སློབ་གྲྭའི་ལས་རིམ་ཚུ་ལེགས་ཤོམ་དང་མཐར་འཁྱོལ་ཅན་ཚུ་བཟོ་ནི་ལུ་ གྲོགས་རམ་ཚུ་འབདཝ་ཨིན། ཨ་ལོའི་བྱ་སྤྱོད་བཅོ་ཁ་བརྐྱབ་ནིའི་དོན་ལུ་ ཨ་ལོའི་དཀའ་ངལ་ཚུ་བསལ་ནི་ནང་ཡང་གྲོགས་རམ་དང་ རྒྱབ་སྐྱོར་ཚུ་འབད་ནི་ཡོད།
ལས་བྱེད་པ་རྣམས།
ལས་བྱེད་པ་གཞན་ཚུ་གིས་ཡང་  སློབ་གྲྭའི་ལོ་འཁོར་འཆར་གཞི་དང་འཁྲིལ་སྟེ་ ལོ་གཅིག་གི་ལཱ་གི་འཆར་གཞི་ཚུ་བཟོ་ རང་གི་འགན་ཁུར་དང་འབྲེལ་བའི་ལཱ་འགན་ཚུ་འབག་སྟེ་ གྲུབ་འབྲས་བརྒྱ་ཆ་ལས་ དེ་ཅིག་འཐོབ་དགོ་ཟེར་བའི་དམིགས་ཡུལ་ཚུ་བཟོ་ནི་ཚུ་འབདཝ་ཨིན།
དེ་ལས་སློབ་ཕྲུག་ཚུ་ལུ་ཀུན་ཚང་ཤེས་ཡོན་སྤྲོད་ནིའི་དོན་ལུ་ སྣ་ཚོགས་ལས་རིམ་གྱི་འཆར་གཞི་ཚུ་བཟོ་ནི་དང་ ཨ་ལོའི་ལཱ་དང་གྲུབ་འབྲས་ཚུལ་མཐུན་བཟོ་ནིའི་དོན་ལུ་ དུས་རྒྱུན་དབྱེ་ཞིབ་འབད་དོ་ཡོདཔ་ཨིན།
ལས་བྱེད་པ་ལ་ལུ་གིས་ སློབ་ཕྲུག་གི་གཟུགས་སྟོབས་ ལེགས་ཤོམ་འབད་བཞག་ཐབས་དང་འཚོ་ཐབས་ལུ་ བཞེས་སྒོ་གི་རིགས་ཚུ་བཅའ་སྒྲིགས་རྐྱབས་ཐོག་ལས་ ཕན་ནུས་ཅན་གི་ཟས་བཅུད་ཅན་བྱིན་ཏེ་ ཟས་བཅུད་ལུ་ལཱ་འབད་དེ་ཡོན་ཏན་ལེགས་ཤོམ་ལྷབ་ནི་ལུ་རོགས་རམ་འབདཝ་ཨིན།
སློབ༌ཕྲུག 
སློབ༌དཔོན༌གྱིས༌ སློབ༌སྟོན༌འབད་མི༌ཚུ༌ ལྷབ༌སྦྱང༌འབདཝ༌ཨིན། ལས༌འགུལ༌ ལ༌སོགས༌པ༌འབྲི༌བའི༌སྐབས༌ ཡོངས༌འབྲེལ༌ནང༌ལས༌ འཚོལ༌ཞིབ༌འབད༌ནི༌དང༌ དཔེ༌མཛོད༌ཁང༌ལས༌ ཀི༌དེབ༌ཚུ༌ལྷག༌སྟེ༌ འབདཝ༌ཨིན།
གཞན་ཡང་ སློབ་རིག་དང་མ་འབྲེལ་བའི་ལཱ་ སྣ་ཚོགས་ལས་རིམ་དང་ སློབ་ཁང་གི་འགྲན་བསྡུར་ཚུ་ཡང་ བཅའ་སྒྲིག་བརྐྱབ་སྟེ་ ལས་རིམ་ཚུ་ཚུལ་མཐུན་དང་ ཕན་ནུས་ཅན་ཚུ་བཟོ་ནི་ལུ་ སེམས་ཤུགས་ཚུ་བསྐྱེདཔ་ཨིན།
 

 

མངོན་གསལ་འཁྲུལ་ཆས་ཀྱི་རིག་ལམ་འདི་གིས་ ལས་སྡེ་གི་ གྲུབ་འབྲས་དབྱེ་ཞིབ་ཀྱི་མཁོ་ཆས་ནུས་ཤུགས་ཅན་ཅིག་དང་འཛིན་ སྐྱོང་ཐབས་ལམ་དྲག་ཤོས་ཅིག་འབད་ ལཱ་འབདཝ་ཨིན། འདི་གིས་ ལས་སྡེ་རང་གིས་ དམིགས་གཏད་དང་དམིགས་ཡུལ་ ག་ཅི་ ཨིན་ན་ སྟོནམ་ཨིན།
མངོན་གསལ་འཕྲུལ་ཆས་འདི་གིས་ གོང་ལུ་བཀོད་ཡོད་མི་ཁྱད་འཕགས་ཀྱི་གོ་དོན་ཐོབ་ནི་དང་ ཚད་གཞི་རང་རང་སོ་སོ་གིས་་འགན་ཁུར་ག་ དེ་སྦེ་ འབག་དོ་ག་ དེ་ལས་ཐབས་ལམ་ག་ཅི་སྟོན་དོ་ག་ཚུ་ དྲན་གསོ་འབདཝ་མ་ཚད་ ལས་སྡེ་འདི་གིས་ ལཱ་གི་གྲུབ་འབྲས་ག་ཅི་བཟུམ་ ཅིག་ འབྱུང་དགོཔ་ཨིན་ན་ཚུ་ ལམ་སྟོན་འབདཝ་ཨིན།  ལས་སྡེ་གི་གྲུབ་འབྲས་ ཧེང་སྐལ་ལེགས་ཤོམ་དང་ མཆོག་འགྱུར་ག་དེ་སྦེ་ བཟོ་ནི་ཨིན་ན་ཚུ་གི་ ཐབས་ལམ་ཡང་ འཚོལཝ་ཨིན།

བཅུད་བསྡུ་བ་ཅིན་ ག་སྟེ་ལས་ག་སྟེ་ལྷོད་དགོཔ་ཨིན་ན་གི་སྐོར་ལས་ལམ་སྟོན་འབདཝ་ཨིན།
 

 
མཇུག་བསྡུ།
EFQM Excellence Model འདི་གིས་སློབ་གྲྭའི་དམིགས་ཡུལ་དང་ ཕུགས་འཆར་ཚུ་གྲུབ་ཐབས་ལུ་ རིག་པ་གསརཔ་ ཚུ་ལག་ལེན་འཐབ་སྟེ་ ལཱ་འབད་མི་དང་ འབད་ནིའི་ལཱ་གཉིས་ལུ་ ཁེ་ཕན་ཚུ་སྦོམ་ཡོདཔ་ལས་ EFQM Excellence Model ནང་ལུ་ཡོད་པའི་ ཚད་གཞི་དགུ་འདི་ ལག་ལེན་འཐབ་སྟེ་ སློབ་གྲྭའི་ལཱ་དང་ མི་ངོམ་རང་རང་སོ་སོའི་ བྱ་བ་སྤྱོད་ལམ་དབྱེ་ཞིབ་འབད་ནིའི་དོན་ཡང་ཁེ་ཕན་དང་ ཁྱད་པར་ཡང་སྦོམ་བཟོ་ཚུགས་ནི་ཨིན་པས།
ལས་སྡེ་ཁག་དང་ ལྷག་པར་དུ་ སློབ་གྲྭ་འདི་ཡར་རྒྱས་དང་ མིང་གཏམ་དོན་ལུ་དང་ མཆོག་གྱུར་བཟོ་ཐབས་ཀྱི་ ཐབས་ལམ་ཡང་དག་པ་ཅིག་ཨིན་ལས་ དཔེ་གཟུགས་འདི་གིས་ ལས་སྡེ་དང་ སློབ་གྲྭ་ཚུ་ཡར་རྒྱས་བཏང་པ་གི་མ་ཚད་ ལཱ་གི་གོ་རིམ་ཡང་ ཚུལ་བཞིན་འབད་འགྱོ་ཚུགས་ནི་ལུ་ཁེ་ཕན་ཡོདཔ་ཨིན། འདི་གིས་མ་དོ་བར་ ལཱ་འབད་མི་དང་ ཕྱི་མི་ལས་ཐོབ་པའི་མཐུན་རྐྱེན་དང་ ཉམས་མྱོང་ བསམ་ལན་ཚུ་ ཚུལ་མཐུན་ལག་ལེན་འཐབ་ཚུགས་ནི་དང་ ཁོང་གི་ལེགས་ཉེས་ཀྱི་བསམ་ལན་དང་ ལཱ་གི་ཉམས་མྱོང་ལས་བརྟེན་ ལྷབ་སྦྱང་ལེ་ཤ་འབད་ཚུགས་པའི་ཕན་པ་ཚུ་ཡོདཔ་ཨིན།
གདོང་ལེན་ཆེ་བའི་དུས་ཚོད་ ད་རེས་བཟུམ་ཅིག་ཁར་ ལས་སྡེ་དང་ལྷན་ཁག་ཚུ་ག་རང་འབད་རུང་ ཡར་དྲགས་འགྱོ་ནི་དང་ ཡུན་བརྟན་ གྱི་གོང་འཕེལ་འགྱོ་དགོ་པ་ཅིན་ ཐབས་ཤེས་ཅིག་ལུ་བརྟེན་དགོཔ་ཨིན་མས། EFQM MODEL འདི་གིས་ གདོང་ལེན་དེ་ཚུ་ སེལ་ཐབས་སྟོནམ་མ་ཚད་ ལས་སྡེ་གཅིག་ནང་གི་ ལས་མི་ཚུ་ མཐུན་ལམ་དང་མཉམ་འབྲེལ་གྱི་ཐོག་ལས་ ལཱ་འབད་དེ་འདི་གིས་ཡུན་བརྟེན་གོང་འཕེལ་གཏང་ནི་ལུ་ ཕན་ཐོགསཔ་ཨིན་ནོ






 

 

 

རྒྱབ་རྟེན་དཔེ་ཐོ།References

Arturo Calvo-Mora, A. L. (n.d.). Using enablers of the EFQM model to Manage institutions of higer education. Spain: Depaetment of Business Admisnistration and Marketing,Faculty of Business and Economic Science,University of Sevill.
CAROL STEED and GWYN ARNOLD. (2001`). MAPPING THE QAA FRAMEWORK AND THE EFQM EXCELLENCE MODEL. Sheffield Hallam University.
Rompuy. (2017). overview of EFQM Excellence Model. Retrieved from http://www.efqm.org
Rompuy, H. v. (2012). An Overview of EFQM Excellence Model. B-1140 Brussels- Belgium: Avenue des Olympiades 2. Retrieved from http://wwew.efqm.org
Rompuy, H. v. (2017). An overview of the Excellence Model. Retrieved from http://www.efqm.org: http://www.efqm.org




No comments:

Post a Comment