Wednesday, October 14, 2015



ཞིབ་འཚོལ་གྱི་དོན་ཚན་ = རྫོང་ཁའི་སློབ་དཔོན་ཚུ་གི་སློབ་སྟོན་ཐབས་ཤེས་མ་འདྲཝ་ག་ཅི་བཟུམ་ར་ལག་ལེན་འཐབ་ཨིན་ན།
དཀའ་ངལ་གསལ་བཤད།
ད་རེས་ནངས་པ་ རྒྱལ་ཁབ་ཡར་ཀྱིས་འགྱུར་བ་དང་འཁྲིལ་ འཛམ་གླིང་རྒྱལ་ཁབ་ཆ་མཉམ་ནང་ སློབ་དཔོན་སློབ་སྦྱོང་སྤེལ་ཁང་དང་ཤེས་རིག་མཐོ་རིམ་སློབ་གྲྭ་ནང་ལུ་ སློབ་སྟོན་ལུ་མཁོ་བའི་ཤེས་ཡོན་མང་རབ་ཅིག་ སྦྱང་བ་འབད་ནི་ཡོདཔ་མ་ཚད་ལྷག་པར་དུ་ སློབ་སྟོན་ཐབས་ཤེས་འདི་ཚུ་ཆོས་ཚན་གཙོ་བོ་ཅིག་འབད་སློབ་སྟོན་འབད་དེ་ཡོདཔ་ཨིན།
སློབ་སྟོན་ཐབས་ཤེས་ཟེར་མི་འདི་ ཨ་ལོ་ཚུ་གི་ཤེས་ཡོན་གྱི་གོ་དོན་ཚུ་འཇམ་ཏོང་ཏོ་དང་ མགྱོགས་དྲགས་འབད་ཧ་གོ་ཚུགས་ནི་དོན་ལུ་ གནས་སྐབས་མ་འདྲཝ་སྟོན་ཏེ་སློབ་སྟོན་འབད་ནི་གི་ཐབས་ཤེས་ཅིག་ལུ་སླབ་ཨིན།
དཔེར་ན་ སློབ་སྟོན་འབད་བའི་སྐབས་སུ་ལྷབ་སྟོན་མཁོ་ཆས་མ་འདྲཝ་བཟོ་ནི། སློབ་སྟོན་མ་འབད་བའི་ཧེ་མ་ ཨ་ལོའི་བསམ་འཆར་ལེན་ནི། འཆར་གཞི་བཟོ་སྟེ་ དེ་དང་འབྲེལ་བའི་སྦྱོང་ལཱ་སྣ་ཚོགས་བཅའ་སྒྲིག་བརྐྱབ་ནི་ཚུ་ལུ་ སླབ་ཨིན།
ཐབས་ཤེས་འདི་ཚུ་སྤེལ་ཁང་དང་ མཐོ་རིམ་སློབ་གྲྭ་ཚུ་ནང་ ཉིན་རིམ་བཞིན་དུ་ ལྷབ་སྦྱང་འབད་དེ་ཡོད་རུང་ གནས་སྟངས་ངོ་མ་ནང་ལྷོདཔ་ད་ སློབ་ཕྲུག་གི་སྤྲོ་བ་དང་བསྟུན་ཏེ་ཨིན་ན་ ཡང་ན་ ཆོས་ཚན་གྱི་མཐུན་ཚན་ཉུངམ་ལས་ ལོ་འཁོར་འཆར་གཞི་དང་བསྟུན་མཇུག་བསྡུ་དགོཔ་འབད་ཡོད་ནི་འདི་གིས་ཨིན་ན་ དུས་ཚོད་དང་བསྟུན་པའི་སྦྱོང་ལཱ་བྱི་ནི་དང་ ཐབས་ཤེས་ཚུ་ལག་ལེན་འཐབ་ནི་ཚུ་ ཉུང་སུ་འགྱོ་དོ་ཡོདཔ་ལས་ ད་ཚུན་རྫོང་ཁའི་སློབ་སྟོན་པ་ཚུ་གིས་སློབ་སྟོན་འབད་ས་བལྟཝ་དང་ སྤེལ་ཁང་ལས་མཐར་འཁྱོལ་ཏེ་སློབ་གྲྭ་ནང་སློབ་དཔོན་འབད་ལྷོད་བཞིནམ་ལས་ ལོ་གཅིག་དང་ཡང་ན་གཉིས་དེ་ཅིག་གི་རིང་ལུ་ སྤྲོ་བའི་སྒོ་ལས་ཐབས་ཤེས་ཚུ་ ལག་ལེན་འཐབ་དོ་ཡོདཔ་ཨིན།
འདི་གི་ཤུལ་ལས་མང་ཤོས་ཀྱིས་ར་ ཆོས་གནང་དོ་བཟུམ་འབད་ གསལ་བཤད་ཀྱི་སྒོ་ལས་ སློབ་ཕྲུག་དང་འབྲེལ་བ་ཆེནམོ་ཅིག་མ་འཐབ་པར་ སློབ་དཔོན་གྱིས་ནོར་ལུ་ཚྭ་བླུག་དོ་བཟུམ་ སློབ་དཔོན་རང་གི་ཁ་ཐུག་ལས་ར་བཤད་པ་རྐྱབས་སྟེ་ སློབ་ཕྲུག་གི་ལཱ་འབད་ནི་ཟེར་རུང་ དྲི་བ་དྲི་ལན་གྱི་ཁྱིམ་ལཱ་རྐྱབས་ནི་ལས་ གཞན་ག་ནི་ཡང་འབད་སར་མ་མཐོང་མི་འདི་དང་བསྟུན་པ་ཅིན་ ད་རེ་ཀྱི་གནས་སྟངས་ནང་ རྫོང་ཁ་སླབ་ནི་འདི་ཡར་རྒྱས་འགྱོ་རུང་ འབྲི་ལྷག་གི་དབང་དུ་གཏང་པ་ཅིན་ རང་ལུ་དགོ་པའི་ཞུ་ཡིག་ཅིག་ར་འབྲི་མི་ཤེས་པས་ཟེར་བའི་ ལོ་རྒྱུས་སླབ་དོ་བཟུམ་དོ་རུང་ (http://tb.chinatibetnews.com སློབ་མའི་སློབ་སྦྱོང་གི་སྤྲོ་སྣང་འཕེལ་ཐབས་སྐོར་རགས་ཙམ་གླེང་བ།) ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།  སྤེལ་དུས།   2015-05-08 ནང་ལས་ དགེ་རྒན་ནི་སློབ་མའི་མིག་དཔེ་ཞིག་ཡིན་པས་དགེ་རྒན་གྱི་རྣམ་འགྱུར་དང་སྟངས་སྟབས་ཀྱིས་སློབ་མར་ཐད་ཀར་ཤུགས་རྐྱེན་ཆེན་པོ་ཐེབས་ཀྱི་ཡོད། སློབ་ཁྲིད་བྱེད་སྐབས་དགེ་རྒན་ལ་སྙིང་སྟོབས་མེད་པ་དང་། ཉོབ་མདངས་ཆེ་བ། སེམས་ཤུགས་དང་བྲལ་ན་སློབ་མར་ཡང་སློབ་ཚན་ཉན་པའི་སྤྲོ་སྣང་མེད་པར་འགྱུར་ངེས། དེས་ན་དུས་དང་རྣམ་པ་ཀུན་ཏུ་དགེ་རྒན་གྱིས་རང་གི་རྣམ་འགྱུར་ལ་ཡིད་གཟབ་ཆེན་པོ་བྱས་ནས་སེམས་ཤུགས་ཆེར་བསྐྱེད་ཀྱིས་སློབ་ཁྲིད་བྱས་ན། སློབ་མར་ཡང་རང་བཞིན་དུ་ཤུགས་རྐྱེན་ཐེབས་ནས་སློབ་ཁྲིད་ཀྱི་ཕན་འབྲས་ཆེན་པོ་ཐོན་ངེས་ཡིན། དེ་ལས་རྟོགས་ཐུབ་པ་ནི་དགེ་རྒན་གྱི་སེམས་ཤུགས་ནི་སློབ་མའི་སེམས་ཤུགས་སུ་འགྱུར་ནུས་པ་དང་དགེ་རྒན་གྱི་སྙིང་སྟོབས་ཀྱང་སློབ་མའི་སྙིང་སྟོབས་སུ་འགྱུར་ནུས་པས། དགེ་རྒན་གྱིས་འགན་སེམས་ཆེན་པོ་ཅངས་ནས་ཡིད་སེམས་གཅིག་སྡུད་ཀྱིས་སློབ་ཁྲིད་ལ་གཞོལ་བ་དེ་ཡང་སློབ་མས་འབད་པ་ལྷུར་ལེན་གྱིས་སློབ་སྦྱོང་བྱེད་པའི་སྒུལ་ཤུགས་སུ་འགྱུར་ནུས་པའོ།   ཟེར་བཤད་འདི་ཡོད་མི་ ལུ་བལྟ་རུང་ སློབ་ཁང་ནང་སློབ་དཔོན་གྱི་འབད་ཐངས་དང་སྟུན་འགྱོཝ་ཨིན་པས་ཟེར་ཞུ་ནིཨིན།
དེ་འབད་བཀོད་དགོ་མི་འདི་ཡང་ སློབ་ཁང་ནང་སློབ་དཔོན་གྱིས་དུས་རྒྱུན་བཤད་པ་གི་ཐོག་ལས་ སློབ་སྟོན་འབདཝ་ལས་ཁ་སླབ་ཐངས་ཚུ་ལེགས་ཤོམ་འགྱོ་དོ་ཡོདཔ་དང་ ལཱ་ཚུ་མང་ཤོས་ར་ སློབ་དཔོན་གྱི་ཧོང་ལས་འབད་ནི་འདི་གིས་འབྲི་ལྷག་གི་ཡོན་ཏན་ལུ་ཐོ་ཕོག་དོ་ཨིན་པས་ཟེར་ཞུ་ནི་ཨིན།
འདི་འབདཝ་ལས་ གོང་ལུ་བཤད་དོ་བཟུམ་སྦེ་ གནས་སྟངས་ངོ་མ་ནང་ལྷོད་ཞིན་ལས་ རྫོང་ཁ་སློབ་སྟོན་པ་ཚུ་གིས་ སློབ་སྟོན་འབད་བའི་སྐབས་སུ་ ཐབས་ཤེས་གཅིག་འབད་ར་བཞག་ནི་ཨིན་ན་དང་ གཞན་ཚུ་ལག་ལེན་འཐབ་ནི་ཨིན་ན་ ཐབས་ཤེས༌ལས༌བརྟེན༌ ང༌བཅས༌རའི༌སྐད༌ཡིག་ ཡར༌རྒྱས༌གཏང༌ནི༌དང༌ སློབ་ཕྲུག་ཚུ་རྫོང་ཁའི་ཆོས་ཚན་ལུ་སྤྲོ་བ་བསྐྱེད་བཅུག་ནི་རང༌གི༌ཤེས༌ཚད༌འཛམ༌གླིང༌སྤྱི༌མཐུན༌དང༌ ཅོག༌འཐདཔ༌འབད༌འགྱོ༌ཚུགས༌ནི་དེ་ལས་ སློབ་སྟོན་ཐབས་ཤེས་འདི༌གིས༌ ཁེ༌ཕན༌ཚུ་ག་དེ་འབད་ར་འབྱུང་དོ་ག?  ཧ་གོ་དགོཔ་ཡོདཔལས་ཞིབ་འཚོལ་ཅིག་འབད་ནི་ཨིན།
ཞིབ༌འཚོལ༌གྱི༌དགོས༌དོན་གསལ་བཤད
དང་པ་ རྫོང་ཁའི་སློབ་དཔོན་ཚུ་གི་སློབ་སྟོན་ཐབས་ཤེས་ལག་ལེན་འཐབ་སྟེ་ སློབ་སྟོན་ཡར་རྒྱས་ག་དེ་སྦེ་གཏང་ནི་ཨིན་ནའི་    ཕན༌པ༌ཚུ༌དབྱེ་དཔྱད༌འབད༌ནི༌ཨིན།
གཉིས་པ་ སློབ་སྟོན་ཐབས་ཤེས་འདི༌གིས༌  ཨ་ལོ་ཚུ་དབངཔོ་མི་ངལ་ནི་ དུས་ཚོད་འཕྲོ་བརླག་མི་འགྱོ་ནི་ སྐད་ཡིག་ཡར་རྒྱས་གཏང་ནི་དང་ ལྷབ་མི་ཚུ་ག་ར་ ཧ་གོ་ཚུགས་ནི་ཡོད་པའི་སྐོར་ལས་སླབ་ནི།
གསུམ་པ་ ཐབས་ཤེས་ལག་ལེན་འཐབ་མི་འདི་གིས་ ཨ་ལོ་ཚུ་གིས་སློབ་དཔོན་དང་ཆོས་ཚན་གཉིས་ཆ་ར་ལུ་ དངས་འདོད་བསྐྱེད་དེ་རྫོང་ཁའི་ཤེས་ཚད་ཡར་རྒྱས་བཏང་ནི་ལུ་ཕན་ཐོག་ ག་དེ་སྦེ་འབྱུང་ནུག་ག་དབྱེ་དཔྱད་འབད་ནི།
བཞི་པ་ ཐབས་ཤེས་གཅིག་ལག་ལེན་འཐབ་མི་དང་ ཐབས་ཤེས་མངམ་ ལག་ལེན་འཐབ་མི་གཉིས་ཀྱི་ཁྱད་པར་དཔྱད་ནི།
ལྔ་པ་ དུས་རྒྱུན་སློབ་སྟོན་འབདཝ་ད་ ག་དེ་སྦེ་འབད་ནི་ཨིན་ན་ཧ་གོ་སྟེ་ སློབ་སྟོན་འབད་ཐངས་ཀྱི་སྒྲུབ་འབྲས་སྟོན་ནི།
དམིགས་ཡུལ་གསལ་བཤད།
Ø  སློབ་སྟོན་ཐབས་ཤེས་ ལག་ལེན་འཐབ་པ་ཅིན་ རྫོང་ཁའི་ཆོས་ཚན་ལུ་སྤྲོ་བ་དང་ སྐད་ཡིག་ཡར་རྒྱས་གཏང་ནི་གནས་སྐབས་ག་དེ་སྦེ་ཡོདཔ་ཨིན་ན་ཤེས་ཚུགས་ནི།
Ø  ཐབས་ཤེས་ལག་ལེན་འདི་ལས་ ཕན་པ་དང་གནོད་པ་ག་ཅི་ཡོད་ག་ ཧ་གོ་སྟེ་ལག་ལེན་འཐབ་ཚུགས་ནི།
Ø  སློབ་སྟོན་ཐབས་ཤེས་ མངམ་ལག་ལེན་འཐབ་ནི་འདི་ལེགས་ཤོམ་ཨིནམ་འབད་ ངེས་ཤེས་འབྱུང་ནི།
Ø  སློབ་སྟོན་ཐབས་ཤེས་ ལག་ལེན་འཐབ་ནི་ལུ་ སྤྲོ་བ་སྐྱེད་དེ་ སློབ་སྟོན་ཡར་རྒྱས་བཏང་ཚུགས་ནི།
Ø  སློབ་སྟོན་ཐབས་ཤེས་འདི་གིས་ སློབ་སྟོན་སྒྲུབ་འབྲས་ཅན་ཅིག་ལུ་འགྱུར་ཚུགས་ནི།



ཞིབ༌འཚོལ༌གྱི༌དྲི༌བ།
རྩ་བའི་དྲི་བ།
སློབ་ཕྲུག་ཚུ་གིས་ རྫོང་ཁའི་ཆོས་ཚན་འདི་ གཞན་མི་ཆོས་ཚན་དང་འདྲ་མཉམ་འབད་ ལྷབ་ནི་གིས་དོན་ལུ་ ཐབས་ཤེས་ ག་ཅི་བཟུམ་ར་ལག་ལེན་འཐབ་ནི་ཡོདཔ་ཨིན་ན ?
ཡན་ལག་གི་དྲི་བ།
༡ སློབ་སྟོན་ལེགས་བཅོས་འབད་ནི་གི་དོན་ལུ་ ག་ཅི་འབད་དགོཔ་འདུག ?
༢ གནས་སྐབས་ ག་ཅི་བཟུམ་ར་ལག་ལེན་འཐབ་པ་ཅིན་ སློབ་སྟོན་ལུ་ཕན་ནི་ཨིན་ན ?
༣ སློབ་སྟོན་འབདཝ་ད་ སྤྲོ་བ་ཆེ་ཤོས་ར་ཐབས་ཤེས་ག་འདི་ལག་ལེན་འཐབ་དང་འབྱུང་སྨོ ? ག་ཅི་འབད ?
༤ སློབ་སྟོན་ཐབས་ཤེས་མངམ་ར་ ག་ཅི་འདི་ལག་ལེན་འཐབ་སྨོ ? ག་ཅི་འབད ?
༥ ཐབས་ཤེས་ཅན་གྱི་སློབ་དཔོན་ཟེར་མི་འདི་ ག་ཅི་བཟུམཅིག་ལུ་རྩིས་ནི་ཨིན་ན ?

རྩོམ་འབྲི་བསྐྱར་ཞིབ།
ང་བཅས་ར་ཚུ་ནམ་ར་འབད་རུང་ སློབ་སྟོན་འབད་བའི་སྐབས་སུ་ སློབ་སྟོན་ཐབས་ཤེས་ལག་ལེན་འཐབ་དགོཔ་འདི་ ག་ནི་བ་ཁག་ཆེཝ་ཨིན་ དེ་འབད་ཁག་ཆེ་དགོ་མི་འདི་ཡང་ སློབ་སྟོན་ཐབས་ཤེས་འདི་གིས་ གནད་དོན་ག་ཅི་གི་སྐོར་ལས་སློབ་སྟོན་འབད་རུང་སློབ་སྟོན་གྱི་དམིགས་དོན་ཚུ་སྒྲུབ་ཚུགས་པའི་མཁོ་ཆས་ངོ་མ་ཅིག་ཨིན།
དཔའ་རིས་སངས་རྒྱས་ཀྱིས(http://dzogchengonpa.org/119-2011-12-15-16- )  མཚོ་སྔོན་པོའི་ཟིན་བྲིས་ནང་ལུ་    སྤྱིར་ན་སློབ་མ་ཚོར་ཡོན་ཏན་བཟང་པོ་ཞིག་ཤེས་སུ་འཇུག་དགོས་ན།  རྒྱུ་མཚན་བཞི་ཡོད་དེ།དང་པོ་བདག་གཉེར་བཟང་དགོས། གཉིས་པ་དགེ་རྒན་བཟང་དགོས། གསུམ་པ་སློབ་དེབ་བཟང་དགོས། བཞི་བ་ཁྲིད་ཐབས་བཟང་དགོས། ཟེར་དོ་བཟུམ་ ང་བཅས་རའི་སློབ་ཕྲུག་ཚུ་གིས་ ཡོན་ཏན་བཟང་པོ་ཅིག་ཤེས་དགོ་པ་ཅིན་ རྒྱུ་བཞི་ཡོདཔ་ཨིན་ དེ་ཡང་ དང་པ་བདག་འཛིན་འབད་མི་བཟང་པོ། གཉིས་པ་སློབ་དཔོན་ལེགསཤོམ། གསུམ་པ་སློབ་དེབ་ཡང་སྤུས་ལྡན་ཅིག བཞི་པ་བློབ་སྟོན་འབད་ཐངས་ཀྱི་ཐབས་ཤེས་རབ་ཅིག་དགོ་ཟེར་བཀོད་ཡོདཔ་ལས་ འདི་ལུ་བལྟ་རུང་སློབ་སྟོན་ཐབས་ཤེས་འདི་དགོཔ་ཨིན་པས།
(http://www.montana.edu/facultyexecllence/papers/lecture.html) ནང་ལུ་ཡང་ སློབ་སྟོན་ཐབས་ཤེས་ཁག་ཆེ་དགོ་པའི་གཞི་རྩ་འདི་ར། སློབ་སྟོན་ཐབས་ལམ་སྣ་ཚོགས་ཀྱི་རིག་རྩལལག་ལེན་འཐབ་ནི་འདི་ཨིན། དཔེ་དེབ་འདི་ནང་ཁྱེད་ཚུ་གི་ སློབ་སྟོན་ཐབས་ཤེས་སྣ་ཚོགས་ཀྱི་ཐོག་ལས་ སློབ་ཕྲུག་ཚུ་ལུ་ཆ་རོགས་འབད་དེ་ ཁོ་རའི་སློབ་སྦྱང༌རྒྱ་སྐྱེད་གཏང་ནི་དང་ ལྷབ་སྟོན་གི་བྱ་རིམ་ཚུ་ཡར་རྒྱས་བཏང་ནི་ལུ་ འགན་ཁུར་མངས་སུ་སྦེ་ཕོགཕ་ཨིནམ་ཤེས་ཚུགས།                                                                    གལ་ཆེ་ཤོས་ར་ ཡོན་ཏན་ལྷབ་ནིའི་ གནས་སྟངས་འདི་ མངམ་འབད་ཕན་ཚུན་འབྲེལ་བ་ཡོདཔ་བཟོ་ནི་ཨིན་པའི་ཁར་ ལྷག་པར་དུ་ སློབ་སྦྱང་ལུ་གོམས་སྦྱང༌ཚུད་ནི་གིས་ དོན་ལུ་ འཕྲུལ་རིག་ཐམས་ལམ་ཚུ་ག་སྟེ་ཁག་ཆེ་ས་ལས་ཕར་འབྲེལ་མཐུན་བཟོ་ནི་དང་། མཉམ་རུབ་སློབ་སྦྱང་གི་ཐབས་ཤེས་ཚུ་ཡང་ ནམ་ར་འབད་རུང་ འོས་འབབ་དང་བསྟུན་ལག་ལེན་འཐབ་དགོཔ་ཨིན། (སྐད་སྒྱུར) ཟེར་བཀོད་དེ་ སློབ་སྟོན་ཐབས་ཤེས་ཡང་རིམ་པ་བཞིན་དུ་ བཀོད་ཡོད་མི་ལུ་བལྟ་རུང་ སློབ་སྟོན་ཐབས་ཤེས་ལག་ལེན་འཐབ་དགོཔ་འདི་མེད་ཐབས་མེད་ཨིནམ་ཧ་གོ་ཡོད།
རྫོང་ཁའི་སློབ་སྟོན་པ་ཚུ་ལུ་ སློབ་སྟོན་ཐབས་ཤེས་ལག་ལེན་འཐབ་ནི་ལུ་ ཁག་ཆེ་ཧིང་བལྟ་བ་ཅིན་ ང་བཅས་རའི་རྒྱལ་ཁབ་ནང་དབྱིན་ལོ་༡༩༦༠དེ་ཅིག་ལས་རྫོང་ཁའི་ཆོས་ཚན་དེ་ ཆོས་ཚན་གཙོ་བོ་ཅིག་འབད་ སློབ་སྟོན་འབད་ནིའི་ལམ་སྲོལ་འགོ་བཙུགས་རུང་ དེ་གི་སྐབས་ལུ་ སློབ་དཔོན་ཚུ་ལུ་ དེང་སང་གི་སློབ་སྟོན་ལམ་ལུགས་ཀྱི་ཐབས་ཤེས་ཚུ་ ཧ་མ་གོ་བར་ སློབ་སྟོན་འབད་ནི་གི་  དཀའ་ངལ་སྦོམ་འབད་ཡོད་པའི་སྐོར་དང་ ༡༩༩༢་ལས་རྫོང་ཁའི་ཆོས་ཚན་དེ་ ཡར་རྒྱས་གཏང་ཐབས་ལུ་ སྤོ་རོ་སློབ་སྦྱོང་ལྟེ་བ་ནང་ སློབ་སྟོན་ཐབས་ཤེས་དང་ ཁྱད་རིག་གི་ཤེས་ཡོན་སྦྱང་བ་འབད་ནིའི་དོན་ལས་ དྲིབ་ལོ་མའི་ཤེས་ཚད་ཀྱི་སློབ་སྦྱོང་ཅིག་འགོ་བཙུགས་པའི་ལོ་རྒྱུ་དང་ སྤྱི་ལོ་༡༩༩༩ ལུ་སྤ་རོ་སློབ་དཔོན་སློབ་སྦྱོང་ལྟེ་བ་འདི་ རྒྱལ་སོངས་ཤེས་རིག་སྤེས་ཁང་ལུ་ཡར་སེང་བརྐྱབས་ཏེ་ མཐོ་རིམ་སློབ་སྦྱོང་བརྡར་འགོ་བཙུགས་པའི་སྐབས་ལུ་ ཆོས་ཚན་གཞན་ཅོག་འཐདཔ་འབད་ རྫོང་ཁའི་མཐོ་རིམ་སློབ་སྦྱོང་འབད་ནི་

ཡང་གཞི་བཙུགས་འབད་ཡི་ཟེར་ མཁས་མཆོག་རྒྱ་གར་རྡོ་རྗེ་གིས་རྩོམ་སྒྲིགས་འབད་མི་དཔེ་དེབ(Quality of Education in Bhutan,2005)   ལས་ཟེར་བའི་ལུང་འདྲེན་ ཕུར་པ་གིས་རྩོམ་སྒྲིགས་འབད་ཡོད་པའི་ (ཞིབ་འཚོལ་གྱི་ཐབས་ལམ། ཤོག་ ༡༠༨། ༢༠༡༡) བཀོད་དོ་བཟུམ་འབད་རུ་ རྫོང་ཁ་སློབ་སྟོན་འབད་ནི་ལུ་ སློབ་སྟོན་ཐབས་ཤེས་ཀྱི་ཐབས་ལམ་སྟོན་ནིའི་དོན་ལུ་ ལཱ་ཁག་འབད་ ཆོས་ཚན་གཞན་དང་ཅོག་འཐདཔ་འབད་ ལཱ་ལེ་ཤ་འབད་ཡོད་མི་ལུ་བལྟ་རུང་ ཁག་སྦོམ་འབད་ར་ཆེ་བའི་ ཡིད་ཆེ་འབྱུང་ཡོད། འདི་འབདཝ་ལས་ཡང་སློབ་སྟོན་ཐབས་ཤེས་ལག་ལེན་འཐབ་ནི་འདི་གལ་ཆེ་བས།
དོ་རུང་ ཚེ་རིང་ལྷ་དཀར ་གྱིས(སློབ་ཕྲུག་དབུས་བཞག་གིས་ཤེས་ཡོན་སློབ་སྦྱོང་སྤྲོད་ཐབས།ཤོག༡།དོན༢།༢༠༡༢)         དགེ་རྒན་ཞིག་ཡིན་ཕྱིན་ སློབ་ཕྲུག་ལ་ཤེས་ཡོན་སྤྲོད་པར་ སློབ་ཕྲུག་ཚོ་རེ་རེའི་རྣམ་དཔྱོད་དང༌། རིག་སྟོབས། ཁྱད་ནུས་དང་བསྟུན་ ཁ་འཇམ་ངག་འཇམ་གྱི་སྒོ་ནས་ གང་ལ་གང་འཚམ་གྱི་བྱེད་ཐབས་སྣ་ ཚོགས་བཀོལ་ནས། སློབ་ཕྲུག་ཚོ་གཤིས་སྤྱོད་ངན་པ་ནས་བཟང་པོ་དང༌། རིག་སྟོབས་ཞན་པ་ནས་ཡག་པོ། ཤེས་ཡོན་མེད་པ་ནས་ཡོད་པའི་ལམ་དུ་ ཁྲིད་སྟོན་སྐྱེད་སྲིང་བྱ་དགོས་པ་ལས། དགེ་རྒན་གྱི་རང་གཤིས་ཞི་འཇམ་མིན་པར་ རྫིག་ཉམས་སྟོན་པ་དང༌། དྲག་ པོ་བྱེད་པ་བཅས་ཁ་རྡུང་ཉེས་རྡུང་གི་ལམ་ནས་   སློབ་ཕྲུག་ཚོར་ ཤེས་ཡོན་སྤྲོད་རྒྱུ་ཡིན་ཟེར་བ་ནི་ སློབ་ཕྲུག་གི་མདུན་ལམ་ལ་ གནོད་སྐྱོན་ཐེབས་སུ་འཇུག་པའི་ཐབས་ རྡུགས་ཀྱི་ སྤྱོད་སྟངས་ངན་པ་ཞིག་ལས་མ་འདས། དེའི་ཕྱིར་སྤྱིར་དགེ་རྒན་ཞིག་ཡིན་ཕྱིན་ བྱེད་སྟངས་ངན་པ་དེ་དག་རང་ངོས་ནས་     དོར་དགོས་པ་མ་ཟད། སློབ་ཕྲུག་དབུས་བཞག་གམ་གཙོ་བོར་བཞག་སྟེ་ ཤེས་ཡོན་སློབ་སྦྱོང་སྤྲོད་པའི་ཐབས་ལམ་ནང་ བྱེད་སྟངས་དེ་རིགས་ངེས་པར་དུ་དོར་དགོས་སོ།། ཟེར་བྲིས་ཏེ་ཡོད་མི་འདི་ལྷག་རུང་ རྫོང་ཁའི་སློབ་སྟོན་པ་ཚུ་གིས་ ང་བཅས་རའི་འབྲུག་ལུགས་ཀྱི་ ཐབས་ཤེས་ཀྱི་ཐོག་ལས་ དཔེ་སྟོན་འབད་ནི་འདི་ཡང་ མ་བཏུབ་པའི་གྲངས་སུ་ཚུད་དོ་ཡོདཔ་ལས རང་དང་གཞན་གྱི་གནས་སྐབས་ཚུ་གིས་ ཕན་པ་དང་གནོད་པ་ཚུ་ཤུགས་ཆེ་ཧིང་བལྟ་སྟེ་ སློབ་སྟོན་ཐབས་ཤེས་རྣམ་པ་སྣ་ཚོགས་ཚུ་སློབ་དང་བསྟུན་བཙུགས་དགོཔ་འདུག
སྔ་མ་ལས།   སློབ་ཕྲུག་དབུས་བཞག་གིས་ཤེས་ཡོན་སློབ་སྦྱོང་སྤྲོད་ཐབས་ནང་སློབ་གཙོ་དང༌། དགེ་རྒན། ལས་བྱེད་སོགས་ཀྱིས་སློབ་གྲྭའི་ནང་གི་འགན་འཁྲི་སྟེ་བདག་གཅེས་དང་གསོ་སྐྱོང་ལེགས་པོ་བྱེད་རྒྱུ་དེ་སློབ་ཕྲུག་ཚོ་ཡིན་པ་ངེས་ཤེས་ཀྱིས། རྣམ་ཀུན་སློབ་ཕྲུག་ཚོར་ལྟ་ཞིབ་དང༌། ལམ་སྟོན། རོགས་རམ་བཅས་ལྷོད་ཡངས་མེད་པར་བྱ་དགོས་ལ། འཛིན་གྲྭའི་དགེ་རྒན་གྱི་ངོས་ནས་སློབ་ཕྲུག་རེ་རེའི་གཟུགས་གཞིའི་གནས་སྟངས་དང༌། ཁམས་དང་མོས་པ། རིག་སྟོབས། འཇོན་ནུས། ཐ་ན་ཁྱིམ་ཚང་གི་འཚོ་བ་དང་གནས་སྟངས་སོགས་ཞིབ་ཕྲ་ཤེས་པའི་ཐོག་ནས། སློབ་ཕྲུག་ཚང་མར་ཆ་སྙོམས་ཀྱིས་དགེ་རྒན་རང་གི་བྱམས་བརྩེའི་བྱེད་ཐབས་སྣ་ཚོགས་བཀོལ་ཏེ། སྤྱི་ཁྱབ་ཀྱིས་ཤེས་ཡོན་གྱི་ལམ་དུ་ངེས་པར་འཇུག་ཐབས་བྱ་དགོས་པ་ལས། སློབ་ཕྲུག་ཚོའི་གཤིས་སྤྱོད་བཟང་ངན་དང༌། གཟུགས་གཞིའི་ཡག་སྡུག རིག་སྟོབས་ཀྱི་ཆེ་ཆུང་བཅས་ལ་དཔག་སྟེ་བདག་གཅེས་རོགས་རམ་སོགས་བྱེད་པར་ཕྱོགས་རིས་ཀྱི་བར་ཁྱད་གཏོང་མི་རུང༌། དཔེར་ན། རིག་སྟོབས་དང་གཤིས་སྤྱོད་བཟང་བ། གཟུགས་གཞི་གཙང་བའི་སློབ་ཕྲུག དེ་མིན་ཁྱིམ་ཚང་གི་འཚོ་ཐབས་བཟང་བའི་ཕ་མ་དང༌། བདག་དབང་ཆེ་བའི་ཕ་མ་སོགས་ཀྱིས་རྒྱུ་བརྫངས་ལྐོག་བཅོལ་གྱི་ངོ་སོ་ལ་བལྟས་ནས།   སློབ་ཕྲུག་དེ་རིགས་ལ་དུས་རྒྱུན་ཐུགས་ཁུར་དང་ཤ་ཚ་སྙིང་ཉེ་བསྟན་ཞིང༌། གཞན་རིགས་སྟོབས་ཞན་པ། གཤིས་སྤྱོད་རྩུབ་པ།   གཟུགས་གཞི་བཙོག་པའི་སློབ་ཕྲུག་དང༌། ཁྱིམ་ཚང་གི་འཚོ་ཐབས་ཞན་པ། ཕ་མ་དབང་ཆུང་ཉམ་ཆུང་གི་ཕྲུ་གུ་ཚོར་ དེ་འདྲའི་དོ་འཁུར་དང་བདག་སྐྱོང་མི་བྱེད་པར་ སྣང་ཆུང་དུ་གཏོང་བ་ནི་སློབ་ཕྲུག་དབུས་བཞག་གིས་ཤེས་ཡོན་སྤྲོད་ཐབས་ནང་དགེ་ རྒན་གྱི་ནག་ཉེས་ཚབས་ཆེན་ཡིན་ལ། ལྷག་པར་དགེ་རྒན་གྱིས་སློབ་ཕྲུག་ལ་ཉེས་རྡུང་གཏོང་བ་དང་ཉེས་ཆད་དྲག་པོ་གཅོད་པ་ནི་ཁྲིམས་དང་འགལ་བ་ཡིན་པས། དགེ་རྒན་དེ་རིགས་ལ་ཁྲིམས་ལུགས་ལྟར་ཉེས་ཆད་བཅད་ཆོག ’’ འདི་ལུ་གཞི་བཞག་རུང་ སློབ་སྟོན་ཐབས་ཤེས་འདི་ཚུ་ལག་ལེན་མ་འཐབ་པ་ཅིན་ སློབ་ཕྲུག་དང་སློབ་སྟོན་པ་གཉིས་ཆ་ར་ལུ་ དཀའ་ངལ་འབྱུང་བའི་གཞི་ལུ་འགྱུར་ནི་ཨིན་པས།
འདི་བཟུམ་འབད་ར་ ང་བཅས་རའི་སྔོ་རབས་ཀྱི་ དབས་ཤེས་འདི་ར་ལག་ལེན་འཐབ་མི་འདི་གི་ར་བཏུབ་པས་ཟེར་མནོ་བ་ཅིན་མཁས་མཆོག་ Mortimore.P བསྡུ་སྒྲིག་འབད་བའི་ཀི་དེབ་ཀྱི་ལེའུ་ལྔ་པའི་ནང་ (Michael Young ,1999 Norman lucas,1999,p.105,106) བཤད་དོ་བཟུམ་འབད་བ་ཅིན་ སྔར་སྲོལ་གི་སློབསྟོན་འབད་ཐངས་འདི་ མངམ་ར་ མི་རྒས་ཤོས་ཚུ་ཧེ་མའི་ཉམས་མྱོངས་ཚུ་ལཱ་བསྐོལ་དགོ་ས་ལས་ཕར་ ལག་ལེན་འཐབ་ནི་མ་གཏོགས་ ཤེས་རིག་གི་ལམ་ལུགས་ནང་ ཐབས་ཤེས་འདི་ལུ་ངོས་ལེན་མེད་པར་ ཧེ་མའི་ ལག་གཡོག་སྦྱོང་བརྡར་ནང་གི་ ལམ་ལུགས་བཟུམ་ཅིག་དང་ འདི་ནང་གིས་སློབ་སྟོན་ཡང་ད་རེ་གི་སློབ་སྟོན་བཟུབ་མིན་པར་ སློབ་སྟོན་པ་ཚུ་དང་གཅིག་ཁར་ཡང་ འབྲེལ་བ་འཐབ་ནི་ལུ་ལཱ་ཁག་ཡོདཔ་དང་། སློབ་སྟོན་གྱི་རིམ་པ་ཡང་ སློབ་སྟོན་འབད་མི་ཚུ་ རོགས་རམ་བྱིན་མི་འབད་མིན་པར་ མཐུན་རྐྱེན་སྦྱར་མི་དང་ སྦྱོང་བརྡར་བྱིན་མི་འབད་ ཁོང་གིས་ག་སླབ་མི་དེ་འབད་དགོཔ་དང་ ག་སྟོན་མི་འདི་ལྷབ་དགོཔ་འབད་ཡོདཔ་ལས་ སློབ་ཕྲུག་གིས་ཧོང་ལས་འབད་དགོཔ་དང་ མཉམ་རུབ་ཀྱིས་ཐོག་ལས་སྦྱོང་ལཱ་ཚུ་འབད་ནི་མེདཔ་ལས་ འདི་བཟུམ་མའི་ཐབས་ལམ་འདི་ གཞན་སློབ་གྲྭ་ནང་ལས་ཕར་འོས་འབབ་མེདཔ་ལས་ གལ་སྲིད་ལམ་ལུགས་འདི་ སློབ་གྲྭ་ནང་ལས་ཕར་སྦྱང་བ་འབད་དེ་ཡོད་རུང་ མ་འོངས་པ་ལུ་ རང་གི་ལཱ་འབད་སའི་ས་སྒོ་ནང་ལུ་མགུ་རྙོག་དྲགས་དང་ དཀའ་ངལ་འབྱུང་ནི་གི་གཞི་ལས་མེད་ཟེར་བཤད་ནུག (སྐད་སྒྱུར)
གནད་དོན་འདི་ལུ་གཞི་བཞག་རུང་ ང་བཅས་ར་རྫོང་ཁ་སློབ་སྟོན་པ་ཚུ་གིས་ ཧེ་མའི་ལམ་ལུགས་ སློ་དཔོན་གཙོ་སྟོན་འདི་བཞག་སྟེ་ཐབས་ལམ་གཞན་ཚུ་ལག་ལེ་འཐབ་དགོཔ་ཨིན་པས།
སློབ་སྟོན་ཐབས་ཤེས་ལག་ལེན་འཐབ་དགོ་ཟེརཝ་ད་  ཐབས་ལམ་ཡང་ལེ་ཤ་ཡོདཔ་དང་ དེ་ཚུ་གི་ཕན་པ་ཡང་མང་རབ་ཅིག་ཡོདཔ་ལས་ ལག་ལེན་འཐབ་པའི་སྐབས་སུ་ ལེགས་ཤོམ་ལས་ལེགས་ཤོས་ གདམ་ཁ་འབད་དགོཔ་འདི་ཁག་ཆེཝ་ལས་ སློ་སྟོན་ཐབས་ཤེས་ནུས་ཅན་དག་པ་ཅི་གི་ལག་ལེན་འཐབ་ཐངས་ཀྱི་སྐོར་ལས་ ཆུང་སྐྱིད་(http://tibet.people.com.cn/15470314.html)
ནང་བྲིས་ སློབ་ཁྲིད་ནི་དགེ་རྒན་གྱིས་དམིགས་ཡུལ་དང་ འཆར་གཞི་ཡོད་པའི་རྨང་གཞིའི་ཐོག་སློབ་ཕྲུག་ཚོར་སློབ་སྦྱོང་གི་བྱེད་སྒོ་ ཕུན་སུམ་ཚོགས་པོ་བཀོད་སྒྲིག་བྱ་རྒྱུ་དེ་ཡིན། དེས་ན་དགེ་རྒན་གྱིས་སློབ་ཁྲིད་ཀྱི་དམིགས་ཚད་མངོན་འགྱུར་ཡོང་ཆེད། ངེས་པར་དུ་སློབ་ཕྲུག་ཚང་མར་འཚམས་པའི་ སློབ་ཁྲིད་ཀྱི་ཡུལ་རྣམ་བསྐྲུན་རྒྱུར་འབད་བརྩོན་བྱས་ནས་ སློབ་ཁྲིད་རྣམ་པ་དེ་བསླབ་གཞི་གཙོ་བོར་འཛིན་པ་ནས་སློབ་མའི་ཕྱོགས་ ཡོངས་འཕེལ་རྒྱས་གཏོང་རྒྱུ་གཙོ་བོར་འཛིན་པར་ཁ་ཕྱོགས་དགོས་པ་དང་། འཆད་ཁྲིད་གཙོ་བོར་འཛིན་པ་ནས་ སློབ་མར་ཁྲིད་སྟོན་དོགས་སློང་བྱེད་པ་གཙོ་བོར་ ཁ་ཕྱོགས་དགོས་པ་སོགས་ནི་བསླབ་གཞི་གསར་པའི་ སློབ་ཁྲིད་བྱ་ཐབས་ཤིག་རེད། དེས་ན་སློབ་ཁྲིད་བྱེད་སྒོའི་གཙོ་སྐྱོང་བྱེད་མཁན ་དགེ་རྒན་གྱིས་སློབ་ཕྲུག་མི་རེ་ངོ་རེས་བྱེད་སྒོའི་ཁྲོད་ནས་ ཤེས་ཡོན་ཤེས་པ་བྱ་ཆེད། ནུས་ལྡན་གྱིས་སྒྲིག་འཛུགས་བྱེད་པ་ལས། ཤེས་བྱ་བརྒྱུད་སྤྲོད་བྱ་རྒྱུ་ཁོ་ན་རང་ཉིད་ཀྱི་ འགན་འཁྲིར་འཛིན་རྒྱུ་མེད། ད་འོ་ན་བསླབ་གཞི་གསར་པའི་ བསམ་གཞིའི་འོག་ལ་ང་ཚོ་བོད་ཡིག་དགེ་རྒན་གྱིས་སློབ་ཁྲིད་ཀྱི་ དམིགས་ཡུལ་ཇི་ལྟར་བྱས་ཏེ་བསྒྲུབ་དགོས་ཤེན།འདིར་གུས་མོས་ལོ་མང་གི་སློབ་ཁྲིད་མྱོང་བ་དངོས་དང་བསྟུན་ནས་ཅུང་ཟད་གླེང་བར་བྱའོ།
གཅིག སློབ་མར་ཡོན་ཏན་སྦྱོང་བའི་མོས་པ་སྐྱེད་སྲིང་བྱ་དགོས།
སྤྱིར་ན་སློབ་ཁྲིད་ཀྱི་འཆར་འགོད་ན་ སློབ་མའི་དངོས་ཡོད་ཀྱི་གནས་ཚུལ་གཞིགས་ནས་ འཆར་འགོད་བྱེད་དགོས་པ་ལས། དགེ་རྒན་གྱིས་བསམ་ཚོད་བྱས་ནས་ འཆར་འགོད་བྱ་མི་རུང་། སྔོན་ཆད་ཀྱི་སློབ་ཁྲིད་ཁྲོད་ང་ཚོས་རྒྱུན་དུ་ སློབ་ཕྲུག་གིས་བྱེད་འདོད་ཡོད་མེད་ཇི་ལྟར་ཡང་གང་ལྟར་ ཨུ་ཚུགས་ཀྱིས་སློབ་སྦྱོང་བྱེད་དུ་འཇུག་གི་ཡོད། དེའི་དབང་གིས་རིགས་མི་འདྲ་བའི་ སློབ་མའི་ཐ་མའི་སྦྱངས་འབྲས་ནི་དབྱེ་བ་ཆེན་པོ་ཡོང་བཞིན་ཡོད་པ་རེད།
དེ་ཡང་སློབ་ཕྲུག་གིས་ སློབ་སྦྱོང་བྱེད་པའི་འགན་འཁྲི་གསལ་པོ་རྟོགས་པ་བྱ་དགོས་ཚེ་ སྤྱིར་བཏང་གཤམ་གྱི་ཐབས་ལམ་ཁག་གསུམ་སྤྱོད་དགོས་པ་སྟེ།
དང་པོ་ནི་སྤྱིར་བཏང་གི་ཐབས་ལམ་ཞིག་ཡིན་ཞིང་། དགེ་རྒན་གྱིས་སློབ་ཚན་འཚོག་སྐབས་ ནག་པང་ཆུང་ཆུང་སོགས་སློབ་ཁྲིད་ཡོ་བྱད་སྤྱད་ནས་ ཚོགས་ཐེངས་སོ་སོའི་སློབ་སྦྱོང་གི་འགན་འཁྲི་གསེད་བཀྲོལ་བྱེད་དགོས་པ་མ་ཟད། སློབ་ཕྲུག་ལ་གསལ་པོར་བསྟན་ནས་ངེས་ཤེས་སྐྱེ་བ་བྱ་དགོས། གཉིས་པ་ནི་གོམ་སྟབས་དབྱེ་ནས་ གསེད་བཀྲོལ་བྱེད་ཐབས་ཤིག་ཡིན་ཞིང་། སློབ་ཚན་འཚོག་སྐབས་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དང་བསྟུན་ནས་ ཁྱབ་སྤེལ་བཏང་སྟེ་མུ་མཐུད་གོ་རིམ་བཞིན་གསེད་བཀྲོལ་བྱ་རྒྱུ་དེ་ཡིན། གསུམ་པ་ནི་ལེགས་འདེམས་བྱེད་ཐབས་ཤིག་ཡིན་ཞིང་། དགེ་རྒན་གྱིས་སློབ་ཕྲུག་གིས་སློབ་ཚན་ སྔོན་སྦྱོང་བྱས་པའམ་རང་སྦྱོང་བྱས་རྗེས་ཁོང་དུ་མ་ཆུད་པའི་གནད་རྣམས་ལ་ བསྐྱར་དུ་དམིགས་བཀར་ལེགས་འདེམས་ཀྱིས་སྦྱོང་བརྡརབྱས་ནས་ སློབ་ཚན་གྱི་དཀའ་གནད་དང་གཙོ་གནད་དང་ཟུང་འབྲེལ་བྱས་ཏེ་ སྦྱོང་བརྡར་བྱེད་འཇུག་རྒྱུ་དེ་ཡིན། དེ་ལྟར་ཁྲིད་སྟོན་བྱེད་ཐབས་དེ་གསུམ་གྱི་ཐད་ལ་རང་ཉིད་ཀྱི་ལྟ་ཚུལ་ཅུང་ཟད་གླེང་ན་ ཐབས་ལམ་གསུམ་པ་ནི་མིག་སྔར་བསླབ་གཞི་གསར་པའི་ལྟ་བ་དང་འཚམ་པར་མཐོང་། གང་ཡིན་ཟེར་ན་དེས་དངོས་སུ་ སློབ་མ་གཙོ་བོར་འཛིན་པའི་སློབ་གསོའི་ནུས་པ་བཏོན་ཐུབ། སློབ་མའི་དོན་དངོས་ལ་གཞིགས་ནས་སློབ་ཚན་འཆར་བཀོད་བྱས་ན། སློབ་ཕྲུག་གི་སློབ་སྦྱོང་བྱེད་པའི་སྤྲོ་སྣང་སྐྱེ་སླ་ལ། སློབ་སྦྱོང་གི་དགའ་ཞེན་འཕེལ་ཐུབ། གཞན་ཡང་དགེ་རྒན་གྱི་ཕུན་སུམ་ཚོགས་པའི་སློབ་ཁྲིད་རྣམ་པ་དང་ཉམས་འགྱུར་ལྡན་པའི་ སྐད་ཆའི་ངག་འགྲོས་ཀྱིས་སློབ་མའི་དགའ་སྣང་འཕེལ་བ་བྱེད་པ་དང་དགེ་རྒན་གྱིས་འཁྲུག་ཆ་དོད་ལ་ གསོན་ཉམས་ལྡན་པའི་སློབ་སྦྱོང་གི་ཡུལ་རྣམ་བསྐྲུན་ནས་ སློབ་མའི་ཤེས་བྱ་སྦྱོང་འདོད་ཀྱི་སྤྲོ་སྣང་སྐྱེད་སྲིང་བྱེད་པ་དང་། དགེ་རྒན་གྱིས་སློབ་མའི་ལེགས་ཆ་གང་ཡོད་ལ་ བསྔགས་བརྗོད་བྱས་ནས་སློབ་མར་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་སྤྲོ་སྣང་སྤེལ་བ་སོགས་སློབ་མས་ སློབ་སྦྱོང་བྱེད་པའི་དགའ་ཞེན་འཕེལ་བའི་སློབ་ཁྲིད་བྱ་ཐབས་མང་དག་ཡོད། དེས་ན་དུས་རྟག་ཏུ་སློབ་ཁྲིད་བྱེད་ཐབས་ལེགས་བཅོས་བྱས་ནས་ ཚོར་སྣང་གསར་པ་སྦྱིན་རྒྱུ་ནི་མིག་སྔའི་བསླབ་གཞི་གསར་པའི་སློབ་ཁྲིད་བྱེད་ཐབས་ཡིན།
གཉིས། བསམ་གཞིག་གི་ནུས་པ་གོང་མཐོར་གཏོང་དགོས།
དེ་ཡང་འདྲི་བ་འདོན་རྒྱུ་ནས་འགོ་བཙུགས་ཏེ་སློབ་ཁྲིད་ཀྱི་བྱེད་སྒོར་ཞུགས་དགོས། སྔོན་ཆད་ཚང་མ་དགེ་རྒན་གྱིས་གསེད་བཀྲོལ་དང་འཁྲིད་རྐྱང་གི་ཐབས་ལམ་རྐྱང་པ་ཁོ་ནའི་ཐབས་ལ་བརྟེན་དང་རྟེན་བཞིན་ཡོད། དཔེར་ན། སློབ་ཕྲུག་གིས་གང་མི་ཤེས་པ་དགེ་རྒན་གྱིས་དེ་དག་སློབ་ཁྲིད་བྱེད་པས། སློབ་མས་རང་འགུལ་གྱིས་སློབ་སྦྱོང་བྱེད་པའི་ཐབས་ཤེས་མ་ཤེས་པ་མ་ཟད། རང་འགུལ་ངང་སློབ་ཁྲིད་ཀྱི་བྱེད་སྒོར་ཞུགས་ཐུབ་ཀྱི་མེད་པས། དེ་ནི་བོད་སྐད་ཡིག་གི་སྦྱང་འབྲས་དམའ་པོ་ཆགས་པའི་ རྒྱུ་རྐྱེན་གཙོ་བོ་ཞིག་ཀྱང་ཡིན་པར་སེམས།དེས་ན་དེང་སྐབས་བསླབ་གཞི་གསར་པའི་བསམ་གཞིའི་འོག སློབ་ཁྲིད་ནི་སློབ་ཕྲུག་ལྟེ་བར་བཟུང་སྟེ་སློབ་ཚན་འཁྲིད་དགོས་པས། སློབ་ཕྲུག་སོ་སོས་འདྲི་བ་འདོན་རྒྱུའི་རེ་བ་འདོན་དགོས་ལ། སློབ་ཕྲུག་ལ་བསམ་བློ་མང་ཙམ་གཏོང་དུ་འཇུག་པ། བསམ་བློ་གཏོང་བའི་སྤྲོ་སྣང་སྐྱེད་སྲིང་བྱེད་དགོས། ད་དུང་བསམ་བློ་ནན་པོ་གཏོང་བ་མ་ཟད། དོགས་གཞི་འཚོལ་ཐུབ་པ་བྱེད་དགོས་པའི་སྐུལ་མ་གཏོང་བ་སོགས་ནི་སློབ་ཁྲིད་ལེགས་འགྲུབ་ཡོང་བའི་ཐབས་ལམ་བཟང་པོ་ཞིག་རེད། སློབ་ཕྲུག་གིས་དོགས་སློང་བྱེད་སྐབས་དགེ་རྒན་གྱིས་དྲང་ཕྱོགས་ཀྱི་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཐོག་ བསྔགས་བརྗོད་བྱ་ཐབས་གཙོ་བོར་འཛིན་དགོས་ཏེ། སློབ་ཕྲུག་གིས་འདྲི་བ་ལེགས་པོ་འདོན་སྐབས་བསྔགས་བརྗོད་བྱེད་དགོས་པ་སྨོས་མེད། དེ་ཙམ་ཡག་པོ་མི་འདོན་རུང་། སྐུལ་ལྕག་ཡང་ཡང་བྱེད་དགོས། དེ་ལྟར་མ་བྱས་ཚེ། ཁོང་ཚོའི་ཧུར་བརྩོན་དང་རང་འགུལ་རང་བཞིན་ལ་ཕོག་ཐུག་བྱུང་ནས་སློབ་ཕྲུག་གིས་སློབ་སྦྱོང་ལ་སྤྲོ་སྣང་ཉམས་ནས་བསམ་གཞིག་བྱེད་མི་སྲིད་ལ། དེ་བས་རང་འགུལ་ངང་གནད་དོན་ཡང་འདོན་མི་སྲིད་པས། སློབ་ཕྲུག་གི་དོགས་སློང་གི་ནུས་པ་གསོ་སྐྱོང་བྱེད་རྒྱུ་དེ་ཡང་ཁུངས་མེད་གཏམ་འཆལ་དུ་འགྲོ་ངེས་སོ། སློབ་ཚན་འཚོག་སྐབས་སློབ་ཕྲུག་གིས་གནད་དོན་འདོན་སྐབས་དགེ་རྒན་གྱིས་དང་ཐོག་དབྱེ་ཞིབ་བྱེད་པ་དང་དེ་རྗེས་ཡང་དག་པའི་ཁྲིད་སྟོན་བྱེད་དགོས་ལ། སློབ་ཕྲུག་རྣམས་ལ་གྲོས་བསྡུར་དང་རྩོད་གླེང་བྱ་རྒྱུར་བཀོད་སྒྲིག་བྱས་ནས་ཐུན་མོང་ཐོག་དཀའ་གནད་ལས་འགྲོལ་ཐུབ་པ་བྱས་ཏེ་སློབ་ཕྲུག་ལ་མཐུན་སྒྲིལ་གྱི་སྟོབས་ཤུགས་དང་ལེགས་སྒྲུབ་ཀྱི་སྤྲོ་སྣང་ཞིག་ཚོར་ཐུབ་པ་བྱེད་དགོས།
ད་དུང་དགེ་རྒན་གྱིས་སློབ་ཕྲུག་རང་ཉིད་ཀྱིས་རང་ཉིད་ལ་དཔྱད་འཇོག་དང་ཕན་ཚུན་དཔྱད་འཇོག་བྱེད་ཐབས་གསོ་སྐྱོང་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་སློབ་ཕྲུག་ཚོས་སྔར་མེད་གསར་གཏོད་ཀྱི་སྙིང་སྟོབས་ལྡན་པའི་བསམ་འཆར་འདོན་པར་སྐུལ་མ་བཏང་ནས། མཉམ་ལས་དང་འགྲན་རྩོད་ཁྲོད་མི་སྒེར་དང་ཐུན་མོང་གི་འབྲེལ་བ་རྣམས་ཐབས་མཁས་ཀྱིས་གཅིག་མཐུན་ཡོང་བ་བྱེད་དགོས། གལ་སྲིད་མཇུག་མཐར་དགེ་རྒན་ནས་རྒྱས་བསྡུས་འོས་འཚམ་ངང་ཕྱོགས་སྡོམ་བྱས་ཚེ། སློབ་ཕྲུག་གི་བསམ་གཞིག་གི་ནུས་པ་སྐྱེད་སྲིང་བྱ་རྒྱུར་ཕན་འབྲས་མི་དམན་པ་ཡོང་ངེས་ལགས། གཞན་ཡང་དགེ་རྒན་གྱིས་སློབ་ཕྲུག་གི་འདྲི་བའམ་གནད་དོན་སློབ་ཁྲིད་ཀྱི་ནང་དོན་གཙོ་བོར་བཞག་ནས། སློབ་ཚན་འཚོག་སྐབས་ངེས་པར་དུ་ངེས་གཏན་གྱི་དུས་ཚོད་སྤྱད་ནས་དབྱེ་ཞིབ་བྱེད་ཀྱིན་སློབ་ཕྲུག་ལ་དོགས་སློང་གི་བསམ་པ་སྐྱེད་སྲིང་བྱེད་དགོས། དེ་ཡང་སློབ་ཚན་འགོ་འཛུགས་སྐབས་ཡིན་ནའང་འདྲ། སློབ་ཚན་འཁྲིད་པའི་ནང་དུ་ཡིན་ནའང་འདྲ། སློབ་ཚན་འཁྲིད་ཟིན་ལ་ཉེ་བའི་དུས་ཡིན་ནའང་འདྲ། གང་ལྟར་སློབ་ཕྲུག་ལ་འདྲི་བ་འདོན་རྒྱུའི་བྱེད་སྒོ་གང་མང་བཀོད་སྒྲིག་བྱེད་དགོས་སོ། གསུམ། སློབ་ཕྲུག་ཡོངས་ལ་ཕྱོགས་ནས་སྦྱོང་བརྡར་སྤྲོད་དགོས།
བྱང་ཚད་སློབ་གསོས་ཁྱོན་ཡོངས་ལ་ཁ་ཕྱོགས་པའི་རྩ་དོན་དང་རེ་བ་བཏོན་ཡོད། དེར་བརྟེན་དགེ་རྒན་གྱིས་སློབ་སྦྱོང་གི་སྦྱངས་འབྲས་ཞན་པའི་སློབ་མ་རྣམས་ལ་འཁྲིད་བྱའི་ནང་དོན་ཆེན་པོ་གང་ཞིག་ཁག་མང་པོར་དབྱེ་ནས་བརྒྱུད་རིམ་ངེས་གཏན་ལ་བརྟེན་ནས་སློབ་མས་ནང་དོན་གསལ་པོ་རྟོགས་པ་བྱ་དགོས་ཏེ། དཔེ་མཚོན་ཙམ་ཞུས་ན། བོད་སྐད་ཡིག་སློབ་ཚན་ལ་གོ་བ་ལེན་སྐབས་གོ་རིམ་གསུམ་ལྡན་དགོས་ཏེ། དང་པོ་ནི་ཐད་ཀར་གོ་བ་ལེན་པ། དེ་ནི་སློབ་ཚན་ནང་གི་འཁྲིད་བྱའི་ནང་དོན་གང་ཡིན་པ་རྟོགས་པ་བྱ་རྒྱུ་དང་འདྲི་བར་ལན་འདེབས་སྐབས་སློབ་ཚན་ནང་གང་འཁོད་པ་ཇི་བཞིན་བསྐྱར་དུ་ཤོད་པའི་ཐབས་སྤྱོད་རྒྱུ་དེའོ། གཉིས་པ་ནི་འགྲེལ་བཤད་རྒྱག་ཐབས་སྤྱད་ནས་གོ་བ་ལེན་པ། དེ་ནི་སློབ་ཚན་གྱི་ནང་དོན་རྟོགས་པ་བྱས་ནས་དེས་དངོས་དོན་གང་ཞིག་བསྟན་ཡོད་པ་དང་དེ་ལྟར་ཡིན་དགོས་པའི་རྒྱུ་མཚན་གང་ཡིན་པ་སོགས་རང་སོ་སོའི་སྐད་ཆར་བརྟེན་ནས་ལན་འདེབས་ཤེས་པ་བྱ་རྒྱུ་ཡིན་པས་སྤྱིར་སློབ་ཚན་གྱི་ནང་དོན་ལ་གཞིགས་ནས་གཙོ་དོན་འདོན་ཤེས་པ་སོགས་བྱ་རྒྱུ་དེ་རེད། གསུམ་པ་ནི་གསར་གཏོད་ཀྱི་རང་བཞིན་ལྡན་པའི་སྒོ་ནས་གོ་བ་ལེན་པ། དེ་ནི་བོད་སྐད་ཡིག་སློབ་ཚན་གྱི་བརྒྱུད་རིམ་ལྡན་པའི་གོ་བ་ལེན་ཐབས་ཤིག་ཡིན། སློབ་ཚན་ལ་གཞིགས་ཏེ་རང་ངོས་ཀྱི་ལྟ་ཚུལ་གསར་པ་ཤོད་ཐུབ་པ་བྱ་རྒྱུ་དེ་རེད། མདོར་ན་སློབ་ཚན་ཐོག་དགེ་རྒན་གྱིས་སློབ་ཕྲུག་གི་དོན་དངོས་ལ་གཞིགས་ནས་གོ་རིམ་མི་འདྲ་བ་གསུམ་ལ་དམིགས་ཏེ་འདྲི་བ་བཏོན་ནས་ཆུ་ཚད་མི་འདྲ་བའི་སློབ་མར་ལན་འདེབས་སུ་བཅུག་ཚེ། གཞི་ནས་སློབ་མ་ཡོངས་ལ་ཁ་ཕྱོགས་དགོས་པའི་སློབ་ཁྲིད་རྩ་དོན་དངོས་དེ་མངོན་འགྱུར་ཐུབ་ངེས་ལགས།
བཞི། སློབ་སྦྱོང་བྱེད་ཐབས་གསར་གཏོད་བྱེད་དགོས།
བསླབ་ཚན་སྒྱུར་བཅོས་གསར་པའི་བསམ་གཞིའི་འོག སློབ་ཁྲིད་ཀྱི་གཙོ་གནད་ནི་སློབ་ཕྲུག་གི་སློབ་སྦྱོང་བྱེད་ཐབས་ལ་སྐུལ་འདེད་གཏོང་རྒྱུ་དང་སློབ་ཕྲུག་ལ་སྦྱོང་སྟངས་བསླབ་རྒྱུ་གཙོ་བོར་འཇོག་དགོས། དེར་བརྟེན་དགེ་རྒན་གྱིས་སློབ་ཁྲིད་གཙོ་གནད་དེ་དགེ་རྒན་གྱིས་འཁྲིད་རྐྱང་བྱེད་པ་ནས་རིམ་བཞིན་སློབ་ཕྲུག་གིས་སྦྱོང་བར་བསྒྱུར་དགོས་ཏེ། སྲོལ་རྒྱུན་གྱི་སློབ་ཁྲིད་བྱེད་ཐབས་ལ་སྒྱུར་བཅོས་བྱ་དགོས། དེའང་ཉན་ཞོར་དུ་སློབ་པ་དང་ལྟ་ཞོར་དུ་སློབ་པ། ཀློག་ཞོར་དུ་སློབ་པ། བསམ་གཞིག་བྱེད་ཞོར་དུ་སློབ་པ་སོགས་སློབ་སྦྱོང་བྱ་ཐབས་སྣ་ཚོགས་ཕྱོགས་བསྡུས་ཐོག་སྤྱོད་རྒྱུ་གལ་ཆེ་བས། སློབ་ཕྲུག་གི་ཁྱད་ཆོས་མི་འདྲ་བར་དོ་ཁུར་བྱས་ནས་རྣམ་པ་མི་འདྲ་བའི་བྱ་ཐབས་སྣ་ཚོགས་བརྒྱུད་དེ་སློབ་སྦྱོང་གི་གྲུབ་འབྲས་མཐོར་འདེགས་གཏོང་དགོས།
དགེ་རྒན་གྱིས་སློབ་ཁྲིད་འཆར་འགོད་བྱེད་སྐབས་སློབ་སྦྱོང་གི་ནང་དོན་མི་འདྲ་བར་གཞིགས་ནས་སློབ་སྦྱོང་བྱེད་ཐབས་མི་འདྲ་བ་མང་པོ་ཞིག་བཀོད་སྒྲིག་བྱེད་དགོས་པ་མ་ཟད། སློབ་ཕྲུག་སོ་སོའི་སློབ་སྦྱོང་བྱ་ཐབས་ཀྱི་ཁྱད་པར་ལ་ཡང་བསམ་གཞིག་བྱེད་དགོས་ཤིང་། ལྷག་པར་དུ་གཅིག་གྱུར་གྱི་བྱེད་སྒོའི་ནང་སློབ་ཕྲུག་ལ་གདམ་གསེས་བྱེད་པའི་བསམ་བློ་གཏོང་བའི་ཁོམ་པ་སྤྲོད་པ་དེ་ཡང་གལ་འགངས་ཆེའོ། དེ་ཡང་སློབ་སྦྱོང་ཐད་ལ་བཀག་རྡོ་འཕྲད་སྐབས་སློབ་ཕྲུག་འགའ་ཤས་དགེ་རྒན་ལ་སྐད་ཆ་འདྲི་རྒྱུར་དགའ་བ་དང་། ཡང་སློབ་ཕྲུག་འགའ་ཤས་རང་སོ་སོས་བསམ་བློ་གཏོང་བའམ་ཡང་ན་གྲོས་ཞིབ་དང་དོགས་སློང་བྱས་པ་བརྒྱུད་ནས་ཐག་གཅོད་བྱ་རྒྱུར་དགའ་བས། དགེ་རྒན་གྱིས་སློབ་ཚན་འཚོག་སྐབས་རང་མོས་ཀྱིས་སློབ་སྦྱོང་བྱེད་དུ་བཅུག་ནས་ཁོང་ཚོས་སློབ་སྦྱོང་གི་ཐབས་ཤེས་མང་པོ་གདམ་གསེས་བྱ་རྒྱུར་གོ་སྐབས་སྤྲོད་དགོས། ལྷག་པར་དུ་སློབ་ཕྲུག་ཅུང་མང་བའི་འཛིན་གྲྭའི་ནང་དུ་སློབ་མ་ཚང་མར་རང་མོས་ཀྱི་བྱེད་སྒོ་གཉེར་བའི་མཐུན་རྐྱེན་སྦྱོར་དགོས། ཟེར་བཤད་ཡོདཔ་ལས་འདི་ལས་འབད་ཡང་ སློབ་སྟོན་ཐབས་ཤེས་ལག་ལེན་འཐབ་ནི་ལུ་ཕན་ནི་དང་ དོ་རུ་འདི་བཟུ་འབད་ར་རང་གི་ཉམས་མྱོང་ལས་འབྱུང་བའི་ ཐབས་ཤེས་ཚུ་ཡང་འབྱུང་དོ་ཡོད་མི་
འདི་ཡང་ (http://www.gmu.edu/facstaff/part-time/strategy.html ) ནང་ ཞིབ་འཚོལ་གནད་དེབནང་ལུ་བཀོད་དོ་བཟུམ་འབད་བ་ཅིན་ སྨ་གཡོག་མ་ལུ་སློབ་སྟོན་འབད་མི་སློབ་དཔོན་ཅིག་ཨིནམ་ལས་ ཁོང་ཚུ་ལུ་ཤེས་ཡོན་ཚུ་བྱིནམ་ད་ ཐག་རིང་ཤེས་ཡོན་སྦྱང་མི་སྨན་གཡོག་མ་ཚུ་གིས་ ངེ་གི་སློབ་སྟོན་འདི་ཨ་རྟག་ག་ཨིནམ་ འགྱུར་བ་མེདཔ་ བསྐྱར་བརྗོད་ཅན་ དུས་ཚོད་བརླག་མི་ དབང་པོ་ངལ་བའི་གཞི་ཨིན་པས་ཟེར་ ཉོག་བཤད་བཀོད་མི་མངམ་འཐོན་ཡོདཔ་ད་ སློབ་ཁང་ནང་འོང་མི་ཡང་ཉུང་སུ་འགྱོཝ་ལས་ ཚར་ཅིག་འབདཝ་ད་ Infection Control Week education session ་སྐབས་སུ་ ང་གིས་མནོ་བསམ་ག་ཏེ་ཡང་བཏང་བཏངམ་མེད་པར་སློབ་སྟོན་འདི་ རྩེདམོ་གིསཐོག་ལས་འབདཝ་ལས་ སློབ་སྟོན་འདི་གི་སྐབས་ལུ་ སློབ་ཕྲུག་མང་རབ་ཅིག་ ངོ་འཛོམས་འབད་བའི་ལེགས་ཐོན་དང་ སློབཕྲུག་ཚུ་གིས་ཡང་ སློབ་སྟོན་ཐབས་ཤེས་འདི་ལེགས་ཤོམ་ཅིག་ཨིནམ་འབད་ ཡིད་ཆེ་ཡོད་པའི་བསམ་ལན་ཚུ་ཡང་བྱིན་ཡོདཔ་ལས་ དུས་དེ་ལས་ཕར་ ང་གིས་ཐབས་ཤེས་དེ་  ཡང་དག་ཨིན་མིན་བརྟག་དཔྱད་འབད་དེ་ ཐབས་ཤེས་གསར་འཚོལ་གྱི་གྲངས་སུ་འབད་ལག་ལེན་འཐབ་ཅི།
དེ་ལས་ཐབས་ཤེས་འདི་ལུགས་མཐུན་འབད་བཟོ་ཐབས་སུ་ ཞིབ་འཚོལ་དང་ ཡང་བསྐྱར་གྱི་དབྱེ་ཞིབ་དང་བརྟག་དཔྱད་འབད་བའི་སྐབས་སུ་ ཐབས་ལམ་འདི་ ཕན་ནུས་ཅན་ཅིག་འབད་ བདེན་ཁུངས་འབྱུང་སྟེ་ ལག་ལེན་འཐབ་པའི་སྐབས་སུ་ཡང་ དཀའ་ངལ་དང་ཉན་ཁ་ དེ་ལས་གནོད་པ་ཚུ་ག་ནི་ཡང་མེད་པར་ ནདཔ་དང་གཅིག་ཁར་འབྲེལ་བ་འཐབ་ནི་གོ་སྐབས་དང་ཉམས་མྱོང་ཚུ་བྱིནམ་ཨིན་ཟེར་བཀོད་ནུག (སྐད་སྒྱུར)
དེ་འབད་ཉམས་མྱོང་རྗེས་སོར་འབད་ཐངས་ལུ་བལྟ་རུང་ སློབ་སྟོན་འཐབ་ཤེས་ཚུ་ ལག་ལེན་འཐབ་དགོཔ་འདི་ ཁག་ཆེ་བའི་ཁར་ལྷག་པར་དུ་གནད་དོན་དང་བསྟུན་ ལག་ལེན་འཐབ་དགོཔ་འདི་གལ་ཅན་ཅིག་ཨིནམ་ཧ་གོ་ཡོདཔ་ཨིན།
ཞིབ་འཚོལ་ཐབས་ལམ།
སྤྱིར་བཏང་ཞིབ་འཚོལ་འབད་བའི་སྐབས་སུ་ འབད་ཐངས་ལུ་ཐབས་ཤེས་སྣ་ཚོགས་ཡོད་རུང་ ཡོངས་གྲགས་ལུ་ ཁུངས་བཙན་ཐབས་ཤེས་ གྲངས་ཚད་ལྡན་པའི་ཐབས་ཤེས་ ཐབས་ཤེས་སྤེལ་མ་གསུམ་ལུ་ཐུགཔ་ཨིན།
འདི་ཚུ་ལས་ཡང་ ད་ལྟོ་རང་གི་འབད་ནི་ཨིན་པའི་ཞིབ་འཚོལ་ རྫོང་ཁའི་སློབ་དཔོན་ཚུ་གི་ སློབ་སྟོན་ཐབས་ཤེས་མ་འདྲཝ་ག་ཅི་བཟུམ་ར་ལག་ལེན་འཐབ་ཨིན་ན། ཟེར་མི་འདི་བཟུམ་ཅིག་ཨིན་པ་ཅིན ་ཐབས་ཤེས་སྤེལ་མ་ཐོག་ལས་འབད་ནི་ཨིན།
འདི་ལུ་ཡང་གནད་དོན་དང་བསྟུན་ ཟུང་འབྲེལ་གྱི་ཞིབ་འཚོལ། རྒྱུན་མཐུད་འབྲེལ་བའི་ཞིབ་འཚོལ། གྲུབ་མཐའ་གཞིར་བཟུང་ཞིབ་འཚོལ་ཟེར་ཡོད་ས་ལས་ རང་གི་ཧ་གོ་ལུགས་དང་བསྟུནམ་དང་ རྒྱུན་མཐུད་འབྲེལ་བའི་ཞིབ་འཚོལ་ཟེར་ ཁུངས་བཙན་ཐབས་ཤེས་ཀྱི་ཐོག་ལས་ གནས་ཐོ་བསྡུ་ལེན་འབད་ཚར་བའི་ཤུལ་ལུ་གྲུབ་འབྲས་སྤུས་ཚད་ཅན་ བཟོ་ནིའི་དོན་ལས་ ད་རུང་ཡང་གྲངས་འབྲེལ་ཐབས་ཤེས་ ལག་ལེན་འཐབ་ཐོག་ལས་དོན་ཚན་དེ་གུ་གནས་ཐོ་ཚུ་ བསྡུ་ལེན་འབད་དེ་ཞིབ་འཚོལ་འབད་མི་ཐབས་ཤེས་འདི་ལག་ལེན་འཐབ་ནི་ཨིན།
ལག་ལེན་འཐབ་ཐངས་འདི་ཡང་ དང་པ་ར་ཁུངས་བཙན་ཐབས་ཤེས་ལུ་ གཞི་བཞག་ཐོག་ལས་དྲི་ལན་གྱི་ཐོག་ལས་འབད་ནི་ཨིན་ དེ་སྦེ་འབད་དགོ་མི་དེ་ཡང་ ཁུངས་བཙན་ཐབས་ཤེས་འདི་ ཁྱད་ཆོས་དང་དམིགས་ལྡན་གཙོ་བོ་ར་ མི་སྡེའི་མི་ཚེ་ཚུ་དང་ཐབས་ཤེས་གི་སྐོར་ལས་ཧ་གོ་ནི་དོན་ལུ་ གྲངས་བརྩི་གི་ཐོགས་ལས་མེན་པར་ ཡིག་ཐོགས་ལས་ཁུངས་བཀལ་ཏེ་ གནས་སྡུད་བསྡུ་ལེན་འབད་དེ་དབྱེ་དཔྱད་འབད་མི་ཐབས་ཤེས་ཅིག་ཨིནམ་ལས་ སློབ་དཔོན་གྱིས་ཐབས་ཤེས་མ་འདྲཝ་ ག་ཅི་བཟུམ་ར་ལག་ལེན་འཐབ་དོ་ག་ཧ་གོ་ནི་དོན་ལས་ གནད་དོན་གཅིག་གི་དོན་ལས་ གནད་སྡུད་ཚུ་འགྲེལ་བཤད་ཀྱི་ཐོག་ལས་ལག་ལེན་འཐབ་ནི་དང་ ཞིབ་འཚོལ་པ་རང་ཡང་ དངོས་སུ་འབད་བཅའ་མར་གཏོག་སྟེ་ བལྟ་རྟོགས་འབད་དེ་དོན་ཚན་འདི་གི་ ར་ཁུངས་ཚུ་དབྱེ་བ་དཔྱད་ཐོག་ལས་གྲུབ་འབྲས་ཚུ་ གསལ་སྟོན་འབད་དེ་འགྲེལ་བཤད་བརྐྱབ་ནི་ཨིན་།
གོང་ལུ་བཀོད་པའི་ཐབས་ཤེས་འདི་གིས་ གནད་དོན་འདི་གི་སྐོར་ལས་ལེགས་ཤོམ་འབད་ ཧ་མ་གོ་མི་དང་ གནས་སྐབས་མ་ཐོབ་ས་ལས་ཕར་ གྲངས་ཚད་ལྡན་པའི་ཐབས་ཤེས་ལག་འཐབ་ སྟེ་ རང་གི་ཞིབ་འཚོལ་གྱི་དྲི་བ་གཞན་མི་ཚུ་གི་ ལན་ཚུ་ཐོབ་ཐབས་འབད་ནི་ཨིན།  
ག་ཅི་འབད་ཟེར་བ་ཅིན་ གྲངས་ཚད་ལྡན་པའི་ཐབས་ཤེས་འདི་གིས་ ཁྱད་ཆོས་དང་དམིགས་ལྡན་གཙོ་བོ་ར་ མི་སྡེའི་ཉམས་མྱོང༌དང་གོམས་སྦྱང༌དེ་ལས་བསམ་སྤྱོད་ཚུ་ ག་ཅི་ ག་དེ་སྦེ་ ག་དེམ་ཅིག་ ལ་སོགས་པའི་ དྲི་བ་བཀོད་ཐོག་ ལན་བསྡུ་སྟེ་གྲངས་བརྩི་གི་ཐོགས་ལས་ གནས་སྡུད་བསྡུ་ལེན་འབད་དེ་དབྱེ་དཔྱད་འབད་མི་ཐབས་ཤེས་ཅིག་ཨིནམ་ལས་ ཞིབ་འཚོལ་ཐབས་ལམ་ གྲངས་འབྲེལ་ཐབས་ཤེས་ལག་ལེན་འཐབ་སྟེ་ གནས་སྡུད་ཚུ་བསྡུ་ལེན་འབད་ནི། དེ་སྦེ་ གྲངས་འབྲེལ་ཐབས་ཤེས་ཀྱི་ཐོག་ལས་གནས་སྡུད་བསྡུ་ལེན་འབད་དགོ་མི་དེ་ཡང་ ཞིབ་འཚོལ་གྱི་གྲུབ་འབྲས་དང་བཅུད་ཚུ་ གཙོ་བོ་གྱངས་ཁ་ལུ་བརྟེན་ཏེ་ གསལ་སྟོན་འབད་ནི་དེ་གིས་ གྲངས་འབྲེལ་ཐབས་ཤེས་ཟེར་སླབ་ཨིན་ལས་ ཞིབ་འཚོལ་འདི་གི་དམིགས་ཡུལ་ཡང་ སློབ་སྟོན་ཐབས་ཤེས་མ་འདྲཝ་ག་ཅི་བཟུམ་ར་ ལག་ལེན་འཐབ་ཨིན་ནའི་གྱངས་ཁ་མང་ཉུང་གི་ཁྱད་པར་ལྟ་ནི་འབདཝ་ལས་བརྟེན་ཏེ་ཨིན། གནས་སྡུད་བསྡུ་ལེན་གྱི་མཁོ་ཆས་ གྲངས་འབྲེལ་ཐབས་ཤེས་དེ་ལུ་མཁོ་ཆས་ བརྟག་དཔྱད་མཁོ་ཆས་དང་ བརྟག་ཞིབ་མཁོ་ཆས་ཟེར་ དབྱེ་བ་གཉིས་ཡོད་པའི་ནང་ལས་ ཞིབ་འཚོལ་འདི་ནང་གཙོ་བོ་གྱངས་ཁ་གི་ཐོག་ལས་ གནས་ཚུལ་བསྡུ་ལེན་འབད་དགོཔ་ལས་བརྟེན་ བརྟག་ཞིབ་མཁོ་ཆས་ལག་ལེན་འཐབ་ནི་ཨིན། དེ་ཡང་སློབ་ཕྲུག་གཞི་བཞག་ཐོག་ལས་ ཐབས་ཤེས་སྣ་ཚོགས་ལག་ལེན་འཐབ་མི་ སློབ་དཔོན་གྱི་སློབ་ཁང་ཅིག་དང་ གསལ་བཤད་ཀྱི་ཐབས་ཤེས་ལག་ལེན་འཐབ་མི་ སློབ་དཔོན་གྱི་སློབ་ཁང་གཉིས་གདམ་འཐུ་འབད་དེ་ ཞིབ་འཚོལ་གྱི་དོན་ལས་དམིགས་གཏད་སྐྱེད་ནི་དང་ གནད་དོན་འདི་གི་ཐོག་ལུ་ བརྟག་ཞིབ་འབད་ཚུགས་པའི་ དྲི་བ་མ་འདྲཝ་ཚུ་བཀོད་དེ་ ལན་སླབ་ཡོད་མི་ཚུ་བསྡུ་སྒྲིགས་འབད་དེ་ གནས་སྡུད་བསྡུ་ལེན་འབད་མི་ཚུ་དབྱེ་དཔྱད་འབད་དེ་རྩི་ཐིག་ཀྱི་ཐོག་ལས་བཀོད་དེ་ འགྲེལ་བཤད་བརྐྱབ་ནི་ཨིན།
བརྟག་ཞིབ་ མཁོ་ཆས་ཟེར་མི་འདི་ དྲི་བ་ཚུ་བཅའ་སྒྲིག་རྐྱབ་སྟེ་ ཞིབ་འཚོལ་ནང་བཅའ་མར་གཏོགས་མི་ཚུ་ལས་ བསྡུ་ལེན་འབད་མིའི་གནས་ཐོ་དེ་ལུ་སླབ་ཨིན། དཔེ་ཚད་ལག་ལེན་ཐབས་ཐངས་ཡང་ སྤ་རོ་རྫོང་ཁག་ནང་ལུ་ཡོད་པའི་སློབ་གྲྭ་ཁག་གི་ རང་སྐད་རྫོང་ཁ་སློབ་སྟོན་འབད་མི་སློབ་དཔོན། དེ་ལས་སློབ་ཁང་ནང་གི་སློབ་ཕྲུག་ དེ་ཚུ་ཡང་ དམིགས་བསལ་ངོས་བཟུང་མེན་པར་ ག་ཚུད་གདམ་འཐུ་འབད་དེ་ ཞིབ་འཚོལ་ནང་བཅའ་མར་གཏོགས་བཅུག་ནི།
ཞིབ་འཚོལ་འབད་ཐངས་ཀྱི་གོ་རིམ། བདག་སྐྱོང་དང་རང་གི་ཞིབ་འཚོལ་ནང་བཅའ་མར་གཏོགས་མི་ མི་ངོམ་རང་ར་སོ་སོ་ལས་གནང་བ་ཞུ་ཞིནམ་ལས་ མི་ངོམ་ཚུ་ལུ་གནས་སྡུད་ཚུ་བཀྲམ་སྟེ་བཀང་བཅུགཔ་ད་ རང་ཞིབ་འཚོལ་གྱི་དོན་ཚན་གྱི་སྐོར་ལས་ གོ་བ་བཤད་ནིའི་གྲོགས་རམ་ཡང་འབད་བྱིན་ནི། གནས་སྡུད་བསྡུ་ལེན་འབད་ཚར་ཞིནམ་ད་ རྩི་ཁྲམས་ནང་བཙུགས་ཏེ་ གནས་སྡུད་དབྱེ་དཔྱད་འབད་ནི། དབྱེ་དཔྱད་སྙན་ཞུ་དང་འཁྲིལ་ཏེ་ གྲུབ་འབྲས་བཏོན་ཞིནམ་ལས་གོང་གི་ཐབས་ཤེས་ཀྱི་གྲུབ་འབྲས་བཏོན་ཡོད་མི་ཚུ་ཡང་་རྒྱུན་མཐུད་འབད་བའི་ཤུལ་ལུ་ དེ་དང་འཁྲིལ་བའི་གྲོས་འཆར་ ཚུ་ཡང་བཀོད་དེ་སྤྱན་ཞུ་འབད་ནི།
དེ་མ་ཚད་ ཞིབ་འཚོལ་འདི་འབད་བའི་སྐབས་སུ་སྟབས་མ་བདེཝ་ཚུ་ག་ཅི་རང་བྱུང་ཡི་ག་ ཞིབ་འཚོལ་གྱི་ཚད་འཛིན་ནང་ལུ་བཀོད་དེ་ མ་འངོས་པ་ལུ་ དོན་ཚན་འདི་གི་ཐོག་ལུ་ཞིབ་ འཚོལ་འབད་མི་ཡོད་པ་ཅིན་ དེ་ཚུ་གི་ཕན་ཐབས་ལུ་དམིགས་ཏེ་ གྲོས་འཆར་ཚུ་ཡང་བཀོད་ནི་ཨིན།
ཞིབ་འཚོལ་གྱི་བློ་གཏད་དང་ཆ་བཞག། གནས་སྡུད་བསྡུ་ལེན་གྱི་དོན་ལུ་བཟོ་མིའི་དྲི་ཤོག་འདི་ ལེགས་ཤོམ་འབད་ལྷག་སྟེ་ སྒྱུར་བཅོས་འབད་དགོ་པའི་རིགས་ཚུ་ དག་བཅོས་འབད་ཚར་ཞིནམ་ལས་རྐྱངམ་ཅིག་ དྲི་ཤོག་ཚུ་བཀྲམ་སྤེལ་འབད་ནི། གནས་སྡུད་ནང་ལས་ཐོབ་པའི་གནས་ཚུལ་ཚུ་ཡང་ལག་ལེན་འཐབ་སྟེ་ འདི་ནང་ལས་ཐོབ་པའི་གནད་དོན་ཚུ་ལུ་ ཕྱོགས་ལྷུང་གི་ལྷན་མ་ཞུགས་པར་ རང་བཞིན་ག་ཨིན་མི་དེ་རང་ གྲུབ་འབྲས་ནང་བཙུགས་ཏེ་ རང་གི་ཞིབ་འཚོལ་འདི་དྲང་བདེན་གི་ཐོག་ལས་འབད་དེ་བློ་གཏད་དང་ཆ་བཞག་ཡོད་འབད་འབད་ནི།  
ཞིབ་འཚོལ་གྱི་ཀུན་སྤྱོད་རྣམ་གཞག་ ཞིབ་འཚོལ་གྱི་གནས་སྡུད་བསྡུ་ལེན་འབད་བར་འགྱོ་ནིའི་དོན་ལུ་ གནང་བ་ཚུ་འབྲེལ་ཡོད་པའི་འགོ་དཔོན་ཚུ་ལས་ཡིག་ཐོག་ལས་ཞུ་ནི་དང་ ཞིབ་འཚོལ་ནང་ལུ་བཅའ་མར་གཏོགས་མི་ཚུ་ལུ་ ཧེ་མ་ལས་ ཞིབ་འཚོལ་གྱི་སྒྲིག་གཞི་དང་གསང་བ་བཞག་ཐངས་ཚུ་ ཁ་གསལ་འབད་བཤད་དེ་བྱིན་ནི་ཨིནམ་མ་ཚད་ སློབ་དཔོན་དང་སློབ་ཕྲུག་ཚུ་གི་དོན་ལུ་ ས་གནས་ ཀྱི་སློབ་གྲྭའི་དབུ་འཛིན་དང་ མི་ངོམ་རང་སོ་ལས་གནང་བ་ཐོབ་ཞིནམ་ད་རྐྱངམ་ཅིག་ གནས་ སྡུད་བསྡུ་ལེན་འབད་ནི། དོར་བསྡུ་བ་ཅིན་ http://www.tibetmdc.com ( ཇུས་འགོད་པ། སྒྲོལ་མ་མཚོ། རྩོམ་སྒྲིག་པ། ལྕགས་ཐར་རྒྱལ། དུས་ཚོད། 2015-01-21 9:21:32 ཀློག་གྲངས། 10) ལས་
ཞིབ་འཇུག་ཐབས་ལམ། དཔྱད་རྩོམ་གང་འདྲ་ཞིག་ཡིན་རུང་ཞིབ་འཇུག་ཇི་ལྟར་བྱས་པའི་ཐབས་ལམ་གོ་རིམ་ལྡན་པ་དང་གསལ་པོར་འགོད་རྒྱུ་ནི་མེད་དུ་མི་རུང་བ་ཞིག་རེད། ནུབ་ཕྱོགས་པའི་དཔྱད་རྩོམ་རྣམས་སུ་ཞིབ་འཇུག་ཐབས་ལམ (methodology) དང་། ཞིབ་འཇུག་ཐབས་ལམ་དང་རྒྱུ་ཆ(methods and materials) ཞེས་འགོད་སྲོལ་འདུག་པས་རང་རེས་ཀྱང་གང་བདེར་བྱས་ཆོག འདིའི་ནང་དོན་གྱི་ཐད་དུ་ཞིབ་འཇུག་ཐབས་ལམ་གང་ཞིག་བཀོལ་བ་དང་། ཞིབ་འཇུག་ཐབས་ལམ་དེ་ཇི་ལྟར་ལག་བསྟར་བྱས་པའི་འཆར་གཞི་དང་ཇུས་འགོད་བྱས་པ་འགྲེལ་བཤད་བྱེད་དགོས་ཤིང་། ཐབས་ལམ་དེའི་ཁྲོད་དུ་གནས་བསྡུས་ཕྱོགས་བསྡུ་བྱས་པའི་ཡོ་བྱད་དེ་དྲི་ཤོག་ལྟ་བུ་དང་། ཞིབ་འཇུག་བྱེད་ཡུལ་མི་ལྟ་བུ་ལ་བརྟག་དཔྱད་བྱས་པའི་འཕྲུལ་ཆས་སོགས་གང་དང་གང་བཀོལ་བ།  གནས་བསྡུས་ཕྱོགས་བསྡུ་བྱེད་ས་ནི་ཞིབ་འཇུག་བྱེད་ཡུལ་ཡིན་པས་དེའི་མི་འབོར་སྤྱིའི་གནས་ཚུལ་དང་།  ཚབ་མཚོན་གྱི་གྲངས་ཀ  ཚབ་མཚོན་གདམས་པའི་གོ་རིམ། ཞིབ་འཇུག་བྱེད་ཡུལ་གྱི་མི་རྣམས་ཀྱིས་དྲི་བ་ལ་ལན་བཏབས་པའི་གྲངས་ཀའི་མང་ཉུང་།  ཚབ་མཚོན་ནམ་ཞིབ་འཇུག་བྱེད་ཡུལ་གྱི་ཁྱད་ཆོས་སོགས་འདུས་དགོས་པ་དང་། གནས་བསྡུས་ནང་གི་དངོས་འགྱུར(variable)རེ་རེའི་སྒྲ་བཤད་དང་། ཞིབ་འཇུག་གི་ནང་གི་བདེན་པའི་ངོ་བོ (internal validity) དང་།  གནས་བསྡུས་ལ་ཡིད་རྟོན་རུང་མིན་གྱི་ཚད་བཅས་འགྲེལ་བཤད་བྱེད་པ། མཐར་སྡོམ་རྩིས་རིག་པའི་ཐབས་ལམ་གང་བཀོལ་བ་དང་།  སྡོམ་རྩིས་དཔེ་གཞི། གནས་བསྡུས་ལ་ཚོད་དཔག་བྱས་པ་བཅས་འདུས་དགོས་པ་དང་།  ད་དུང་གནས་བསྡུས་དཔྱད་ཞིབ་ཀྱི་རྩིས་འཁོར་མཉེན་ཆས་གང་བཀོལ་བ་བཅས་ལ་འགྲེལ་བཤད་བྱེདདགོས། ཟེར་མི་ནང་ལས་གོང་ལུ་ བཤད་ཡོད་དོ་བཟུམ་ཨིན་ནོ།
ཞིབ་འཚོལ་ཐབས་ལམ་དང་ལྟ་ལུགས།
ཞིབ་འཚོལ་ལྟ་ལུགས་ཟེར་མི་འདི་ མིག་གི་དངོས་སུ་མཐོང་ནི་མེད་རུང་ དབྱེ་དཔྱད་ཀྱི་ དྭངས་ཤེལ་བཟུམ་ཅིག་འབད་ དཔྱད་གཞི་འདི་ལུ་ ཧ་གོ་ལུགས་དང་ལྟ་ལུགས་ དེ་ལས་སེམས་ཀྱི་རྟོགས་པ་མ་འདྲཝ་ཤར་མི་དང་ ཚོད་དཔག་གི་རིག་པ་ལུ་སླབ་ཨིན།
དེ་ཡང་པེར་ན་ ཤ་བཟའ་ནི་ཅི་ལུ་གཞི་བཞག་པ་ཅིན་  རང་གི་གཟུགས་ལུ་ཕན་པའི་ཟས་བཅུད་ཅན་དང་ ལ་ལུ་གིས་འབད་བ་ཅིན་ གཟུགས་ལུ་གནོད་པའི་དུག་བཟུམ་དང་ དེ་ལས་སྡིག་པའི་ཟས་བཟུམ་ཅིག་སྦེ་ འདི་ལག་ལེན་འཐབ་པ་ཅིན་ སྡུག་བསྔལ་མྱོངས་དགོཔ་འབད་ ཧ་གོ་དོ་ཡོདཔ་དང་མཐོང་ལུགས་དང་ལྟ་ལུགས་ལུ་ཡང་ རང་གིས་འཆར་སྣང་དང་བསྟུན་འབྱུང་དོ་ཡོདཔ་ཨིན།
དེ་འབདཝ་ལས་ ཞིབ་འཚོལ་པ་ལ་ལུ་གི་དཀའ་ངལ་འདི་ ལ་ལུ་གི་དཀའ་ངལ་འབད་མི་རྩིས་དོ་ཡོདཔ་དང་ ཞིབ་འཚོལ་པ་ཚུ་ཡང་རང་གིས་མཐོང་སྣང་དང་ལྟ་ལུགས་ཀྱིས་སྦེ་ གནད་དོན་མ་འདྲཝ་འབད་འབྱུང་ནི་ཨིན་ལས་ ག་ར་གི་ལྟ་ལུགས་འདི་གཅིག་ར་འོང་ཟེར་བའི་ངེས་པ་མེདཔ་ཨིན།
ལྟ་ལུགས་འདི་ལུ་ཡང་ དངོས་པོ་རང་བཞིན་གཅིག་ལུ་ མཐོང་ཚུལ་མ་འདྲ་བའི་ཁྱད་ཆོས་ཅན་ ཐུན་སྣང་རིངས་ལུགས་རྗེས་མའི་ལྟ་བ།  བརྗོད་དོན་བཅུད་བསྡུ་ནི་ལུ་ཕན་ནུས་ཅན་ མི་སྡེའི་ཉམས་མྱོང་ལས་གྲུབ་པའི་ལྟ་བ། ཁུང་བཙན་དང་གྲངས་འབྲེལ་གཉིས་ཀ་ལུ་འགྱོ་བཏུབ་པའི་ཁར་ལྷག་པར་དུ་ ཁུངས་བཙན་ཞིབ་འཚོལ་ཐབས་ལམ་གྱི་གཞི་རྟེན་འབད་ ལག་ལེན་འཐབ་སྲོལ་ཡོད་མི་ གྲངས་ཉུང་རྒྱབ་སྐྱོར་གྱི་ལྟ་བ་དང་ གནས་སྟངས་དང་བསྟུན་པའི་ དཀའ་ངལ་སེལ་ཐབས་གཙོ་བོར་དམིགས་ཏེ་ ཞིབ་འཚོལ་ཐབས་ཤེས་དང་ཐབས་ལམ་ཚུ་གང་རུང་ འོས་འབབ་དང་བསྟུན་པའི་ལྟ་ལུགས་ འོས་འབབ་ལག་ལེན་གྱི་ལྟ་བ་ཟེར་ ལྟ་ལུགས་ཀྱི་དབྱེ་བ་བཞི་ཡོདཔ་ཨིན།
དང་པ་ མཐུན་སྣང་རིངས་ལུགས་རྗེས་མའི་ལྟ་བ་ཟེར་མི་འདི་ མ་བརྟག་མ་དཔྱད་པའི་ངོ་བོ་ལུ་ཟླཝ་དང་ཉིམ་འདི་ལུ་ ལྷའི་བུ་ཟླ་བ་དང་ཉི་མ་ཟེར་འཇིག་རྟེན་འདི་ནང་ལུ་ མུན་པ་གསལ་བའི་ལྷ་ཨིནམ་འབད་ ཀུན་གྱི་ཐུན་སྣང་རུ་སྒྲུབ་རུང་ ཞིབ་འཚོལ་གྱིས་དབྱེ་བ་དཔྱད་པའི་ངོ་བོ་ལུ་ སའི་རང་བཞིན་དང་མེ་ཡི་རང་བཞིན་ལུ་ ངོས་འཛིན་བྱུང་ཡོདཔ་ལས་ སྔོན་མ་དཔྱེད་པའི་སྣང་ངོ་ལུ་་ལྟ་ལུགས་མཐུན་རུང་ རྗེས་སུ་དཔྱད་པའི་ཚེ་ན་ དྲང་བདེན་ག་ཨིནམ་ལུ་ལྟ་སྟེ་ ལྟ་ལུགས་མ་འདྲཝ་མ་འདྲཝ་བྱུང་ལས་ ཞིབ་འཚོལ་འབད་མི་ཚུ་ལུ་ ཐབས་ལམ་ཅིག་འབྱུང་དོ་ཡོདཔ་ལས་ ཐབས་ལམ་འདི་ གྲངས་འབྲེལ་དད་ཁུངས་བཙན་གཉིས་ལས་ ཁུངས་བཙན་ནང་མངམ་འབད་ལག་ལེན་འཐབ་ཨིན། 
གཉིས་པ་ མི་སྡེའི་ཉམས་མྱོང་ལས་གྲུབ་པའི་ལྟ་བ་ ཟེར་མི་འདིནི་ མི་སྡེའི་གོམས་ཤིས་ལས་གྲུབ་པའི་ཉམས་མྱོང་དང་ ལམ་སྲོལ་མ་འདྲཝ་ མི་སྡེ་ནང་འཁོད་མཉམ་འབྲེལ་འབད་ནི་གསུམ་གྱིས་ ཞིབ་འཚོལ་པ་གིས་ཞིབ་འཚོལ་འབདཝ་ད་ ཞིབ་འཚོལ་གྱི་དམིགས་ཡུལ་ངོ་མ་ར་ རང་རྐྱང་གི་ཉམས་མྱོང་མིན་པར་ དཔེར་ན་ བཟའ་ཚང་གཉིས་ལས་འགོ་གཟུང་སྟེ་ རྒྱལ་ཡོངས་ཀྱི་མི་སྡེ་ཚུན་གྱི་མྱོང་འཚོར་གྱི་བསམ་ཚུལ་དང་ ལྟ་ལུགས་ལུ་གཞི་བཞག་སྟེ་ བརྗོད་དོན་བཅུད་བསྡུ་ནི་ལུ་ཕན་ནུས་ཅན་གྱི་ བརྗོད་དོན་བཟོ་དགོ་མི་ཅིག་ལུ་གོ་ནི་ཨིན།
གསུམ་པ་ གྲངས་ཉུང་རྒྱབ་སྐྱོར་གྱི་ལྟ་བའམ་ཞིབ་བརྟག་གི་ལྟ་བ་ཟེར་མི་འདི་ མི་སྡེའི་ལྕོགས་གྲུབ་ འདྲ་མཉམ་ཡོད་མེད་དང་མི་སྡེའི་འགྱུར་བ་ལུ་ དབྱེ་བ་དཔྱད་དེ་ ཞིབ་འཚོལ་པ་རང་དང་ ཞིབ་འཚོལ་ནང་ལུ་བཅའ་མར་གཏོགས་མི་ཚུ་གི་ མི་ཚེ་གནས་སྟངས་དང་ལམ་ལུགས་ཚུ་ ལེགས་བཅོས་འབད་ནི་ལུ་ ཕན་ཐོགས་ཚུགས་པའི་ལྟ་ལུགས་ཅིག་ཨིན།
བཞི་པ་ འོས་འབབ་དང་བསྟུན་པའི་ལྟ་ལུགས་འདིནི་ རང་གི་ཞིབ་འཚོལ་གྱི་དཀའ་ངལ་ཧ་གོ་བཞིནམ་ལས་ དཀའ་ངལ་གསལ་ཐབས་ལུ་ འོས་འབབ་དང་ལྡན་པའི་ཐབས་ཤེས་ཚུ་ལག་ལེན་འཐབ་དགོཔ་ཨིན།
ཨིན་རུང་རང་གི་ལྟ་ལུགས་འདི་ག་དེ་འབད་ཧ་གོ་དགོཔ་སྨོ་ཟེར་བ་ཅིན་ ཞིབ་འཚོལ་གི་དོན་ལུ་ལག་ལེན་འཐབ་དགོ་པའི་ཐབས་ཤེས་འདི་ དངོས་སུ་འབད་འགྱོ་བཏུབ་ག་མི་བཏུབ་ག་ ཡང་ན་སྐབས་བབས་ཀྱི་ཉམས་མྱོང༌ལུ་རྐྱངམ་ཅིག་ འགྱོ་བཏུབ་ཨིན་ན་འོས་འབབ་དང་བསྟུན་ ཐབས་ཤེས་སྣ་ཚོགས་ལག་ལེན་འཐབ་ནི་ལུ་ཧ་གོ་ནི་དང་ འདི་གི་དོན་ལུ་ཐབས་ཤེས་དྲག་ཤོས་ར་ཐབས་ཤེས་སྤེལ་མ་དེ་ཨིན་པས།

གནས་སྡུད་བསྡུ་ལེན་འབད་ཐངས།
 ང་བཅས་རའི་ཞིབ་འཚོལ་གྱི་དོན་ལས་ གནས་སྡུད་བསྡུ་ལེན་འབད་ཐངས་ཡང་ དང་པ་ རང་གི་ཁ་ཐུག་ལས་ཡང་གནས་སྡུད་བསྡུ་ལེན་མ་འབད་བའི་ཧེ་མ་ བསྡུ་ལེན་གྱི་ལམ་ལུགས་དང་ཁྲིམས་ལུགས་ དེ་ལས་ བདག་སྐྱོང་དང་འབྲེལ་བའི་ བྱ་སྒོའི་ལམ་ལུགས་ཚུ་ ལྷབ་ཐོག་ལས་ གོམས་སྦྱང་འབད་དེ་ ཧ་གོཝ་བཟོ་སྟེ་ གནས་སྡུད་བསྡུ་ལེན་འབད་བའི་སྐབས་སུ་ སྦྱོང་ལཱ་ལུ་དཀའ་ངལ་ཚུ་མི་འབྱུང་ནིའི་ཐབས་སྒྲིགས་ནི།
གཉིས་པ་ གནས་སྡུད་གསརཔ་ཚུ་བསྡུ་ལེན་མ་འབད་བའི་ཧེ་མར་ གཞན་གྱིས་ཞིབ་འཚོལ་འབད་བའི་སྐབས་ རང་གི་དོ་ཚན་དང་བསྟུན་པའི་ གནས་སྡུད་ཁག་ཆེཝ་རེ་བསྡུ་ལེན་འབད་དེ་ཡོད་ག་མེད་ག་བལྟ་ནི། འདི་གི་དོན་ལས་རང་གི་ཞིབ་འཚོལ་དང་འབྲེལ་བ་ཡོད་པའི་ས་སྒོ་ཚུ་ནང་ལས་ཕར་ སྙན་ཞུའི་ཉིན་ཐོ  གློག་རིག་ཡོངས་འབྲེལ་ཁ་བྱང་ཚུ་ལས་འཚོལ་དགོཔ་དང་ རང་གི་ཡིག་ཆ་ཚུ་བསྡུ་ལེན་མ་འབད་བའི་ཧེ་མ་རང་གིས་ཞིབ་འཚོལ་གི་གནད་དོན་དང་འབྲེལ་བའི་ལྷན་ཁག་དང་ལས་ཁུངས་དེ་ལས་ སློབ་གྲྭའི་འཛིན་སྐྱོངས་པ་ཚུ་ལས་ གནས་སྡུད་བསྡུ་ལེན་གྱི་དོན་ལུ་ཞིབ་འཚོལ་གྱི་ལམ་ལུགས་དང་བསྟུན་ གནང་བ་ཞུ་ནི་ཨིན།

གསུམ་པ་ ས་སྒོ་ནང་ལྷོད་དེ་གནས་སྡུད་བསྡུ་ལེན་འབད་བའི་སྐབས་ བཅའ་མར་གཏོག་མི་ཚུ་གི་སེམས་ཁར་ཡོད་པའི་ཁྲིམས་ལུགས་ཀྱི་ཚ་བྱང་གསལ་ཐབས་ལུ་ སྔ་གོང་ལས་ར་གོ་བ་ཚུ་བཤད་བྱིན་ནི།

བཞི་པ་ གནས་སྡུད་བསྡུ་ལེན་འབད་བའི་སྐབས་སུ་ རང་གི་ཞིབ་འཚོལ་ནང་བཅའ་མར་གཏོག་མི་ཚུ་གི་ གནས་ཚུལ་དང་ཁ་བྱང་ དཔེར་ན་ མིང་ གོ་གནས། གློག་འཕྲིན་ཁ་བྱང༌།བརྒྱུད་འཕྲིན་ཨང་། པར་འཕྲིན་ཨང་། ཡིག་ཚང༌གྱི་ཁ་བྱང་། འགྲུལ་འཕྲིན་ཨང་ཚུ་བདག་འཛིན་འཐབ་ནི། དེ་སྦེ་འབད་དགོ་མི་འདི་ཡང་ རང་གིས་གནས་སྡུད་བསྡུ་ལེན་འབད་ཚར་ཏེ་འགྲེལ་བཤད་རེ་རྐྱབས་པའི་སྐབས་ལུ་ཧ་མ་དགོ་བའི་དཀའ་ངལ་དང་ ཁོང་གི་མནོ་བའི་བརྗོད་དོན་ཚུ་ཚང་ཧིང་ཤེས་ཚུགས་ནི་དོན་ལས་ འབྲེལ་བ་འཐབ་ནི་དང་བདེན་ཁུངས་ཟངས་ནིའི་དོན་ལུ་དང་ དེ་ལས་ལྷག་པར་དུ་ གནས་སྡུད་བསྡུ་ལེན་ལེགས་ཤོམ་འབད་བསྡུ་ཚར་ནི་གིས་དོན་ལུ་ཨིན།

ལྔ་པ་ བཅའ་མར་གཏོག་མི་ཚུ་ལུ་ གནས་སྡུད་བསྡུ་ལེན་གྱི་འདྲ་བཤུད་འབྲི་ཤོག་ཚུ་ ལག་ལེན་འཐབ་ཐངས་ཀྱི་ བཀོད་རྒྱ་ཁ་གསལ་བཀོད་ཐོག་ལས་གཏང་ནི།

དྲུག་པ་ གནས་སྡུད་བསྡུ་ལེན་འབདཝ་ད་ དུས་ཚོད་དང་ཟད་འགྲོ་སེམས་ཁར་བཞག་སྟེ་ དུས་ཡུན་རིངམོ་མ་འགོར་བར་བསྡུ་ལེན་འབད་ཚུགས་པའི་ཐབས་ཤེས་ཚུ་ཡང་སྟོན་ཏེ་ དུས་ཚོད་ཁར་ཚུད་ཚུགས་པའི་ཐབས་ལམ་སྟོན་ནི་དང་ བཅའ་མར་གཏོག་མི་ཚུ་ལུ་ཁོང་རའི་བདེ་ཧིང་དང་འཁྲིལ་སྟེ་དུས་ཚོད་བྱིན་ཐོག་ལས་བསྡུ་ལེན་འབད་ནི།

བདུན་པ་ གནད་སྡུད་བསྡུ་ལེན་ལུ་ གསར་བཀོད་དང་ འགྱུར་བ་འབད་དགོཔ་ཡོད་པ་ཅིན་ གསལ་བཀོད་འབད་དེ་ཁྱབ་བསྒྲགས་འབད་ཐོག་ལས་ གནས་སྡུད་བསྡུ་ལེན་གྱི་ལས་སྣ་ཚུ་ གནས་སྡུད་བྱིན་མི་དང་གྲོས་བསྟུན་འབད་དེ་དགོས་མཁོ་དང་བསྟུན་ ཞིབ་འཚོལ་གྱི་འཆར་གཞི་དང་དྲན་ཐོ་ཚུ་ བསྐྱར་ཞིབ་འབད་དེ་ཡིག་ཐོ་ལུ་བཀོད་ནི།

བརྒྱད་པ་ གནས་སྡུད་བསྡུ་ལེན་གྱི་ཐབས་ལམ་ལག་ཆས་ཚུ་ ག་དེ་ཉུང་ཉུང་བཞག་སྟེ་ དཀའ་དཔྱད་གཏང་སྟེ་ སྒྲུབ་ཡོད་པའི་གནས་སྡུད་ཚུ་ འོས་ཁུངས་དང་བརྩི་མཐོང༌ཚུ་ཡོདཔ་བཟོ་སྟེ་ ལག་ལེན་འཐབ་བཏུབ་པའི་མཁོ་ཆས་སྦེ་ ངེས་བརྟན་བཟོ་ནི།

དགུ་པ་གནས་སྡུད་ཚུ་འོས་འབབ་ཡོད་མེད་བལྟ་ནིའི་་དོན་ལུ་  དབྱེ་དཔྱད་རྒྱུན་མ་ཆད་པར་འབད་དེ ཞིབ་འཚོལ་གྱི་དོན་ལས་འོས་ལྡན་འབད་བཟོ་བཞག་ནི།

བཅུ་པ་ གནས་བསྡུད་ཚུ་ལམ་སྟོན་དང་འཁྲིལ་གསང་བ་འབད་བཞག་དགོཔ་དང་ བསྲུང་དགོཔ་ངེས་བརྟན་བཟོ་ནི་འདི་ཁག་ཆེཝ་ལས་འདི་ཡང་གདེ་འབད་བཟོ་ནི་ཨིན་ན་ཟེར་བ་ཅིན།
   འབྲེལ་བ་མེད་པའི་མི་དང་གནང་བ་མེད་མི་ཚུ་དང་ གནས་སྡུད་བསྡུ་ལེན་གྱི་བྱ་རིམ་ཚུ་གི་སྐོར་ལས་ གྲོས་བསྡུར་མ་ འབད་བར་གསང་བ་འབད་བཞག་ནི།
    གནས་སྡུད་ཚུ་ རང་ལས་གཞན་ག་གི་ཡང་མ་ཤེས་པའི་ ས་གནས་བཙན་ཏོག་ཏོ་ཅིག་ནང་བཞག་དགོ
    ཡིག་ཆ་ཚུ་གནས་སྡུད་བསྡུ་ལེན་གྱི་དགོས་མཁོ་མཇུག་བསྡུཝ་ད་ མེདཔ་གཏང་སྟེ་དཀའ་ངལ་མེདཔ་འབད་བཟོ་དགོ།

གནས་སྡུད་དབྱེ་དཔྱད་འབད་ཐངས།
གནས་སྡུད་དབྱེ་དཔྱད་ཀྱི་སྐབས་ པར་དང་ཡི་གུ་ཚུ་ག་ཅི་རང་འབྲི་རུང་ འདི་གིས་གོ་དོན་ཚུ་སྟོན་ཚུགསཔ་ཅིག་དགོཔ་ཨིན། གནས་སྡུད་དབྱེ་དཔྱད་མ་འབད་བའི་ཧེ་མ་ གནས་སྡུད་ཚུ་ག་ཅི་རང་དགོ་ག་ གྲ་སྒྲིག་འབད་དགོཔ་ཨིན། དབྱེ་དཔྱད་འབད་ཐངས་ཀྱི་ཐབས་ཤེས་མ་འདྲཝ་ཚུ་འཚོལ་ཞིབ་འབད་ཞིནམ་ལས་ དེ་ཚུ་ལྷག་སྟེ་བཅུད་དོན་ག་ཅི་ཧ་གོ་བས་ག་ལྟ་དགོཔ་ཨིན། གནས་སྡུད་ཀྱི་བཅུད་དོན་ཚུ་བསྡུས་སུ་ཅིག་འབད་གསལ་སྟོན་འབད་དགོཔ་ཨིན།
གནས་སྡུད་དབྱེ་དཔྱད་འབད་ཐངས་ལུ་གོ་རིམ་དྲུག་དེ་ཅིག་འདུག། གོ་རིམ་དང་པ་ གནས་སྡུད་བསྡུ་ལེན་འབད་ཡོད་མི་འདི་ གོ་རིམ་སྒྲིག་དགོ། དེ་ཡང་ གནས་སྡུད་བསྡུ་ལེནའབད་ཡོད་མི་འདི་ གནད་དོན་དང་འཁྲིལ་ ཕྱི་སེལ་བརྐྱབ་དགོཔ་ཨིན་པས་ དཔེར་ན་ ས་ཁོངསཟིན་ཐོ་ ངག་རྒྱུགས་ འབྲི་རྒྱུགས་དང་ གནས་ཚུལ་ཚུ་ག་ཏེ་ལས་ཐོབ་ཅིག་ག་ཚུ་ ཕྱི་སེལ་བརྐྱབ་སྟེ་གྲ་སྒྲིག་འབད་དགོཔ་ཨིན་པས།
གོ་རིམ་གཉིས་པ་ གནས་སྡུད་བསྡུ་ལེན་འབད་ཡོད་མི་ཚུ་ག་ར་ལྷག་དགོ། དེ་ཡང་ གནས་ཚུལ་མ་འདྲཝ་ལེ་ཤ་ཡོད་མི་ཚུ་ལེགས་ཤོམ་འབད་ལྷག་སྟེ་ བཅུད་དོན་གལ་ཅན་ཚུ་སྟོན་དགོཔ་ཨིན་པས། དེ་ལས་བཅའ་མར་གཏོགས་མི་ཚུ་གིས་ ཞིབ་འཚོལ་པ་རང་ལུ་ སྤྱིར་གྱི་གནས་ཚུལ་བཅུད་དོན་དང་ ཐབས་ཤེས་ག་ཅི་བཟུམ་བྱིནམ་ཨིན་ན་གི་དྲི་བ་ཚུ་བཀོད་དེ་ལན་འཚོལ་དགོ་ཨིན་པས།
གོ་རིམ་གསུམ་པ་ གནས་སྡུད་ཚུ་སྡེ་རིམ་སོ་སོར་ནང་ཕྱི་སེལ་བརྐྱབ་ནི་ འདིའི་མཇུག་ལུ་གོ་དོན་གསལ་ཏོག་ཏོ་འབད་སྟོན་ཚུགས་པའི་ གནད་དོན་ཅིག་བཀོད་དགོཔ་ཨིན། འདི་མ་ཚད་ གནས་སྡུད་དེ་ཡིག་ཐོགས་དང་པར་ག་ཅི་འཐད་ལས་སྦེ་རུང་ གསལ་སྟོན་འབད་དེ་ ཐ་སྙད་དང་འཁྲིལ་ཏེ་ དབྱེ་ཁག་འབད་དེ་ཁ་ཡིག་བཏགས་དགོཔ་ཨིན་ནོ།
གོ་རིམ་བཞི་པ་ འགྲེལ་བཤད་བརྐྱབ་ནི་དོན་ལུ་ གནས་སྡུད་འདི་དབྱེ་ཁག་མའདྲཝ་ཚུ་ནང་དབྱེ་དགོ།འགྲེལ་བཤད་བརྐྱབ་པའི་སྐབས་གནས་སྡུད་འདི་ གོ་རིམ་འབད་ཚུད་དགོཔ་ཨིན། དཔེར་ན་ གནས་ཚུལ་ མི་ འབྱུང་རིམ་མམ་བྱ་རིམ་ཚུ་ཚུད་དགོཔཨིན།
གོ་རིམ་ལྔ་པ་ གནས་སྡུད་བརྡ་མཚོན་འབད་ནི། བརྗོད་དོན་ག་དེ་སྦེ་བརྡ་མཚོན་འབད་ནི་ཨིན་ན་སྔོན་བྱིན་སྤྲོད་ནི།  ཁུངས་བཙན་ཐབས་ཤེས་ཀྱི་སྐབས་ གནས་སྡུད་དབྱེ་དཔྱད་དེ་གི་བཅུད་དོན་འདི་མང་ཤོས་ར་ ཡིག་ཐོགས་ཀྱི་འགྲེལ་བཤད་ཐོག་ལུ་སྦེ་ འོང་ནི་ཨིནམ་ལས་ ཐབས་དོན་དང་འཁྲིལ་ཏེ་  གནས་སྡུད་ཚུ་གོ་རིམ་སྒྲིག་སྟེ་འོང་དགོཔ་ཨིན། ཁུངས་བཙན་ཐབས་ཤེས་ཀྱི་ཐོག་ལུ་ཞིབ་འཚོལ་འབད་མི་ཚུ་གིས་མང་ཤོས་རང་ གནས་སྡུད་འདི་ཁུངས་ཡོདཔ་བཟོ་ནིའི་དོན་ལུ་ གྲོས་བསྡུར་ཁ་སྣོན་འབད་ཐབས་ལུ་ མཐོང་ཚུགས་པའི་ཐིག་ཁྲམ་ཚུ་ལག་ལེན་འཐབ་དགོཔ་ཨིན།
གོ་རིམ་དྲུག་པ་  མཇུག་རང་གནས་སྡུད་དབྱེ་དཔྱད་འབད་བའི་སྐབས་  གནས་ཚུལ་གྱི་བཅུད་དོན་འདི་དོན་འགྲེལ་འབད་དགོཔ་ཨིན། དེ་ནང་ གནད་དོན་གཙོ་བོ་ག་ཅི་ཨིན་ན་ གོང་གི་གནས་སྡུད་བསྡུ་ལེན་འབད་མི་ལས་ག་ཅི་ཧ་གོ་ཡི། རང་གིས་འབད་ཡོད་པའི་རྩོམ་བྲིས་བསྐྱར་ཞིབ་འབད་དང་ འཁྲིལ་ཏེ་ཡོད་ག་མེད་ཚུ་ལྟ་སྟེ་ འདི་ལུ་རང་གི་བསམ་འཆར་དང་ རྒྱབ་སྣོན་ངོ་སྦྱོར་ཚུ་ཡང་འབད་དགོཔ་ཨིན་པས།

ཞིབ་འཚོལ་གྱི་ཀུན་སྤྱོད་རྣམ་གཞག་ལག་ལེན་འཐབ་ཐངས།
ཞིབ་འཚོལ་གྱི་ཀུན་སྤྱོད་རྣམ་གཞག་ཟེར་མི་འདི་ ཞིབ་འཚོལ་འབད་བའི་སྐབས་ འབད་ཆོགཔ་དང་མ་ཆོགཔ་གི་ལམ་ལུགས་ཀྱི་སྐོར་ལས་ ལམ་སྟོན་འབད་མི་ལུ་སླབ་ཨིན། ཀུན་སྤྱོད་རྣམ་གཞག་འདི་ ཞིབ་འཚོལ་ནང་ལུ་ མེད་ཐབས་མེད་པའི་ཁྱད་ཆོས་གཙོ་བོ་ཅིག་ཨིན། དེ་འབདཝ་ལས་ ཞིབ་འཚོལ་འདི་འགོ་བཙུགས་ཏེ་མཇུག་མ་བསྡུཝ་ཚུན་ཚོད་ ཞིབ་འཚོལ་གྱི་ཀུན་སྤྱོད་རྣམ་གཞག་དེ་དང་འཁྲིལ་ཏེ་འབད་དགོཔ་ཨིན།
ཞིབ་འཚོལ་གྱི་ཀུན་སྤྱོད་རྣམ་གཞག་ལག་ལེན་འཐབ་ཐངས་ལུ་གསུམ་ གནས་སྡུད་བསྡུ་ལེན་མ་འབད་བའི་ཧེ་མའི་ཀུན་སྤྱོད་རྣམ་བཞག། གནས་སྡུད་བསྡུ་ལེན་འབད་བའི་སྐབས་ཀྱི་ཀུན་སྤྱོད་རྣམ་གཞག། གནས་སྡུད་བསྡུ་ལེན་འབད་ཚར་བའི་སྐབས་ཀྱི་ཀུན་སྤྱོད་རྣམ་གཞག་ཚུ་ཨིན།


༡ གནས་སྡུད་བསྡུ་ལེན་མ་འབད་བའི་ཧེ་མའི་ཀུན་སྤྱོད་རྣམ་གཞག།
གནས་སྡུད་བསྡུ་ལེན་མ་འབད་བའི་ཧེ་མའི་ཀུན་སྤྱོད་རྣམ་གཞག་འདི་ ཞིབ་འཚོལ་འབད་མི་འདི་གིས་ བཅའ་མར་གཏོགས་མི་ཚུ་ལུ་ ཞིབ་འཚོལ་གྱི་དམིགས་ཡུལ་དང་དགོས་པ་ཚུ་ཧ་གོཝ་སྦེ་ སླབ་བྱིན་ནི། ཞིབ་འཚོལ་པ་གིས་ ཞིབ་འཚོལ་འབད་བའི་སྐབས་ལུ་ དེའི་ལཱ་འགན་དང་ འབྱུང་ཉེས་ཆེ་བའི་ཉེན་ཁ་ཚུ་ ག་ཅི་བཟུམ་རང་འབྱུང་ཡུང་ ཉེན་ཁ་རང་གིས་འབག་དགོཔ་ཨིན་ཧ་གོཝ་སྦེ་འབད་ནི་ཨིན། ཞིབ་འཚོལ་པ་གིས་ ཞིབ་འཚོལ་ནང་ བཅའ་མར་གཏོགས་མི་ཚུ་གིས་བཅའ་མར་གཏོགས་ཏེ་ འདིའི་ཁེ་ཕན་ག་ཅི་བཟུམ་རང་ཐོབ་ཚུ་ག་ཚུ་ཧ་གོ་དགོཔ་ཨིན། ཞིབའཚོལ་འབད་བའི་སྐབས་ བཅའ་མར་གཏོགས་མི་ཚུ་ལུ་ ཉེན་ཁ་མེད་པའི་སྐོར་ལས་ཁ་གསལ་འབད་བཤད་དེ་ ཁོང་གི་སེམས་ཁར་འཆར་ཏེ་ཡོད་པའི་ལན་ཚུ་ གཡང་བཟའ་བག་བཟའ་མེད་པར་སླབ་ཚུགས་ནིའི་དོན་ལུ་ བློ་སྟོབས་བསྐྱེད་བཅུག་ནི་ཨིན།
༢ གནས་སྡུད་བསྡུ་ལེན་འབད་བའི་སྐབས་ཀྱི་ཀུན་སྤྱོད་རྣམ་གཞག།
གནས་སྡུད་བསྡུ་ལེན་འབད་བའི་སྐབས་ཀྱི་ཀུན་སྤྱོད་རྣམ་གཞག་འདི་ ཞིབ་འཚོལ་འབད་ནིའི་དོན་ལུ་ ཞིབ་འཚོལ་ཚོགས་ཆུང་ལས་གནང་བ་ཚུ་ལེན་ནི་ཨིན། ཞིབ་འཚོལ་འབད་ནིའི་དོན་ལུ་ འབྲེལ་བ་ཡོད་པའི་ལས་སྡེ་དང་ལས་ཁུངས་ཚུ་ལས་ གནས་སྡུད་བསྡུ་ལེན་འབད་ནིའི་དོན་ལུ་གནང་བ་ཞུ་ནི། གནས་སྡུད་བསྡུ་ལེན་འབད་ཚར་ཡོད་མི་འདི་ཚུ་ མི་གཞན་ལས་གསང་བའི་ཐོགས་ལུ་བཞག་ནི་དོན་ལུ་ ཉེས་སྲུང་ཡོད་པའི་ས་གོ་ནང་བཞག་ནི་ཨིན། ས་གོ་ནང་ཐོབ་ཡོད་པའི་ གནས་སྡུད་བསྡུ་འབད་མི་འདི་ཡིག་ཕབ་འདི་ ངོ་སྟོན་འབད་ནི་དང་ མི་གཞན་ལུ་གསལ་སྟོན་མ་འབད་བར་བྲི་ནི་ཨིན། གནས་སྡུད་བསྡུ་ལེན་འབད་ཡོད་མི་འདི་ གྲོས་བསྡུར་འབད་དགོཔ་རེ་འཐོན་པ་ཅིན་ ཞིབ་འཚོལ་ཚོགས་ཆུང་རྐྱངམ་ཅིག་འབད་ནི་ཨིན། གནས་སྡུད་བསྡུ་ལེན་འབད་ཚར་མི་དེ་ བྱང་སྟོར་ཤོར་ནི་དང་ ཁ་བསྒྱུར་འབད་ནི་འབད་མ་བཅུག་པར་རང་གི་བདག་འཛིན་འབད་དེ་བཞག་ནི་ཨིན། བཅའ་མར་གཏོགས་མི་གི་བསམ་འཆར་ཚུ་ལུ་ གུས་ཞབས་འབད་དགོཔ་དང་ ཁོང་རའི་རེ་འདོད་དང་འཁྲིལ་བཤོལ་བཞག་སྟེ་འགྱོ་རུང་དབང་ཆ་ཡོདཔ་ཨིན་ཤེས་དགོཔ་ཚུ་ སེམས་ཁར་བཞག་དགོ་དང་ དུས་རྒྱུན་བཅའ་མར་གཏོགས་མི་ཚུ་གི་ འཚོ་སྣང་ལུ་དྲན་པ་བཏོན་ཏེ་འབད་ནི་ཨིན།
༣ གནས་སྡུད་བསྡུ་ལེན་འབད་ཚར་བའི་སྐབས་ཀྱི་ཀུན་སྤྱོད་རྣམ་གཞག།
གནས་སྡུད་བསྡུ་ལེན་འབད་ཚར་བའི་སྐབས་ཀྱི་ཀུན་སྤྱོད་རྣམ་གཞག་འདི་ ཞིབ་འཚོལ་འབད་བའི་སྐབས་གནས་སྡུད་བསྡུ་ལེན་འབད་ཡོད་མི་འདི་ གཏམ་རྫུས་བཟོ་ནི་དང་བདེན་པ་མེདཔ་འབད་བཟོ་སྟེ་འབད་བ་ཅིན་ ཞིབ་འཚོལ་གྱི་ཀུན་སྤྱོད་རྣམ་གཞག་དང་འགལ་བ་ཨིནམ་ཤེས་དགོ། རང་སོའི་ལས་སྡེ་དང་འཁྲིལ་ གནས་སྡུད་བསྡུ་ལེན་འབད་ཡོད་མི་དེ་ ལོ་ངོ་བདུན་དེ་ཅིག་ཉེན་སྲུང་འབད་དེ་བཞག་དགོཔ་ཨིན། ཞིབ་འཚོལ་འབད་བའི་སྐབས་ འབྲེལ་ཡོད་ཀྱི་ལས་སྡེ་ལུ་ཞིབ་འཚོལ་གྱི་གྲུབ་འབྲས་ཀྱི་སྐོར་ལས་སྙན་ཞུ་འབད་དགོ་འདི་ ཞིབ་འཚོལ་པ་གི་ལཱ་འགན་གཙོ་བོཅིག་ཨིནམ་ཤེས་དགོཔ་དང་ མི་གཞན་གྱི་བྲིས་ཡོད་མི་ལས་ བརྐུས་བཤུད་འབད་ནི་འདི་རྩ་ལས་མ་ཆོགཔ་ཚུ་ཧ་གོ་སྟེ་ཞིབ་འཚོལ་ཚུ་འབད་དགོཔ་ཨིན་ནོ།
ཞིབ་འཚོལ་གྱི་ཕན་ཐོགས།
རྫོང་ཁའི་སློབ་དཔོན་ཚུ་གི་སློབ་སྟོན་ཐབས་ཤེས་མ་འདྲཝ་ག་ཅི་བཟུམ་ར་ ལག་ལེན་འཐབ་ཨིན་ན ཟེར་བའི་དོན་ཚན་གྱི་ཐོག་ལུ་ ཞིབ་འཇུག་འབད་མི་འདི་གིས་ ཕན་ཐོག་གཤམ་གསལ་ལྟར།
སློབ་ཕྲུག་ཚུ་ལུ།
ཞིབ་འཚོལ་འདི་གི གྲུབ་འབྲས་ཀྱིས་ཐད་དཀར་ཕན་པ་འདི་ སློབ་ཕྲུག་ཚུ་ལུ་ཨིནམ་ལས་ སློབ་ཕྲུག་ཚུ་གི་ཐབས་ཤེས་སྣ་ཚོགས འདི་ལས་ཆོས་ཡོན་ཏན་དང་ཐབས་ཤེས་ཚུ་རྒྱ་བསྐྱེད་འགྱོ་ནི་དང་རིག་རྩལ་ཚུ་ཡང་ཡར་རྒྱས་འགྱོ་ནི་ཨིན།             

ཕམ་ཚུ་ལུ།
ཞིབ་འཚོལ་འདི་ལས་བརྟེན་ སློབ་ཕྲུག་ཚུ་གི་ཡོན་ཏན་གི་གཞི་དང་རིག་རྩལ་ཐོབ་མི་དང་ རྫོང་ཁའི་ཆོས་ཚན་ལུ་སྤྲོ་བ་བསྐྱེད་ལུགས་ དེ་ལས་ནང་ཆོས་དང་འབྲེལ་བའི་བསམ་བློ་བཏང་ཐངས་ལུ་ ཕམ་ཚུ་གིས་ ངལ་རངས་ནི་དང་ སློབ་གྲྭ་དང་སློབ་དཔོན་ལུ་ཡིད་ཆེ་དང་ཆ་བཞག་གི་སེམས་བསྐྱེད་འབྱུང་ཚུགས་པའི་ཕན་པ་ཡོད།

སློབ་དཔོན་ཚུ་ལུ།
ཞིབ་འཇུག་འདི་གིས་འབད་ རང་ལུ་རིག་རྩལ་སྣ་ཚོགས་ཐོབ་ནི་དང་ སློབ་སྟོན་འབདཝ་དང་སྤྲོ་བ་འབྱུང་སྟེ་ ཧེ་མ་ལས་ལྷག་སྟེ་སློབ་ཕྲུག་གི་དཀའ་ངལ་ཚུ་ཧ་གོ་ཚུགས་ནི་དང་འབྲེལ་བ་ཡང་ལེགས་ཤོམ་འཐབ་ཚུགསཔ་འགྱོ་སྟེ་ རང་གི་སློབ་སྟོན་དེ་སྔོན་ལས་ལྷག་སྟེ་ཡར་རྒྱས་བཏང་ཚུགས་ནི་དང་ ལྷག་པར་དུ་ཞིབ་འཚོལ་འདི་གིས་ སློབ་དཔོན་ཚུ་རང་གི་ལཱ་འགན་ལུ་ སྤྲོ་བ་དང་དངས་སྣང་སྦོམ་འབད་ར་ འབྱུང་ཚུགས་པའི་ཕན་པ་ཡོདཔ་ཨིན།

རྩ་གཞུང༌འཆར་གཞི་རྩམ་མི།                                                            ཞིབ་འཚོལ་འདི་ལས་ རྩ་གཞུང་འཆར་གཞི་རྩམ་མི་ཚུ་ལུ་ཡང་ རྩ་གཞུང་དབྱེ་དཔྱད་འབད་ནི་དང་ བསྐྱར་ཞིབ་འབད་ནི་ དེ་ལས་དུས་ཚོད་དང་བསྟུན་ སློབ་དཔོན་དང་སློབ་ཕྲུག་ཚུ་གི་མཁོ་འདོད་དང་འཁྲིལ་བའི་མཁོ་ཆས་ཚུ་ སྒྲུབ་ནི་ལུ་ཡང་ཕན་པ་ཡོདཔ་ཨིན།

བདག་སྐྱོང་པ་ཚུ་ལུ
ཞིབ་འཚོལ་གི་འབྲས་བུ་འདི་གི་ གནད་དོན་འདི་ལས སློབ་སྦྱང༌གི་བྱ་རིམ་ཚུ་ དུས་རབས་༢༡་པའི་ཡོན་ཏན་ སྦྱང་མི་ཚུ་གི་དོན་ལས་ གཞི་བཙུགས་འབད་ནི། རྒྱ་སྐྱེད་གཏང་ནི། ལག་ལེན་འཐབ་ནི་ཚུ་ལུ་ཕན་ཐོགས་ནི་ཨིན།

ཞིབ་འཚོལ་པ་ཚུ་ལུ།
ཞིབ་འཚོལ་གྱི་སྒྲུབ་འབྲས་འདི་ལས་ དུས་འདས་ མ་འོངས་ ད་ལྟ་ གསུམ་གི་ཞིབ་འཚོལ་པ་ཚུ་ལུ་ ཞིབ་འཇུག་འབད་ནིའི་དོན་ཚན་གི་གཞི་དང་ དོ་རུ་དྲི་བ་གསརཔ་རེ་ཡང་འབྱུང་ནིའི་ ཕན་ཐོགས་སྦོམ་ཡོདཔ་ཨིན་ནོ།

གནས་སྡུད་སྤྱན་ཞུ་/ སྙན་ཞུ་འབད་ཐངས།
གནས་སྡུད་སྤྱན་ཞུ་ཟེར་མི་འདི་ ལྟ་རྟོགས་དང་འཁྲིལ་བའི་ དུས་སྟོན་དང་ཁྱད་རྣམ་ཚུ་ལུ་སླབ་ཨིན། གནསས་སྡུད་བསྡུ་ལེན་འབད་ས་ལས་ཐོབ་ཡོག་པའི་གནས་ཚུལ་འདི་ཚུ་ལས་ དོན་དག་སྦོམ་འབད་ཧ་གོ་མ་ཚུགསཔ་ཨིན། འདི་འབདཝ་ལས་གནས་སདུད་གང་ཉུང་བཟོ་ནི་དང་ དབྱེ་བ་དཔྱད་པའི་ཤུལ་ལུ་ གནས་ཚུལ་ཚུ་གོ་རིམ་སྒྲིག་སྟེ་འགྲེལ་བཤད་འབད་དེ་སྤྱན་ཞུ་འབད་བའི་བསྒང་ལས་ ཕར་ལོགསམ་ལུ་གོ་བ་ཁ་གསལ་འབད་བརྡ་སྤྲོད་འབད་ཚུགས་པའི་གནས་ཚུལ་གཅིག་ལུ་འགྱུར་ནི་ཨིན། གནས་ཚུལ་ཚུ་འགྲེལ་བཤད་མ་བརྐྱབ་པའི་སྔོན་མ་ གནས་སྡུད་བསྡུ་ལེན་འབད་དགོཔ་འདི་ཁག་ཆེཝ་བས།
གནས་སྡུད་སྤྱན་ཞུ་/ སྙན་ཞུ་འབད་ཐངས་ལུ་ཁག་གཉིས།
༡ གྲངས་ཚད་ལྡན་པའི་ཐབས་ཤེས་ཟེར་མི་འདི་ གྲངས་ཚད་ཀྱིས་ཐོག་ལས་སྟོན་མི་ལུ་སླབ་ཨིན་པས།
༢ ཁུངས་བཙན་ཐབས་ཤེས་ཟེར་མི་འདི་ གནས་སྡུད་ཚུ་བསྡུ་ལེན་འབད་དེ་ འདི་དབྲེ་ཁག་དང་འཁྲིལ་ འགྲེལ་བཤད་བརྐྱབ་དགོཔ་མ་ཚད་ འཕྲལ་འཕྲལ་གྱངས་ཁའི་ཐོགས་ལས་ཡང་སྟོནམ་ཨིན་པས།
གནས་སྡུད་སྤྱན་ཞུ་འབད་བའི་སྐབས་ ཁག་ཆེ་བའི་གནས་དོན་ཚུ་འོག་ལས་མར་བཀོད་དེ་ཡོད།
༡ གནས་སྡུད་སྤྱན་ཞུ་འབད་བའི་སྐབས་ གནས་སྡུད་གོ་རིམ་སྒྲིགཔ་ད་ ལྷབ་མི་ཚུ་གིས་སྤྲོ་བ་བསྐྱེད་ཐབས་ལུ་དམིགས་པ་བཀོད་དེ་འབད་བྲིས་དགོཔ་ཨིན།
༢ གནས་སྡུད་སྤྱན་ཞུ་འབད་བའི་སྐབས་ གནས་སྡུད་བཅུད་བསྡུ་སྟེ་འབྲིཝ་ད་ ཁག་ཆེ་བའི་གནས་ཚུལ་ཚུ་ཡང་ཚུད་དགོཔ་ཨིན།
༣ གནས་སྡུད་སྤྱན་ཞུ་འབད་བའི་སྐབས་ གནས་སྡུད་དབྱེ་དཔྱད་འབད་བའི་ཚེ་རིག་པ་ཐེབས་སྦེ་ར་འཐོབ་ནིའི་དོན་ལུ་འབད་དགོཔ་ཨིན།
༤ གནས་སྡུད་སྤྱན་ཞུ་འབད་བའི་སྐབས་ ཕར་ལོགསམ་གིས་ཧ་གོཝ་འཇམ་ཐབས་ལུ་ཚིག་འཇམ་ཏོང་ཏོ་དང་ མཇུག་དོན་ཚུ་ཕྲང་སྟེ་སྟོན་ཚུགས་ཅིག་དགོཔ་ཨིན།
 རེའུ་མིག་ Tabulation
Tabulation ཟེར་མི་འདི་ གནས་སྡུད་དབྱེ་དཔྱད་མ་འབད་བའི་སྔོན་མ་ Tabulationའདི་འབད་དགོཔ་ཨིན་པས། Tabulationའཕྲུལ་ཆས་འདི་ གནས་སྡུད་ཚུ་འཇམ་ཏོང་ཏོ་འབད་གོ་བ་སྤྲོད་ཚུགས་པའི་ཁར་ ལག་ལེན་འཐབ་འཇམ་ཏོང་ཏོ་ཨིན་པའི་འཕྲུལ་ཆས་ཅིག་ཨིན་བས།
ཐིག་ཁྲམ་བཟོཝ་ད་ སྤྱིར་གྱི་འོག་ལས་མར་བཀོད་ཡོད་མི་གནད་དོན་ཚུ་ཚང་དགོཔ་ཨིན།
༡ ཐིག་ཁྲམ་ཚུ་ལུ་ཨང་རྟགས་བཀོད་དགོཔ་ཨིན། དཔེར་ན་ ཐིག་ཁྲམ་དང་པ། ཐིགཁྲམ་༢པ་སོགས།
༢ ཐིག་ཁྲམ་དང་འབྲེལ་བའི་དོན་ཚན་བྱིན་དགོཔ་ཨིན། ཡང་ན་ དོན་ཚན་དང་ཐིག་ཁྲམ་འདི་གི་གནས་སྡུད་ཀྱི་གོ་བ་སྤྲོད་ཚུགསཔ་སྦེ་འོང་དགོཔ་ཨིན།
༣ ཐིག་ཁྲམ་ཚུ་བཀོདཔ་ད་ མང་ནི་མི་འོང་།
༤ ཞིག་ཁྲམ་འདི་ལུ་ཁག་ཆེཝ་རེ་འཐོན་པ་ཅིན་ མཇུག་མཆན་དང་གནས་ཚུལ་ཁ་སྐོང་ཚུ་འབད་བྱིན་དགོཔ་ཨིན་པས།
༥ ཐིག་ཁྲམ་གྱི་ ཁ་ཡིག་ཚུ་ཡང་ ཚུལ་དང་ལྡནམ་སྦེ་བཀོད་དགོཔ་ཨིན།
ཐིག་ཁྲམ་བཟོཝ་ད་ དབྱེ་ཁག་མ་འདྲཝ་གཉིས།
༡ ཐིག་ཁྲམ་འཇམ་ཤོས(simple table)ཟེར་མི་འདི་གིས་ གནས་ཚུལ་གཅིག་ལས་ལྷག་ མ་གོ་མི་ལུ་སླབ་ཨིན།
༢ ཐིག་ཁྲམ་སྣ་བསྡུས་(complex table)ཟེར་མི་འདི་གིས་ གནས་ཚུལ་སྣ་ཁག་མ་འདྲཝ་ལེ་ཤ་སྤྱན་ཞུ་འབདཝ་ཨིན།


བཅུད་བསྡུ་བ་ཅིན་ གནས་སྡུད་བསྡུ་ལེན་གི་སྤྱན་ཞུ་དང་སྙན་ཞུ་ག་ཅི་འབད་དགོ་ཨིན་ན་ ? ཟེར་བ་ཅིན
 གཟིགས་གནང་མི་ག་ཨིན་ན་
ལོ་རྒྱུས་ག་དེ་ཅིག་ སྤྱན་འབུལ་ཞུ་ནིཨིན་ན
བརྡ་དོན་ག་ཅི་བཟུམ་སྤྱན་འབུལ་ཞུ་ནིཨིན་ན
གནས་སྡུད་འདི་ལས་ གཟིགས་གནང་ཚུ་གིས་ ཉམས་མྱོང་དང་གོ་བ་གདོ་འབད་ལེན་ནི་ཨིན་ན།
བཅའ་མར་གཏོག་ནི་ཚུ་གི་ཧེ་མ་ལས་ག་ཅི་ཤེས་ག།
ཞིབ་འཚོལ་གི་གནས་རིམ་ག་སྟེ་ལྷོ་ནུག་ག་ཤེས་ནི་གི་དོན་ལུགནདས་སྡུདབརྟག་དཔྱད་འབད་དེ་ལེགས་བཅོས་དང་ འགྱུར་དེ་ལས་གྲུབ་འབྲས་ག་ཅི་རང་འབྱུང་ཡི་ག་བལྟ་ནི།
གནས་སྡུད་འདི་ལྟ་རྟོག་འབད་ཐོག་ལས་ཞིབ་འཚོལ་གྱི་ དམིགས་དོན་བསྟུན་སྒྲུབ་དེ་ག་དེ་འབད་འབྱུང་དོ་ག་བལྟ་ནི། ཚུ་ཨིན་ནོ།

ཞིབ་འཚོལ་སྙན་ཞུ་ཁྱབ་བསྒྲགས་འབད་ཐངས། (Research Dissemination)
ཞིབ་འཚོལ་སྙན་ཞུ་ཁྱབ་བསྒྲགས་འབད་ཐངས་(Research Dissemination)འདི་མ་འབད་བ་ཅིན་ཞིབ་འཚོལ་འདི་མ་འབདཝ་དང་འདྲཝ་ལས་ ཞིབ་འཚོལ་སྙན་ཞུ་ཁྱབ་བསྒྲགས་འདི་ཨིན་ཅིག་མིན་ཅིག་འབད་དགོ་འདི་གལ་ཆེ་བས། འདི་འབདཝ་ལས་ ཞིབ་འཚོལ་སྙན་ཞུ་ཁྱབ་བསྒྲགས་འབད་ནིའི་དོན་ལུ་ གནད་དོན་དབྱེ་ཞིབ་འབད་དགོ་པའི་ཁུངས་ཚུ་སླབ་དགོཔ་དང་ གནས་སྡུད་ཀྱི་ཁུངས་ཚུ་འགྲེལ་བཤད་བརྐྱབ་འབད་འོང་དགོཔ་ཨིན་པས། ཞིབ་འཚོལ་སྙན་ཞུ་འབད་དགོ་པའི་ཁུངས་དེ་ཡང་ མི་གཞན་གྱི་ལྷབ་སྦྱང་འབད་ཚུགས་ནི་དང་ ཞིབ་འཚོལ་པ་ཚུ་ལུ་ བསམ་ལན་ཚུ་ཐོབ་ཚུགས་ནི་ལུ་ཕན་པ་འདུག།
ཞིབ་འཚོལ་སྙན་ཞུ་འདྲི་བའི་སྐབས་ ཞིབ་འཚོལ་པ་གིས་བཅའ་མར་གཏོགས་མི་ག་ཨིན་ན་དང་ གོ་བ་ཚུ་ག་དེ་སྦེ་སྤྲོད་ནི་ཨིན་ན་ དེ་ལས་ གྲུབ་འབྲས་ག་དེ་སྦེ་ཐོབ་ཅིག་ག་ཚུ་ བརྡ་སྤྲོད་འབད་ཚུགས་དགོཔ་ཨིན་པས།
ཞིབ་འཚོལ་སྙན་ཞུ་གི་གྲུབ་འབྲས་སྤྱན་ཞུ་འབད་ནིའི་ཐབས་ཤེས་ལེ་ཤ་ཡོད་རུང་དེ་གི་ནང་ལས་ སྤྱན་ཞུ་ཐབས་ལམ་དྲག་ཤོས་འདི་གདམ་ཁ་བརྐྱབ་སྟེ་ ལྷབ་སྦྱང་འབད་མི་ཚུ་གིས་ ཞིབ་འཚོལ་སྙན་ཞུ་གི་གྲུབ་འབྲས་འཇམ་ཏོང་ཏོ་འབད་དབྱེ་བ་ཕྱེ་ནི་དང་ ཧ་གོ་ཚུགསཔ་བཟོ་དགོཔ་ཨིན་པས།

རྒྱབ་རྟེན་དཔེ་ཐོ།
Crewell , J. W. (༢༠༠༣). Research Design: Qualitative, quantitative, and mixed methods approaches (2nd Ed.). California: Saga publications, inc,

flatworldknowledge.com Principles of Sociological Inquiry: Qualitative and Quantitative Methods, v. 1.0

©Gary Geisler ♦ Simmons College ♦ LIS 403 ♦ Spring, 2004
Michael Quinn Patton and Michael Cochran (2002 ) A Guide to Using Qualitative Research Methodology
Procedures for Data Collection and Reporting  Virginia Department of Education    
December 1999
www.pce.edu.bt/sites/default/files/RABSEL Volume XV.pdf · PDF file
Thinley,D. (༢༠༠༩). Document research: A description of procedures for gathering and analyzing mute evidence. Rabsel the CERD Educational journal,༡༣()l, -༡༠







Expected Duration of the research project. ཞིབ་འཚོལ་གྱི་དུས་ཡུན།
Start Date:
འགོ་བཙུགས་སྤྱི་ཚེས་
End Date:
མཇུག་བསྡུ་སྤྱི་ཚེས་
Estimated Budget
སྔོན་རྩིས་འཆར་དངུལ་དང་མཁོ་ཆས།
//༢༠༡༦
//༢༠༡༧
མཁོ་ཆས།
མ་དངུལ།

དྲི་ཤོག་ཉོ་ནི་དང་ པར་བསྐྲུན།
༡༠༠༠༠/-
འགྲུལ་མཐུས།
༣༠༠༠༠/-
དཔེ་དེབ་པར་བསྐྲུན།
༢༠༠༠༠/-
དཔེ་དེབ་བཟོ་ནི་ book binding.
༡༠༠༠༠/-
པར་ པར་བསྐྲུན་འབད་ནི།
༢༠༠༠༠/-
ཡོངས་བསྡོམས་ཟད་རྩིས་
༩༠༠༠༠/-