Tuesday, September 10, 2019

འབྲུག་རྒྱལ་ཁབ་ལུ་ Howard Gardner་ གི་རིག་སྟོབས་སྣ་ཚོགས་དང་འབྲེལ་བ་ཡོད་པའི་གཡོག་གི་གོ་སྐབས་འདུག་ག་མིན་འདུག



འབྲུག་རྒྱལ་ཁབ་ལུ་ Howard Gardner་ གི་རིག་སྟོབས་སྣ་ཚོགས་དང་འབྲེལ་བ་ཡོད་པའི་གཡོག་གི་གོ་སྐབས་འདུག་ག་མིན་འདུག གཞི་དྲག་སྒེར་གསུམ་གྱི་གཡོག་གི་གནས་སྟངས་དང་འཁྲིལ་བའི་ རང་བཞིན་ཚུ་བཤད་པ་རྐྱབ་ཏེ་རིག་སྟོབས་ག་ཏེ་ཚུདཔ་ཨིན་ནའི་སྐོར་ལས་ཚིག་འབྲུ་༢༥༠༠དི་༣༠༠༠གི་བར་ན་བྲིས།
ངོ་སྤྲོད།
དང་པ་ར་སྤྱིར་གི་ལཱ་གཡོག་ཟེར་བའི་གོ་དོན་དེ་ཡང་། མཁས་མཆོག་དབྱིག་གཉེན་གྱིས།ཆོས་མངོན་པ་མཛོད་ལས།འགྲོ་བ་ཟས་ཀྱིས་གནས་པ་ཡིན།།ཟེར་གསུང་དོ་བཟུམ་སྦེ་རང་གི་ཕོཝ་བཀང་ནི་དང་བཟའ་ཚང་གསོ་ནི་གི་དོན་ལུ་ལཱ་ཕ་ལ་ཕན་ཚེགས་ག་ཅི་བཟུམ་ཅིག་འབད་རུང་དེ་ལུ་རང་གཡོག་ཟེར་སླབ་ཨིན།
ལཱ་གཡོག་འདི་འབྲུག་གཞུང་གི་ཁ་ཐུག་ལས་གནང་དགོཔ་བཟུམ་སྦེ་མ་སྡོད་པར་རང་རང་སོ་སོའི་ཤེས་ཚད་དང་ལྕོགས་གྲུབ་ཐབས་ཤེས་གནས་སྐབས་མ་འདྲཝ་ཚུ་བཏོན་ཞིནམ་ལས་ན་གཞོན་ཚུ་ཆོས་ཡོན་ཏན་སྦོམ་སྦྱངས་ཚར་བའི་མཐའ་མར་མི་རེ་རེ་གིས་འཆར་གཞི་རེ་རེ་བརྩམས་ཡར་སོང་པ་ཅིན་དེ་དང་བསྟུན་པའི་གྲུབ་འབྲས་རེ་འཐོན་ཚུགས་ནི་ཨིན་མས།
དེ་ཡང་ང་བཅས་རའི་སྤྱི་ནོར་དམ་པ་མི་དབང་མངའ་བདག་རིན་པོ་ཆེ་མཆོག་གིས་ག་དེ་སྦེ་གསུངས་ཡི་ཟེར་བ་ཅིན་འབད་ཚུགས་མ་ཚུགས་པའི་ཁྱད་པར་མེན་པར་འབད་མ་འབད་ཀྱི་ཁྱད་པར་ཨིན།ཟེར་གསུང་དོ་བཟུམ་དང་དེ་བཟུམ་སྦེ་ཨ་མི་རི་ཀའི་སྲིད་འཛིན་ ཇོན་ཨེཕ་ཀེ་ནི་ཌི་གིས་ གཞུང་ལས་ཁྱོད་ལུ་ག་ཅི་འཐོབ་ཚུགས་ག་ཟེར་ རེ་བ་མ་བསྐྱེད་པར་ཁྱོད་ཀྱིས་གཞུང་ལུ་ཕྱག་ཕྱི་ཞབས་ཏོག་ག་ཅི་ར་ཞུ་ཚུགསཔ་ག་གི་མནོ་བསམ་གཏང་དགོ་ཟེར་ཡོདཔ་ཨིན།
བར་གི་གནད་དོན
ད་གོང་གི་གནད་དོན་ཚུ་སྒྲུབ་དགོ་པ་ཅིན་ང་བཅས་རའི་རྒྱལ་ཁམ་ནང་གཞི་དྲག་སྒེར་གསུམ་ནང་མ་འོངས་པའི་ལཱ་འབད་མི་ཚུ་ལུ་ཁོ་རའི་རིག་སྟོབས་དང་བསྟུན་པའི་གཡོག་གི་ས་སྟོང་ཚུ་ག་དེ་འབད་ཡོདཔ་ཨིན་ན་དང་ ཁོང་ལུ་རིག་སྟོབས་ག་དེ་འབད་ཡོདཔ་ཨིན་ན་ཧ་གོ་དགོཔ་ཡོདཔ་ལས་ དང་པ་ར་Howard Gardnerརིག་སྟོབས་ཟེརཝ་ད་ག་ཅི་ར་ཨིན་ན་ཟེར་བ་ཅིན་(bestcareermatch.com, 2016) ནང་ལས་སྐད་ཡིག་ངག་རྩལ། Verbal-Linguisticརྒྱུ་མཚན་ལྡན་པའི་རྩིས་རིག་ཁྱད་རྩལ།Logical-Mathematicalམཐོང་སྣང་ལྡན་པའི་ཁྱད་རྩལ། Visual-spatial
ལུས་ཀྱི་སྒྱུ་རྩལ།Bodily-Kinestheticསྙན་ཆའི་སྒྲ་གདངས་ཁྱད་རྩལ།Musicalམཐུན་འབྲེལ་ཁྱད་རྩལ།Interpersonalརང་ཚོད་ཁྱད་རྩལ། Intrapersonalསྐྱེ་དངོས་ཁྱད་རྩལ། Naturalistགནས་ལུགས་ཁྱད་རྩལ། Existentialཟེར་དགུ་ལུ་གོཝ་ཨིན།
འདི་ཚུ་གི་ཁྱད་ཆོས་རེ་རེ་འབད་བཀོད་པ་ཅིན
དང་པ་སྐད་ཡིག་ངག་རྩལ།
.    ཚིག་མ་འདྲཝ་ལག་ལེན་འཐབ་སྟེ་རྩོམ་རྐྱབ་ནི་ལུ་སྤྲོ་བ་ཡོད་མི།
.    དཔེ་དེབ་དུས་དེབ་གསར་ཤོག་ཚུ་ལྷག་ནི་ཡོད་མི།
.    སེམས་ཁར་མནོ་མི་ཚུ་གཞན་ལུ་གོ་བརྡ་སྤྲོད་ནིའི་དོན་ལུ་ཁ་སྐད་དང་ཡི་གུའི་ཐོག་ལུ་བཤད་པ་རྐྱབ་ཚུགས་མི།
.    ལྷག་མི་དང་གོ་མི་ཚུ་གཞན་ལུ་སྒྲ་གཏམ་འབད་སླབ་ཚུགས་མི།
.    མིང་ཚིག་མ་འདྲཝ་ལག་ལེན་འཐབ་སྟེ་རྗོད་ཚིག་མ་འདྲཝ་ཚུ་བཟོ་ནི་ལུ་སྤྲོ་ནི།
.    མི་ཚུ་གིས་འཕྲལ་འཕྲལ་ར་རང་གིས་ལག་ལེན་འཐབ་ཡོད་པའི་མིང་ཚིག་གི་བཤད་པ་རྐྱབ་ཟེར་སླབ་ནི།
.    སློབ་གྲྭ་ནང་སྡོདཔ་ད་དབྱིན་སྐད་དང་འབྱུང་རབས་མི་སྡེའི་ཆོས་ཚན་ཚུ་གདམ་ཁ་རྐྱབ་ནི།
.    རང་རྐྱང་གི་ངག་རྩལ་ཐོག་ལས་རྩོད་སྡུར་འབད་ནི་ཡོདཔ།
.    དཀའ་ངལ་གྱི་སྐོར་ལས་སླབ་ནི་དང་།ཐབས་ཤེས་བཏོན་ནི།དྲི་བ་བཀོད་ནི་ཚུ་ལུ་སྤྲོ་བ་འབྱུང་ནི།
༡༠.   རྒྱང་བསྒྲགས་ཡང་ན་སྒྲ་འཛིན་འཁོར་ལོའི་ཐོག་ལས་བརྡ་དོན་ཚུ་འཇམ་ཏོང་ཏོ་འབད་ལེན་ཚུགས། 

གཉིས་ རྒྱུ་མཚན་ལྡན་པའི་རྩིས་རིག་ཁྱད་རྩལ།
.   ཨང་རྩིས་ཀྱི་ཐོག་ལས་ལཱ་འབད་ནི་དང་སེམས་ཀྱིས་ཚོད་རྩིས་བཏོན་ཚུགས།  
.    ཚན་རིག་གོང་འཕེལ་གཏང་ནི་ལུ་སྤྲོ་བ་ཡོད།
.    ཁྱིམ་ནང་གི་ཟད་རྩིས་དང་དངུལ་འབྲེལ་ཚུ་འཛིན་སྐྱོང་འཇམ་ཏོང་ཏོ་འབད་འཐབ་ཚུགས།
.    ཟད་འགྲོ་བཏང་ཡོད་པའི་རྩིས་ཁྲ་ཚུ་ཁ་གསལ་འབད་རྩིས་ཐོ་བཞག་ནི་ལུ་སྤྲོ་བ་འབྱུང་ནི།
.    ཚད་མ་རིག་པའི་མནོ་ལུགས་དེ་གིས་མགུ་རྙོགས་དྲགས་ཡོད་པའི་ལཱ་ཚུ་ལུ་གདོང་ལེན་འབད་ནི་ལུ་སྤྲོ་བ་འབྱུང་ནི།
.    གཞན་གྱིས་སླབ་མི་དང་འབད་ཡོད་མི་ལུ་རྒྱུ་མཚན་གྱི་ཐོག་ལས་སྐྱོན་བརྗོད་འབད་ཚུགས།
.    ཆོས་ཚན་ཨང་རྩིས་དང་ཚན་རིག་འདི་ཁྱོད་ཀྱི་དགའ་ཤོས་ཅིག་ལུ་འགྱུར་ནི།
.    དཔེ་སྟོན་ཁ་གསལ་གྱི་ཐོག་ལས་སྤྱིར་བཏང་བསམ་འཆར་ལུ་རྒྱབ་སྐྱོར་འབད་ཚུགས་ནི།
.    དཀའ་ངལ་ཚུ་གོ་རིམ་རེ་རེ་བཞིན་དུའི་སྒོ་ལས་བསལ་ཚུགས།
༡༠.   སྡེ་ཚན་གྱི་མནོ་ཐངས་ལུ་ངལ་རངས་ཡིད་ཆེས་འབྱུང་ནི།

གསུམ་པ་ མཐོང་སྣང་ལྡན་པའི་ཁྱད་རྩལ།
.    སྒྱུ་རྩལ་ལུ་ངལ་རངས་ཡོད།
.    སྒྲ་གཟུང་པར་ཆས་ལག་ལེན་འཐབ་སྟེ་ལས་རིམ་གྱི་མཐོང་སྣང་ཚུ་སྒྲ་གཟུང་ནི་ཡོད།
.    ཟིན་བྲིས་བཏབ་ནི་དང་ཡང་ན་གཞན་གྱི་སྐོར་ལས་མནོ་བསམ་གཏང་པའི་སྐབས་པར་རིས་ཀྱི་ཐོག་ལས་བཀོད་ནི་ཡོད།
.    སབ་ཁྲ་བལྟ་ནི་དང་ལམ་ཕྱོགས་ངོས་འཛིན་འབད་ནི་ལུ་དཀའ་ངལ་མེད།
.    མགུ་འཐོམ་རྩེདམོ་ (jigsaw puzzles) བཟུམ་མའི་མཐོང་སྣང་གི་རྩེདམོ་ལུ་སྤྲོ་བ་བསྐྱེདཔ་ཨིན།
.    ལཱ་ཚུ་དབྱེ་བ་ཕྱེ་ཞིནམ་ལས་ལོག་ཨ་རྟག་ཧ་ལུགས་འབད་བཟོ་ནི་ལུ་ལང་ཤོར་ཚུད་ཡོདཔ་ཨིན།
.    སློབ་གྲྭ་ནང་ལུ་པར་རིས་དང་རྩིས་ཀྱི་རིག་པ་ལས་ཚབ་རྩེད་འབད་ནི་ལུ་དགའ།
.    ཁྱོད་ཀྱིས་སླབ་དགོ་པའི་གནད་དོན་ཚུ་པར་རིས་ཀྱི་ཐོག་ལས་ལེ་ཤ་སླབ་ཚུགས།
.    གནད་དོན་གྱི་གོ་བ་ལེན་ཐངས་ཚུ་གཟུགས་བརྙན་གྱི་ཐོག་ལས་འཇམ་ཏོང་ཏོ་འབད་ཧ་གོ་ཚུགས།
༡༠.   ལྷག་ནིའི་མཁོ་ཆས་ཚུ་ལས་པར་རིས་ལེ་ཤ་བཀོད་ཡོད་མི་དེ་ལུ་གདམ་ཁ་རྐྱབ་ཨིན།
བཞི་པ ལུས་ཀྱི་སྒྱུ་རྩལ།
.    རྩེད་རིགས་ནང་ལུ་བཅའ་མར་གཏོགས་ནི་དང་ཡང་ན་དུས་རྒྱུན་དུ་ལུས་རྩལ་མ་འདྲཝ་ཚུ་སྦྱང་བ་
འབད་ནི།
.    རང་རྐྱང་གི་ཐོག་ལས་ལཱ་འབད་ནི་ལུ་ལང་ཤོར་ཚུད་ནི།
.    ལུས་སྦྱོང་འབད་བའི་སྐབས་ལུ་དཀའ་ངལ་ཚུ་ངོས་འཛིན་འབད་དེ་སེལ་ཐབས་འབད་ཚུགས།
.    ཞབས་ཁྲ་རྐྱབ་ནི་ལུ་ཐེ་ཚོམ་ག་ཅི་ཡང་མེད།
.    གནད་དོན་ཅིག་ཧ་གོ་དགོ་པ་ཅིན་ལུས་སྦྱོང་གི་ཐོག་ལས་འབདཝ་ད་ལེགས་ཤོམ་འབད་ཧ་གོ་ཚུགས།
.    ལྷབ་སྦྱང་ཚུ་གི་གྲས་ལས་སྤྲོ་བ་ཆེ་ཤོས་འདི་ལུས་སྦྱོང་ཤེས་ཡོན་དང་པར་ཏྲ་བརྐོ་ནི་ཚུ་ནི།
.    སེམས་ཁར་མནོ་མི་ཚུ་གཞན་ལུ་གོ་བརྡ་སྤྲོད་པའི་སྐབས་ལག་པའི་བརྡ་སྟོན་དང་གཟུགས་ཀྱི་རྣམ་འགྱུར་ཚུ་ལག་ལེན་འཐབ་ཨིན།
.   ཁྱོད་ཨ་ལོ་ཚུ་དང་གཅིག་ཁར་རྒྱུག་མཆོང་གི་རྩེད་རིགས་ལུ་སྤྲོ་བ་ཡོད།
༩ལག་དེབ་ལྷག་ནི་དང་རྒྱང་མཐོང་བལྟ་ནི་ལས་དངོས་སུ་བཅའ་མར་གཏོགས་ཏེ་ལྷབ་སྦྱང་གི་ཉམས་མྱོང་
གསརཔ་འཐོབ་ཚུགས་པའི་ཐབས་ཤེས་ཡོད།
ལྔ་པ་ སྙན་ཆའི་སྒྲ་གདངས་ཁྱད་རྩལ།
.    སྙན་ཆ་དཀྲོགས་ཚུགས་ནི།
.    སྙན་ཆ་དང་གཅིག་ཁར་ཞབས་ཁྲ་འཐེན་ཚུགས་ནི།
.    སྙན་ཆའི་གདངས་ཚུ་རྣམ་ཅོ་ཁར་གོ་ཞིནམ་ལས་དུས་ཡུན་ཐུང་ཀུ་ཅིག་གི་རྒྱབ་ལས་སེམས་ཁར་དྲན་ཚུགས།
.    སྙན་ཆ་ཚུ་ཁྱིམ་ནང་དང་སྣུམ་འཁོར་ནང་འགྱོ་བའི་སྐབས་ཉན་ནི་ལུ་སྤྲོ་བ་མངམ་འབྱུང་ནི།
.    སྙན་ཆའི་སྒྲ་ཚུ་གོ་བའི་སྐབས་གདངས་དབྱངས་དང་འཁྲིལ་ཏེ་རྐངམ་ས་ཁར་བརྡུང་ནི།
.    ཁྱོད་ཀྱིས་སྙན་ཆ་མ་འདྲཝ་ངོས་འཛིན་འབད་ཚུགས་ནི།
.    བརྗོད་དོན་སྟོན་ཚུགས་པའི་སྙན་ཆ་དང་ཡང་ན་ཚོང་འབྲེལ་དང་འབྲེལ་བའི་སྙན་ཆ་ཚུ་མགྱོགས་པ་ཤེས་ཚུགས།
.མི་ཚེའི་ནང་སྙན་ཆ་མེད་པར་སྡོད་ཚུགས།
.    འཕྲལ་འཕྲལ་ར་བྱི་སི་འཕུ་ནི་དང་ཡང་ན་ངག་ལས་གདངས་དབྱངས་འཐེན་ནི།
༡༠.   ལཱ་འབད་བའི་སྐབས་ལུ་རྒྱབ་རྟེན་སྙན་ཆ་ཚུ་བཏང་སྟེ་འབད་ནི་།
དྲུག་ མཐུན་འབྲེལ་ཁྱད་རྩལ།
.    སྡེ་ཚན་ཡང་ན་ཚོགས་ཆུང་ལས་བརྟེན་ཏེ་ཁྱོད་གཞན་དང་གཅིག་ཁར་ལཱ་འབད་བའི་སྐབས་སྤྲོ་བ་ཅན་འབད་
ཚོར་ནི།
.    གཞན་ལུ་གྲོས་སྟོན་པ་འབད་བའི་སྐབས་དཔའ་ཉམས་ཅན་གྱི་ཚོར་ཤུགས་འབྱུང་ནི་ཡོད།
.    མི་གཞན་གྱིས་ཁྱོད་ལས་བསླབ་སྟོན་ལེན་པར་འོང་ནི་ཡོད།
.    རང་རྐྱང་གཙོ་བཏོན་གྱི་རྩེདམོ་དཔེར་ན་རྩལ་རྐྱབ་ནི།རྒྱུག་ནི་ལས་མཉམ་རུབ་གཙོ་བཏོན་གྱི་རྩེདམོ་
     རྐང་རྩེད།ལག་རྩེད།དྲྭ་རིལ།ཚུ་ལུ་གདམ་ཁ་མངམ་བསྐྱེདཔ་ཨིན།
.    གཞན་དང་གཅིག་ཁར་གྲལ་གཏོགས་འབད་དེ་རྩེདམོ་རྩེ་ནི་ལུ་དགའ།
.    ཁྱོད་ར་རྐྱངམ་གཅིག་ཁྱིམ་ནང་སྡོད་དེ་རྒྱང་མཐོང་བལྟ་ནི་ལས་མི་ལེ་ཤ་སྤུངས་འཛོམས་ཀྱི་ས་གོ་ནང་སྡོད་ནི་     ལུ་གདམ་ཁ་མངམ་བསྐྱེདཔ་ཨིན།དེ་གིས་མི་སྡེ་དང་མཐུན་འབྲེལ་ལེགས་ཤོམ་བཟོ་ཚུགས།
.    རང་རྐྱང་གི་ཆ་རོགས་འཆམ་ཤོས་ལེ་ཤ་ཡོད།
. མི་གཞན་དང་གཅིག་ཁར་བརྡ་དོན་སྤྲོད་ལེན་ལེགས་ཤོམ་འབད་འབད་ཚུགས་པའི་ཁར་མ་འགྲིག་པར་ཡོད་མི་ཚུ་གི་བར་ན་ཡང་འཆམ་ཁ་བཟོ་ཚུགས་ནི།
.    ལཱ་འགོ་འཁྲིད་འབད་ནི་དང་མི་གཞན་ལུ་ལཱ་ག་དེ་སྦེ་འབད་ནི་ཨིན་ན་སྟོན་ནི་ལུ་གཡང་ཟ་བག་ཟ་ག་ནི་ཡང་མེད་ནི།
༡༠. དཀའ་ངལ་ག་ཅི་བཟུམ་འབྱུང་རུང་རང་རྐྱང་གིས་བསལ་ནི་ལས་གཞན་ལས་རྒྱབ་སྐྱོར་ལེན་ཏེ་དཀའ་ངལ་བསལ་ནི་ལུ་གཙོ་བོར་བཏོནམ་ཨིན།

བདུན་པ རང་ཚོད་ཁྱད་རྩལ།
.    སེམས་ཀྱི་གདིང་ལས་མནོ་མི་འདི་རང་གི་ཉིན་དེབ་ནང་ལུ་ཐོ་བཀོད་བཞག་ནི།
.    མི་ཚེ་ནང་ལུ་གདོང་ལེན་ཅན་གྱི་གནད་དོན་གལ་ཚུ་བསམ་ཞིབ་འབད་ནིའི་དོན་ལུ་ཁུ་སིམ་སིམ་འབད་སྡོད་དེ་དཔྱད་རིག་གཏང་ནི།
.    ག་ཅི་ར་འབད་རུང་ཁྱོད་རའི་དམིགས་གཏད་བསྐྱེད་ཡོད་མི་དང་འཁྲིལ་ཏེ་འབད་ནི།
.    ཁྱོད་རའི་སྐོར་ལས་ཤེས་ནི་དང་སེམས་བདག་འཛིན་འབད་ཚུགསཔ་ལས་ཁྱོད་ར་རང་དབང་གི་མནོ་བསམ་གཏང་ཚུགས་ནི།
.    ཁྱོད་རའི་རེ་འདོད་དང་སྤྲོ་བ་ཚུ་གཞན་ལུ་མ་སླབ་པར་སྦ་གསང་གི་ཐོག་ལས་བཞག་ཚུགས་ནི།
.    ལཱ་དང་བྱ་བ་ག་ཅི་ར་འབད་རུང་རང་རྐྱངམ་གཅིག་འབད་འབད་ནི་ལུ་སྤྲོ་བ་བསྐྱེད་ནི།
. སྤྲོ་སྟོན་གྱི་དུས་ཚོད་འདི་གནས་ཚད་ཆེ་བའི་མགྲོན་སྐྱོང་ཁང་དང་མི་དམངས་འཛོམས་ས་ལས་འདི་རང་རྐྱང་འབད་སྡོད་སའི་ས་གནས་སྐྱིད་ཏོང་ཏོ་ཅིག་ནང་དགའ་ནི།
.    ཁྱོད་རའི་རྒྱུད་ལུ་ཡོད་པའི་སྐྱོན་དང་ཡོན་ཏན་གྱི་སྐོར་ལས་དབྱེ་དཔྱད་ཀྱི་རིག་པ་འབྱུང་ནི།
.    རང་རྐྱང་ཡར་རྒྱས་ཀྱི་སྦྱོང་བརྡར་དང་ཡང་ན་བསླབ་སྟོན་པ་ཚུ་ལས་ཁྱོད་རའི་སྐོར་ལས་མངམ་ཤེས་ནིའི་དོན་ལུ་བསླབ་སྟོན་ལེན་ནི།
༡༠.   ལཱ་གི་དོན་ལུ་ལཱ་མ་འབད་བའི་ཧེ་མར་མནོ་བསམ་ཞིབ་ཞིབ་འབད་གཏང་ནི།

བརྒྱད་པ་ སྐྱེ་དངོས་ཁྱད་རྩལ།
.བདག་འཛིན་འཐབ་ནི་དང་ཡང་ན་གཅེས་གཅེས་ཕངས་ཕངས་འབད་ནི་ལུ་དགའ།
.    ཤིང་དང་མེ་ཏོག་སྔོ་ཤིང་རྣམ་པ་སྣ་ཚོགས་ཀྱི་མིང་སླབ་ནི་དང་ངོས་འཛིན་འབད་ཚུགས་ནི།
. ཁྱོད་ཀྱིས་དཔེར་ན་གཟུགས་ཁམས་འཕྲོད་བསྟེན་གྱི་སྐོར་ལས་གོ་བ་ལེན་ཏེ་ནང་མཁྲོས་གཙོ་ཅན་ཚུ་ཤེས་མི་དེ་གིས་གཟུགས་ཀྱིས་ལཱ་ག་དེ་སྦེ་འབདཝ་ཨིན་ན་སྤྲོ་བའི་སྒོ་ལས་ཤེས་ཚུགས་ནི།
. ནགས་ཚལ་ནང་ལས་ཕར་ལམ་འགྱོ་བའི་སྐབས་ལམ་གྱི་ཉེན་སྲུང་དང་རི་དྭགས་སེམས་ཅན་ཚུ་གིས་མི་གནོད་ག་ཟེར་བའི་ཚ་གྱང་དང་།གནམ་གཤིས་ཀྱི་འགྱུར་བགྲོད་ཚུ་ཁྱོད་ཀྱིས་སླབ་མི་ཚུགས་ནི།
.    ཁྱོད་ཀྱིས་ཁྱོད་ར་ཞིང་པ་ཨིན་ཟེར་མནོ་ནི།
.    ཁྱོད་ལྡུམ་རའི་ལཱ་འབད་ནི་ལུ་སྤྲོ་བ་སྐྱེད་ནི།
.    འཛམ་གླིང་རྒྱལ་སྤྱིའི་མཐའ་འཁོར་གྱི་དཀའ་ངལ་ཚུ་ཧ་གོ་ནི་དང་བསལ་ནིའི་སྤྲོ་བ་འབྱུང་ནི།
. གནམ་གཤིས་རིག་པའི་ཡར་རྒྱས་ཀྱི་སྐོར་ལས་རྒྱུ་མཚན་ལྡན་པའི་བརྡ་དོན་འཐོབ་ནི།འཇིག་རྟེན་འབྱུང་ཚུལ་དང་མི་ཚེའི་རིམ་པ་འགྱུར་བའི་སྐོར་ལས་ཤེས་ཚུགས་ནི།.
.    མི་སྡེའི་དཀའ་ངལ་བསལ་ནི་ལུ་སེམས་ཁམས་རིག་པ་དང་མི་གཞན་སྐུལ་མ་འབད་ནི་ལུ་སྤྲོད་བ་འབྱུང་ནི།
༡༠. འཐོན་ཁུངས་ཉམས་སྲུང་དང་ཡུན་བརྟན་གོང་འཕེལ་གཉིས་ང་བཅས་རའི་སྐབས་ལུ་དཀའ་ངལ་དང་གདོང་ལེན་གཙོ་ཆེ་ཤོས་ཅིག་ཨིནམ་འབད་རྩིས་ནི།

དགུ་པ་ གནས་ལུགས་ཁྱད་རྩལ།

.    མི་ཚེའི་སྐོར་ལས་མནོ་བསམ་གཏང་ནི་ལུ་དགའ།
.འཛམ་གླིང་ནང་ག་ཅི་འབད་སྐྱེཝ་ཨིན་ན་ཟེར་མནོ་བསམ་གཏང་ནི།
.    སེམས་ཅན་ཚུ་ལྷ་ཡུལ་ལུ་སྐྱེ་དོ་ཟེར་མི་ལུ་ཁྱོད་ཀྱིས་གནད་ཁུངས་འཚོལ་ཞིབ་འབད་ནི་ལུ་སྤྲོ་ནི།
.    ལྷ་ཡུལ་དང་དམྱལ་བ་གཉིས་ཀྱི་བརྡ་དོན་ཁ་གསལ་འབད་ཤེས་ནི་ལུ་སྤྲོ་བ་ནི།
.    ཚེ་ལས་འདས་ཞིནམ་ལས་རྐྱངམ་གཅིག་མི་ཚེ་འདི་དོན་དང་ལྡན་ཟེར་མི་ལུ་བདེན་རྫུན་རེག་ནི་།
.    བཟང་ངན་གྱི་རྣམ་གཞག་ལུ་ཁྱོད་ཀྱིས་ཡིད་ཆེས་ནི།
.    རྒྱུ་སྐར་གཞན་ནང་ལུ་མི་ཚེ་གནས་ཡོད་མེད་ལུ་འཚོལ་ཞིབ་འབད་ནིའི་སྤྲོ་ནི།
.    ཁྱོད་ཀྱི་སེམས་ཁ་ལུ་ཁྱོད་ལུ་ཚོར་བ་དྲུག་གིས་དབང་སྟེ་ཡོད་ཟེར་མནོ་ནི།
.    འདྲེ་དངོས་སུ་ཡོད་ཟེར་མི་ལུ་ཁྱོད་ཀྱིས་འཚོལ་ཞིབ་འབད་ཚུགས་ནི།
༡༠.   ཁྱོད་ཀྱིས་གོ་བ་རྒྱ་ཆེཝ་འབད་སྤྲོད་ནིའི་དོན་ལུ་བརྡ་དོན་ཐོག་ལས་སྤྲོ་བ་བསྐྱེད་དེ་ལྷབ་ནི།
ཚུ་གི་ཁྱད་ཆོས་དང་ལྡནམ་འབད་ཡོདཔ་ཨིན་ནོ།
Howard Gardner གི་རིག་སྟོབས་རྣམ་པ་བརྒྱད་ཡོད་མི་འདི་གི་མི་གཅིག་གིས་རང་གི་ལྕོགས་གྲུབ་དང་བསྟུན་ཏེ་རང་གི་རིག་རྩལ་ཡར་རྒྱས་དང་ཕན་ནུས་ཅན་ལུ་འགྱུར་ཚུགས་ནི་ཨིན་ལས་ཁོ་གི་ལྟ་བ་འདི་གི་ཐོག་ལས་ཐ་ན་སློབ་གྲྭ་ནང་འབྲི་ལྷག་ཤེས་ཡོན་གྱི་རིག་རྩལ་ལུ་ལྕོགས་གྲུབ་མེད་རུང་རིག་རྩལ་རྣམ་པ་གཞན་ཚུ་ལུ་བརྟེན་ཏེ་རང་གི་མི་ཚེ་ནང་ལུ་རང་མགོ་རང་དྲོངས་འབད་སྡོད་ཚུགས་པའི་མི་ཚེ་སྐྱོང་ཐབས་ཀྱི་ལམ་སྟོན་བྱིནམ་ཨིན་མས།
ང་བཅས་རའི་རྒྱལ་ཁབ་ནང་ལུ་མི་རློབས་ཡར་འཕེལ་དང་བསྟུན་ལཱ་གཡོག་གི་དཀའ་ངལ་འདི་ལོ་ལྟར་བཞིན་དུ་མང་སུ་ཐོན་དོ་ཡོདཔ་ཨིན།ལཱ་གཡོག་ཆེ་འབྲིང་ཆུང་གསུམ་ག་ཅི་ར་ཨིན་རུང་ལཱ་གི་རང་བཞིན་འདི་ལུ་རིག་སྟོབས་སྣ་ཚོགས་དགོཔ་ལས་ Howard Gardner གི་རིག་པ་སྣ་ཚོགས་ཀྱི་ལྟ་བ་འདི་ལཱ་གཡོག་ག་ཅི་ར་ཨིན་རུང་འབྲེལ་བ་སྦོམ་ཡོདཔ་ལས་གོ་སྐབས་ཡང་སྦོམ་འདུག་དེ་ཡང་རིག་སྟོབས་འདི་ཚུ་དང་བསྟུན་པའི་ལཱ་གཡོག་ག་ཅི་བཟུམ་ར་ཡོདཔ་ཨིན་ན་ཟེར་བ་ཅིན་(bestcareermatch.com, 2016)ནང་ལུ་ རིག་སྟོབས་དང་བསྟུན་པའི་གཡོག་གི་གོ་སྐབས་ཀྱི་བཀོད་རི་ནང་ལས་འབད་བ་ཅིན།
རིག་སྟོབས་དང་དང་བསྟུན་པའི་གཡོག་གི་གོ་སྐབས།
CAREER CHART
Careers Based in These Intelligences
attorneyཁྲིམས་ཞིབ་པ།
comedian
དགོད་བྲ་སྒྱུར་མི།
communications specialistབརྡ་སྤྲོ་མཁས་མཆོག
curatorའགྲེམས་སྟོན་ཅ་གཉེར།
editor in publishing
དཔེ་སྐྲུན་ ཞུན་དག་པ།
historian
བྱུང་རབས་མཁས་མཆོག
journalist
གསར་འགྱུར་རྩོམ་སྒྲིགཔ།
lawyer
ཁྲིམས་རྩོདཔ།
librarian
དཔེ་གཉེར།
marketing consultant
ཚོང་འབྲེལ་གྲོས་སྟོན་པ།
Newscaster
གནས་ཚུལ་གསལ་བཤད་པ།
poet
སྙན་ངག་མཁན། 
politician
ཆབ་སྲིད་མཁས་པ།
songwriter
གླུ་གཞས་རྩོམ་སྒྲིག་པ།
speech-pathologist
ངག་བརྟག་མཁས་མཆོག
talk-show host
གསུང་གྲོས་ལས་རིམ་འགོ་འདྲེན་པ།
teacher
སློབ་དཔོན།
language translator
སྐད་སྒྱུར་པ། 
writer
རྩོམ་སྒྲིག་པ།
accountantརྩིས་དྲུང༌།
auditor
རྩིས་ཞིབ་པ།
computer analyst
གློག་རིག་དཔྱད་ཞིབ་པ།
computer technician
གློག་རིག་ཐབས་རིག་ཅན།
computer programmer
གློག་རིག་ལས་རིམ་པ། 
database designerགནས་སྡུད་གཞི་མཛོད་
བཟོ་བཀོདཔ།
detectiveཞིབ་དཔྱོདཔ།
economist
དཔལ་འབྱོར་མཁས་མཆོག
engineer
བཟོ་དཔོན། འཕྲུལ་དཔོན།
lawyer
ཁྲིམས་རྩོད་པ།
mathematician
ཨང་རྩིས་མཁས་མཆོག
network analystཡོངས་འབྲེལ་དཔྱད་ཞིབ་པ།
pharmacist
སྨན་སྦྱོར་མཁས་པ།
physician
དྲུང་འཚོ། སྨན་པ།
physicist
དངོས་ཁམས་མཁས་མཆོག
researcher
ཞིབ་འཚོལ་པ།
scientist
ཚན་རིག་མཁས་མཆོག
Statistician
གནས་སྡུད་མཁས་པ།
bookkeeper
རྩིས་བཀོད་པ།
3D modeling & simulation
architect
འགུལ་བརྙན་བཟོ་བཀོདཔ།
artistསྒྱུ་རྩལ་མཁནམ།
computer programmer
engineer
གློག་རིག་རིམ་སྒྲིག་འཕྲུལ་དཔོན།

film animator 
འགུལ་གཟུགས་བརྙན་ཤོག་པ།
graphic artistརི་མོ་མཁན།
interior decorator
ནང་གིམཛེས་བཀོདཔ།
photographerཔར་བཏབ་མི།
mechanic
འཕྲུལ་བཟོཔ།
navigator
དེད་དཔོན།
outdoor guide
ལམ་སྟོན་པ།
pilot
གནམ་གྲུའི་དེད་དཔོན།
sculptor
འཇིམ་བཟོཔ། པརཔ། ལུགས་པ།
strategic planner
འཆར་གཞི་རྩམ་མི།
surveyor
ས་འཇལཔ། 
truck driverདེད་གཡོགཔ།
urban planner
ཁྲོམ་ཚོགས་འཆར་གཞི་རྩམ་མི།
webmaster
ཡོང་འབྲེལ་འགན་འཛིན་པ།
actorའཁྲབ་རྩེདཔ།
athleteལུས་རྩལ་པ།
carpenterཤིང་བཟོ་བོ།
computer games designerགློག་རིག་རྩེདམོ་བཟོ་བཀོདཔ།
craftspersonལག་བཟོཔ། 
dancerཞབས་ཁྲཔ། འཆམ་པ།
doctor of sports རྩེད་རིགས་དྲུང་འཚོ།
firefighter
མེ་གསད་མི།
forest ranger
ནགས་ཚལ་གླིང་སྐྱོང་པ།
jeweler སྤྲོས་བརྐོ།
mechanic
personal trainer
Phys Ed teacher
ལུས་རྩལ་ཤེས་ཡོན་སློབ་སྟོན་པ།
physical therapist
recreation specialist
ངལ་སངས་བྱིན་མི་མཁས་མཆོག
surgeon
གཤག་བཅོས་མཁས་མཆོག
yoga instructor
སྒོམ་སྦྱོང་སློབ་སྟོན་པ།





Audiologist
རྣ་དབང་མཁས་མཆོག
choir director
གཞས་སྡེ་བཀོད་སྒྲིག་པ།
disc jockeyསྒྲ་ཟུང་མི།
music conductor
གཞས་བརྡ་སྟོན་མི།
music camp counselor
music comedy actor
དགོད་བྲའི་ཟློས་གར་འཁྲབ་རྩེདཔ།
music critic
སྙན་ཆའི་ཞིབ་འཆར་བཀོད་མི།
music lawyer
སྙན་ཆའིཁྲིམས་རྩོད་པ།
music librarian
སྙ་ཆའི་དཔེ་གཉེར།
music publisher
music promotor
music retailer
music teacher
སྙན་ཆའི་སློབ་སྟོན་པ
music therapist
musician
སྒྲ་གཞསཔ།
orchestra director
piano tuner
recording engineer
singer
ཞབས་ཁྲ་འཐེན་མི། 
Songwriter
ཞབས་ཁྲ་རྩམ་མི།
sound editor
speech pathologist
voice actor 
སྒྲ་གདངས་འཁྲབ་རྩེདཔ།
voice instructor
air quality specialist
རླུང་བརྟག་མཁས་མཆོག
animal health technician
དུད་འགྲོའི་འཚོ་ཁམས་མཁས་པ།
Anthropologist
མི་རྒྱུད་རིག་པའི་མཁས་མཆོག
Astronomer
གནམ་རིག་མཁས་པ།
botanist
རྩི་ཤིང་མཁས་མཆོག
biologist
སྐྱེ་དངོས་ཚན་རིག་པ།
dog trainer
environmental
རང་བཞིན་གནས་སྟངས་མཁས་མཆོག
 lawyer
farmer
སོ་ནམ་པ།
orest ranger
gardener
ལྡུམ་ར་གཉེརཔ།
Geologist
ས་ཁམས་མཁས་མཆོག
landscaper


meteorologist
གནམ་གཤིས་མཁས་མཆོག
nature photographer
park naturalist
སྐྱེད་ཚལརིག་པའི་མཁས་མཆོག
veterinarian assistant
water conservationist
wetlands ecologist
wilderness doctor

actorའཁྲབ་རྩེདཔ།
administratorབདག་སྐྱོང་པ། 
communications manager
བརྡ་སྤྲོད་འཛིན་སྐྱོང་པ།
conflict resolution specialist
ནང་འགྲིག་མཁས་མཆོག
cruise director
གྲུ་སྐྱོད་བཀོད་ཁྱབ་པ།
customer service rep
dental hygienist
group mediator
སྡེ་ཚན་ནང་འགྲིག་འབད་མི། 
human resources 
manager
marketing specialist
nurse
སྨན་གཡོགམོ།
PeaceCorps
ཞི་བདེ་དཔུང་སྡེ།
politician
psychologist
སེམས་ཁམས་རིག་པའི་མཁས་མཆོག
religious leader
ཆོས་ཀྱི་དབུ་ཁྲིདཔ།
Salesperson
ཚོང་བཙོང་མི།
social director
social worker
teacher
སློབ་དཔོན།
trainer facilitator
travel counselor
waiter/waitress
དྲང་གཞགཔ།(ཕོ) དྲང་གཞགཔ།(མོ)


actor
artist
career counselor
གཡོག་གི་བསླབ་སྟོན་པ།
consultant 
གྲོས་སྟོན་པ།
Criminologist
ཁྲིམས་འགལ་དཔྱད་རིག་མཁས་པ།
energy healer
futurist or trend predictor
intelligence officer
personal counselor
philosopher
གྲུབ་མཐའ་མཁས་པ།
program planner
entrepreneur
psychic
psychologist

researcher
ཞིབ་འཚོལ་པ།
small business
owner
spiritual counselor
theologian
ཆོས་ལུགས་རིག་པའི་སློབ་སྦྱོང་པ།
therapist
writer
རྩོམ་སྒྲིག་པ།
Wellnesscounselor
བདེ་བ་ཀོད་སློབ་སྟོན་པ།
Existential
Logician
ཚད་མ་མཁན།
Philosopher
གཞུང་ལུགས་མཁས་པ། མཚན་ཉིད་མཁས་པ། གྲུབ་མཐའ་མཁས་པ།
scientist
ཚན་རིག་པ







ང་བཅས་རའི་རྒྱལ་ཁབ་ནང་ གོང་ལུ་བཀོད་འདི་ཡོད་མི་ རིག་སྟོབས་དང་བསྟུན་པའི་གཡོག་ཚུ་ གཞི་དྲག་སྒེར་གསུམ་ནང་གོ་སྐབས་ཀྱི་འོས་འབབ་ཡོད་ལུགས་དང་ ཞི་དྲག་སྒེར་གསུམ་གི་ཡོག་གི་གནས་སྟངས་དང་འཁྲིལ་བའི་ རང་བཞིན་ཚུ་བཤད་པ་ཅིན་
ཞི་གཡོག་གི་ལཱ་གི་གནས་སྟངས་དང་འཁྲིལ་འབྲེལ་བ་ཡོད་པའི་རིག་སྟོབས།
ཞི་གཡོག་ཟེར་མི་འདི་ང་བཅས་རའི་རྒྱལ་ཁབ་ནང་གཞུང་གི་འོག་ལུ་ཞི་གཡོག་ལྷན་ཚོགས་ཀྱི་འགོ་འདྲེན་དང་འཛིན་སྐྱོང་ཐོག་ལས་ལཱ་འབད་སའི་ས་ཁོངས་ཅིག་དང་འདི་ནང་ཕྱག་ཞུ་མི་ཚུ་ལུ་ཞི་གཡོགཔ་ཟེར་སླབ་ཨིན་མས།ཞི་གཡོག་འདི་འབྲུག་རྒྱལ་ཁབ་ནང་ལུ་ལཱ་གཡོག་དང་མི་སྟོབས་ཀྱི་སྲོག་ཤིང་བཟུམ་ཅིག་ཨིན།འདི་ནང་ལུ་ལཱ་གི་རྣམ་པ་མ་འདྲཝ་གསོ་བ་ཤེས་རིག་འཕྲུལ་རིག་སྲིད་བྱུས་སོ་ནམ་ལ་སོགས་པ་ལེ་ཤ་ཡོདཔ་ལས་ལཱ་གི་གནས་སྟངས་དང་རང་བཞིན་དང་འཁྲིལ་ཏེ་རིག་སྟོབས་འདི་ཚུ་ཡང་རྣམ་པ་མ་འདྲཝ་ལག་ལེན་འཐབ་དགོཔ་ཨིན།ཞི་གཡོག་གི་ནང་ལས་སློབ་དཔོན་རྩོམ་བྲིས་པ་སྲིད་ལྡན་པ་གནས་ཚུལ་བསྡུ་ལེན་པ་ལ་སོགས་པའི་ལཱ་གི་རིགས་ལུ་སྐད་ཡིག་རིག་སྟོབས་འདི་རིག་སྟོབས་གཞན་དང་ཕྱདཔ་ད་རྒྱ་ཆེ་དྲགས་འབད་དགོཔ་ཨིན་མས།དེ་ཡང་ལཱ་གི་གནས་སྟངས་དང་རང་བཞིན་འདི་དོན་སྨིན་ཅན་གྱི་བརྡ་དོན་སྤྲོད་ལེན་དང་ཁ་སྐད་སྣ་ཚོགས་ཀྱི་ཐོག་ལས་འབད་དགོ་ནི་འདི་གིས་ཨིན་མས།
འབྲུག་རྒྱལ་ཁབ་ནང་ལུ་ལུས་ཀྱི་སྒྱུ་རྩལ་དང་སྙན་ཆའི་སྒྲ་གདངས་ཁྱད་རྩལ་གྱི་རིག་སྟོབས་ལུ་བརྟན་པའི་ཞི་གཡོག་རྒྱལ་གཞུང་འཆམ་དང་ཟློས་གར་པ་ཚུ་ལུ་འབད་བ་ཅིན་ལུས་ཀྱི་སྒྱུ་རྩལ་དངསྒྲ་གདངས་ཀྱི་རིག་སྟོབས་འདི་དགོཔ་ཨིན་མས།ལྷག་པར་དུ་ལུས་ཀྱི་སྒྱུ་རྩལ་དངསྒྲ་དབྱངས༌ཀྱི་རིག་སྟོབས་ཀྱི་ཐོག་ལས་མི་ངོ་རྐྱང་ལེ་ཤ་གི་ར་ཟུར་ལཱ་འབད་དེ་འབྲུག་གི་སྙན་ཆ་དང་སྒྲ་དབྱངས་གློག་བརྙན་ལ་སོགས་པ་ཚུ་ཡར་རྒྱས་བཏང་སྟེ་ན་ཆུང་ཚུ་ལུ་གཡོག་གི་གོ་སྐབས་དང་རིག་རྩལ་ཡར་འཕེལ་གཏང་ནིའི་གཞི་སྟེགས་བྱིན་ཚུགསཔ་ཨིན།
རྩིས་དཔྱདཔ་རྩིས་འཛིན་པ་རྩིས་ཞིབ་ཚན་རིག་མཁས་པ་བཟོ་བཀོདཔ་ལ་སོགས་པའི་ཞི་གཡོགཔ་ཚུ་ལུ་ཚད་མ་དང་གྲངས་རྩིས་ཀྱི་རིག་སྟོབས་རྒྱ་ཆེ་དྲགས་འབད་ཡོད་པ་ཅིན་ལཱ་གི་སྤུས་ཚད་དང་འཇོན་ཐངས་ཡར་རྒྱས་ཐོག་ལས་འདི་དང་རིགས་བསྒྲེ་བའི་ལཱ་དང་རིག་པ་སྣ་ཚོགས་ཚུ་ལུ་གོ་སྐབས་སྦོམ་ཡོདཔ་ཨིན་མས།
རྩེད་རིག་པ་ཁྱིམ་བཟོཔ་ལུས་སྦྱོར་སྨན་བཅོས་མཁས་མཆོག་སློབ་དཔོན་བརྡ་སྐད་སློབ་སྟོན་པ་ཚུ་ལུ་འབད་བ་ཅིན་གཟུགས་དང་ཡན་ལག་གི་རིག་སྟོབས་འདི་དགོཔ་ཨིན།ཁོང་ཚུ་གིས་གཟུགས་དང་རྐང་ལག་གི་ཉིང་ཀུ(Fine motor skill) ཐོག་ལས་བརྡ་དོན་སྤྲོད་ལེན་རྩེདམོ་རྩེད་ནི་ནདཔ་ཚུ་ལུ་ལས་སྦྱོར་སྨན་བཅོས་ནི་རྣམ་འགྱུར་སྟོན་ནི་རི་མོ་བྲི་ནི་དང་པར་ཊ༌བརྐོ༌ནི༌ལ༌སོགས༌པ༌ཚུ༌གོང༌གི༌རིག༌སྟོབས༌འདི༌བརྟེན༌ཏེ༌འབྱུངམ༌ཨིན༌མས།མི༌དང༌འབྲེལ༌བ༌འཐབ༌ནིའི༌རིག༌སྟོབས༌འདི༌སྤྱིར༌བཏང༌ཞི༌གཡོག༌གི༌མ༌དོ༌བ༌མི༌ག༌ར༌ལུ༌དགོཔ༌ཨིན༌རུང༌སྐབས༌སུ༌འབབ༌པ༌ལས༌འགུལ༌འདི༌ནང༌གཡོག༌གི༌སྐབས༌དང༌འབྲེལ༌བ༌ལུ༌གཞི༌བཞག༌སྟེ༌ཡོདཔ༌ལས༌འདི༌བཟུམ༌གྱི༌རིག༌སྟོབས༌འདི༌གསོ༌བ༌དང༌ཤེས༌རིག༌དངུལ༌ཁང༌རྒེད༌འོག༌གོ༌ཁྲིདཔ༌དང༌མི༌དམང༌གི༌ཞབས༌ཏོག༌བྱིན༌མི༌ལས༌བྱེདཔ༌ཚུ༌ལུ༌མེད༌ཐབས༌མེདཔ༌ཅིག༌ཨིན༌མས།ཁོང༌ཚུ༌གིས༌མི༌དམང༌དང༌ཅིག༌ཁར༌མཐུན༌ལམ༌ཡར༌རྒྱས༌བཏང༌སྟེ༌རང༌ལུ༌ཕོག༌པའི༌འགན༌ཁུར༌ཚུ༌ཡང༌སྡེ༌ཚན༌གཅིག༌འབྲེལ༌གྱི༌ཐོག༌ལས༌ཡར༌དྲགས༌བཏང༌ཚུགསཔ༌ཨིན།
དེ༌ལས༌རང༌ཕྱོགས༌ཧ༌ཚུགས༌པའི༌རིག༌སྟོབས༌འདི༌ལུ༌རིག༌རྩལ༌གཞན༌བཟུམ༌སྦེ༌ལྷབ༌སྦྱང༌དང༌ལེགས༌བཅོས༌ཀྱི༌རིག༌སྟོབས༌མེན༌པར༌ལྷན༌སྐྱེས༌ཀྱི༌རིག༌སྟོབས༌ཅིག༌ཨིནམ༌འབད༌ཧ༌གོཝ༌མ།དེ༌ཡང༌རིག༌སྟོབས༌ཀྱི༌ལྟ༌འདི༌དང༌འཁྲིལཔ༌ད༌མི༌གཞན༌གྱི༌གོ༌ཁྲིད༌འབད༌མ༌དགོ༌པར༌རང༌གི༌ཚོར༌བ༌དང༌བལྟ༌རྟོགས༌ཀྱི༌ཐོག༌ལས༌སྐྱོན༌དང༌ཡོན༌ཏན༌ཚུ༌དབྱེ༌ཞིབ༌འབདཝ༌ཨིན༌མས།འདི༌བཟུམ༌གྱི༌རིག༌སྟོབས༌འདི༌ཞི༌གཡོགཔ༌གི༌མ༌དོ༌བར༌མི༌ག༌ར༌ལུ༌ཡོད༌པ༌ཅིན༌རྒྱལ༌ཁབ༌ཡར༌རྒྱས༌དང༌མི༌སྡེ༌ནང༌ལུ༌ཞི༌བདེ༌དང༌གཞན༌ཕྱོགས༌ཀྱི༌གནས༌སྟངས༌ཧ༌གོ༌སྟེ༌མི༌ངོམ༌རང༌སོའི༌གནས༌པའི༌རང༌བཞིན༌ཧ་གོ་ཚུ་ནི་ཨིན།
སོ་ནམ་མཁས་མཆོག་ལྡུམ་ར་རིག་པ་རྩི་ཤིང་མཁས་མཆོག་རང་བཞིན་མཐའ་འཁོར་མཁས་མཆོག་སེམས་ཅན་གླིང་ཀའི་མཁས་མཆོག་རང་བཞིན་གྱི་སྒྲ་དབྱངས་ཆུ་དང་རླུང་བྱ་དང་རི་དྭགའི་སྐད་དུས་བཞི་འགྱུར་བ་གི་མཐོང་སྣང་ལ་སོགས་པ་ལུ་སྤྲོ་བ་ཡོད་མི་དང་འདི་ཚུ་གི་འགན་ཁུར་འབག་མི་ཚུ་ལུ་རང་བཞིན་གནས་སྟངས་ཀྱི་རིག་སྟོབས་འདི་དགོཔ་ཨིན་མས།རིག་སྟོབས་འདི་གི་ཐོག་ལས་རང་བཞིན་གྱི་སྲོག་ཆགས་དང་ཕྱི་སྣོད་ཀྱི་འཇིག་རྟེན་གྲུབ་པའི་འབྱུང་བ་བཞི་དང་གནས་གཤིས་འགྱུར་བ་ལ་སོགས་པ་ཚུ་ཧ་གོ་སྟེ་འདི་གི་གདོང་ལེན་འབད་ཚུགས་ནི་ཨིན་མས།
གོང་ལུ་བཤད་མི་གི་ལཱ་གཡོག་གི་གནས་སྟངས་དང་འདི་དང་འབྲེལ་བ་ཡོད་པའི་རིག་སྟོབས་ཚུ་ཞི་གཡོག་རྒྱ་ཆེ་ས་ལས་དག་པ་རེ་དཔེ་འབད་དྲངས་ཏེ་དཔེ་འདི་ལུ་གཞི་བཞག་ཞིནམ་ལས་ཁུངས་བཀལ་བཀལཝ་དང་ཕུན་ཚན་འབྲེལ་བའི་བཤད་པ་རྐྱབ་རྐྱབ་མ་གཏོགས་འདི་གི་ཁྱབ་མ་ཚུགསཔ་དང་རིག་སྟོབས་འདི་ཚུ་ག་ར་གཅིག་ཁར་ཚངམ་འབད་ལག་ལེན་འཐབ་སྟེ་འབད་དགོ་པའི་ལཱ་ཡང་འབྱུང་སྲིད།ལཱ་གཡོག་རྣམ་པ་མ་འདྲཝ་ཚུ་ལུ་འབྲེལ་བ་འབད་དེ་ཡོད་མི་རིག་སྟོབས་འདི་ཚུ་ཐད་ཀར་དང་དམིགས་བསལ་གྱི་རིག་སྟོབས་འདི་རང་ཨིན་ཟེར་མེན་པར་འཕྲལ་འཕྲལ་རིག་སྟོབས་གཅིག་ལས་ལྷག་སྟེ་ལག་ལེན་འཐབ་དགོཔ་ཡང་ངེས་གཏེག་ཨིན།
དྲག་པོའི་ལཱ་གི་གནས་སྟངས་དང་འཁྲིལ་འབྲེལ་བ་ཡོད་པའི་རིག་སྟོབས།
རྒྱལ་ཁབ་ནང་ལུ་སྐུ་སྲུང་ཁྲིམས་སྲུང་བསྟན་སྲུང་ཟེར་དྲག་ཁག་གསུམ་རྩིས་སྲོལ་ཡོདཔ་ཨིན་རུང་ད་རེས་ནངས་པ་རྒྱལ་པོའི་ལས་འཆར་དང་འཁྲིལ་བདེ་སྲུང་ཚུ་ཡང་དྲག་པོའི་སྲུང་སྐྱོབ་ཀྱི་ནང་ལུ་ཚུདཔ་ཨིན་མས།ཁོང་ཚུ་གི་ལཱ་འགན་འདི་རྒྱལ་པའི་སྐུ་སྲུང་དང་རྒྱལ་ཁབ་ཀྱི་ཉེ་སྲུང་དང་ཁྲིམས་བདག་འཛིན་འབད་ནི་ཚུ་ཨིནམ་ལས་འབུང་གུལ་གྱི་ལཱ་ཅིག་བཟུམ་སྦེ་མི་དམང་གི་གོ་བ་དེ་སྦེ་ལེནམ་ཨིན་རུང་ Howard Gardner གི་ལྟ་བ་དང་རིག་སྟོབས་ཚུ་མེད་པའི་ལཱ་གཡོག་ཅིག་མེན་པས།དྲག་པོའི་གདོང་ལེན་དང་ཞབས་ཏོག་ཞུ་བའི་སྐབས་ལུ་འགོ་ཐོག་བཀོད་རྒྱ་དང་བར་གྱི་ཐབས་ཤེས་དང་ཉེ་སྲུང་མཇུག་གི་བརྡ་དོན་དང་སྙན་ཞུ་འདི་ཚུ་ཁག་ཆེ་ཏོག་ཏོ་ཨིནམ་ལས་དྲག་པོའི་དམག་སྡེ་ཚུ་ལུ་སྐད་ཡིག་རིག་སྟོབས་འདི་ཁག་ཆེ་ཏོག་ཏོ་ཅིག་ཨིན།རིག་སྟོབས་འདི་གི་ཐོག་ལས་བརྡ་དོན་སྤྲོད་མི་འདི་གིས་དོན་སྨིན་ཅན་གྱི་བརྡ་དོན་སྤྲོད་ཚུགས་ནི་དང་བརྡ་དོན་ཉན་མི་ཚུ་གིས་ཧིང་སངས་ས་འབད་ཧ་གོ་ཚུགས་པའི་འོས་འབབ་ཡོད།
དྲག་པོའི་ཏི་སོ་དང་དམག་སྡེའི་སྒྲ་དབྱངས་དང་གར་འཆམ་གྱི་རིག་རྩལ་ལུ་སྒྲ་དབྱངས་ཀྱི་རིག་སྟོབས་འདི་དགོཔ་ཨིན་མས།དེ་ལས་དམག་དང་ཕྱད་མདའ་རྐྱབ་པའི་སྐབས་ལུ་བྱང་ཕྱད་ཀྱི་ས་སྒོ་ཚད་དཔག་སྟེ་དགོས་འཁོར་གྱི་མཚོན་ཆ་དཔག་ནི་དང་ལྷག་པར་དུ་མཁའ་དམག་གི་ཐོག་ལས་དགྲ་གི་ཕོག་ཚད་དཔག་ལུ་ཚད་མ་དང་གྲངས་རྩིས་ཀྱི་རིག་སྟོབས་འདི་ཁོང་གི་ལཱ་ལུ་འབྲེལ་བ་སྦོམ་འདུག།
དམག་སྦྱོང་དང་ལུས་སྦྱོང་རྩེད་རིགས་མཛོག་ཁྱད་འཇལ་ནི་ཁྲིམས་སྲུང་སྣུམ་འཁོར་བརྡ་སྟོན་གསང་ཁ་ལ་སོགས་པའི་ལུས་ཀྱི་རྩལ་ལག་འདི་གཟུགས་དང་ཡན་ལག་གྱི་རིག་སྟོབས་ཅིག་ཨིན་མས།
སྤྱིར་བཏང་འཛམ་གླིང་གི་དྲག་པོའི་སྲིད་བྱུས་ཚུ་ལུ་དབྱེ་ཞིབ་འབད་མ་ཚུགས་རུང་ང་བཅས་རའི་རྒྱལ་ཁབ་ཀྱི་དྲག་པོའི་དམག་སྡེ་ཚུ་གི་འགན་ཁུར་དང་འགན་ཁྲི་ཚུ་ལུ་བལྟ་བ་ཅིན་སྐུ་སྲུང་དང་བསྟན་སྲུང་ཚུ་ལས་ལྷག་སྟེ་ཁྲིམས་སྲུང་འདི་ཚུ་ལུ་མི་དང་འབྲེལ་བ་འཐབ་ནིའི་རིག་སྟོབས་རྒྱ་ཆེ་དྲག་འབད་དགོ་པས།ད་ལྟོ་གི་སྐབས་ལུ་འཕྲལ་འཕྲལ་ཁྲིམས་སྲུང་ཚུ་དང་འགྲུལ་པ་མི་དམང་ཚུ་རྙོགས་བཤད་ཐོན་ས་རང་གིས་མཐོང་ཚུགསཔ་ལས་རྙོགས་བཤད་འདི་ལུགནད་དོན་མང་རབ་ཡོདཔ་སྲིད་རུང་འཕྲལ་འཕྲལ་སྐབས་ཁོང་ཁྲིམས་སྲུང་པ་ཚུ་ལུ་མི་དང་འབྲེལ་བ་འཐབ་ནིའི་རིག་སྟོབས་དམན་པའི་དབང་གིས་ཡང་འབྱུངམ་སྲིད།
སྒེར་གྱི་་ལཱ་གི་གནས་སྟངས་དང་འཁྲིལ་འབྲེལ་བ་ཡོད་པའི་རིག་སྟོབས།
ང་བཅས་རའི་རྒྱལ་ཁབ་ནང་སྒེར་གྱི་ལཱ་ཁྱབ་ཆེ་དྲག་འདི་ར་བཟོ་བསྐྲུན་ཚོང་ལཱ་བལྟ་བཤལ་དངུལ་འབྲེལ་བརྡ་དོན་འཕྲུལ་རིག་ལ་སོགས་པ་ཚུ་ཨིནམ་ལས་ཁོང་ཚུ་གི་གཞི་རྩ་དང་དམིགས་ཡུལ་འདི་ངོ་མ་ར་ཁེ་སང་བཟོ་ནི་འདི་ཨིན།འདི་འབདཝ་ལས་སྒེར་གྱི་ལཱ་འདི་ནང་ལུ་ཚོང་འབྲེལ་རྒྱ་བསྐྱལ་དང་འབབ་ཁུངས་ཡར་དྲག་ལྕོགས་གྲུབ་ཅན་གྱི་ལས་བྱེདཔ་ཐོབ་ནི་ལུ་ Howard Gardner གི་རིག་སྟོབས་སྣ་ཚོགས་ཀྱི་ལྟ་བ་འདི་ལཱ་གི་རང་བཞིན་དང་འཁྲིལ་ངམ་ངམ་ཤུགས་ཀྱིས་ལག་ལེན་འབྱུང་སྟེ་ཡོདཔ་ཨིན།
སྒེར་གྱི་སྦྱིན་བདག་དང་ལས་བྱེདཔ་ཚོང་འབྲེལ་རྒྱ་སྐྱེདལ་པ་དང་ངོ་ཚབ་གསལ་བསྒྲགས་འགྲན་བསྡུར་གྱི་ཐོག་ལས་མི་དམང་གི་སེམས་རྒྱུད་བསྐུལ་རྐྱབ་སྟེ་ཐོན་སྐྱེད་དང་ཞབས་ཏོག་ཡར་འཕེལ་འགྱོ་ཐབས་ལུ་མི་དམང་དང་གཅིག་ཁར་གོ་བ་བརྡ་སྤྲེད་སྤེལ་ཏེ་འབད་དགོཔ་ལས་ཁོང་སྒེར་པ་ཚུ་ལུ་སྐད་ཡིག་རིག་སྟོབས་འདི་གིས་ཕན་པ་སྦོམ་འདུག
གློག་བརྙན་དང་ཁྲབ་རྩེདཔ་སྙན་ཆ་བཟོ་ནི་ཞབས་ཁྲ་འཐེན་ནི་ལ་སོགས་པ་ཚུ་ད་རེས་ནངས་པ་སྒྲ་དང་དབྱངས་ཀྱི་རིག་སྟོབས་ཀྱི་ཐོག་ལས་འབབ་ཁུངས་བཟོ་མ་ཚད་མི་དམང་སེམས་དགའ་བ་དང་སྤྲོ་བའི་ངང་ལུ་བཞག་ཚུགས་པའི་རིག་སྟོབས་ཀྱི་ལཱ་གཡོག་གཅིག་ཨིན་མས།སྒྲ་དབྱངས་རིག་སྟོབས་འདི་གི་ཐོག་ལས་ན་གཞོན་ལྕོགས་གྲུབ་ཅན་འདི་ཚུ་མི་དམང་ལུ་ངོ་སྤྲོད་འབད་དེ་ཁོང་རའི་ལྕོགས་གྲུབ་དར་ཁྱབ་བཏང་ཚུགསཔ་མ་ཚད་རང་གི་རྒྱལ་ཁབ་ཀྱི་སྒྲ་དབྱངས་འདི་ཚུ་ཡང་མ་ཉམས་གོང་འཕེལ་དང་ཉམས་པ་གསོ་སྦྱང་འབད་ཚུགསཔ་ཨིན།འདི་ནང་ལུ་བཅའ་མར་གཏོགས་མི་ཚུ་ལ་ལུ་གཅིག་སྤྲོ་བ་དང་ལ་ལུ་གཅིག་བྱ་ཐབས་མེད་པར་འཛུལ་ཞུགས་འབདཝ་ཨིན་མས།ཨིན་རུང་ཁོང་ར་ཆ་ཁྱབ་ཀྱི་རང་བཞིན་གྱི་རིག་རྩལ་འདི་ལུ་གཞི་བཞག་སྟེ་སྒྲ་དབྱངས་ཀྱི་རིག་སྟོབས་འདི་རང་ལུ་ཡོདཔ་ངོས་འཛིན་འབད་དེ་ལག་ལེན་འཐབ་པ་ཅིན་སྒྲ་དབྱངས་རིག་སྟོབས་དང་འབྲེལ་བའི་ཚོང་ལཱ་དང་དོ་འགྲན་འདི་ཚུ་ལེགས་ཤོམ་འབད་ཚུགས་ནི་ཨིན་མས།
ཁག་འབབ་འདི་ཚུ་རིན་འདུར་གྱི་ཐོག་ལས་ལཱ་གི་མ་དངུལ་ཕོ་ཚད་བསྐྱེད་ནི་དང་ཚང་ལཱ་གསརཔ་འགོ་བཙུགས་པའི་སྐབས་ལུ་མ་དངུལ་གྱི་སྔོན་རྩིས་བཏོན་ནི་ཚོང་ལམ་དང་འོས་འབབ་ཀྱི་ཐོན་སྐྱེད་ཚོང་འགྱུར་འཐབ་ནི་ལ་སོགས་པ་ཚུ་ལུ་ཚད་མ་དང་གྲངས་རྩིས་རིག་སྟོབས་འདི་སྒེར་ལཱ་འབད་མི་ཚུ་ལུ་ངེས་པར་དུ་ཁག་ཆེ་བས།
སྒེར་གྱི་ཞབས་ཏོག་གི་ཐོན་སྐྱེད་ཚོང་འགྱུར་ཁག་འབབ་ཀྱི་ཚོང་འབྲེལ་བཟོ་སྒྲ་གི་ཐོན་སྐྱེད་བཀྲམ་སྤེལ་དང་ཚོང་མགྲོན་པ་ཚུ་ཡུན་བརྟན་རྒྱུན་སྐྱོང་འབད་བཞག་ཐབས་ལུ་མི་དང་འབྲེལ་བ་འཐབ་ནིའི་རིག་སྟོབས་ཀྱི་ལྟ་བ་འདི་ལག་ལེན་འཐབ་སྟེ་ལཱ་འབད་བ་ཅིན་སྒེར་ལཱ་གི་ཚོང་གི་འབྲས་བུ་ལུ་ཁེ་སང་དང་ཚོང་མགྲོན་ཚུ་ལུ་ཡིད་ཚིམ་ཚུགས་པའི་ཞབས་ཏོག་འབྱིན་ཚུགསཔ།








༉ ལས་གཡོག་ལྷན་ཁག་གི་ ལོ་ལྔའི་འཆར་གཞི་༡༡ པའི་ བར་མཚམས་ཀྱི་བསྐྱར་ཞིབ་སྙན་ཞུ་དང་འཁྲིལ་བ་ཅིན་ གཞུང་གི་ལས་སྡེ་ཚུ་ནང་མི་སྟོབས་ལངམ་མེད་མི་ལུ་བརྟེན་ ཞབས་ཏོག་བསྒྲུབ་ནི་ལུ་གདོང་ལེན་ཡོད་ཟེར་ཨིནམ་ད་ ཕྱོགས་གཅིག་ལས་  ང་བཅས་རའི་ན་གཞོན་སྟོང་ཕྲག་ལས་བཅད་དེ་ ལཱ་གཡོག་མ་ཐོབ་པར་ཡོད་མི་ལུ་ བལྟ་བ་ཅིན་དེ་གཉིས་རྟགས་མ་མཐུན་པའི་ གནད་དོན་ཅིག་ཨིན་མས།
ང་བཅས་ཀྱིས་ མི་རློབས་མང་ཤོས་ཅིག་ ཞབས་ཏོག་ལུ་བརྟེན་མི་གཞུང་གི་ཡིག་ཚང་ཚུ་ནང་ དྲི་བལྟ་བ་ཅིན་ ཁོང་གིས་ འགན་ཁུར་འབག་མི་དང་ལཱ་མང་ཧད་རྫོགསཔ་ཅིག་ འབད་དགོཔ་ཡོད་མི་ཚུ་ལུ་ མི་སྟོབས་ལངམ་མེད་ཟེར་སླབ་ཨིན་མས།
དེ་ལས་ ལཱ་གཡོག་གི་ དཀའ་ངལ་ལུ་ བལྟ་བ་ཅིན་ མཐོ་རིམ་ཤེས་ཚད་མཐར་འཁྱོལ་མི་ན་གཞོན་བུཚ་དང་ བུམོ་སྟོང་ཕྲག་ལས་བཅད་དེ་ ཉིན་བསྟར་བཞིན་དུ་ གཞུང་དང་ལས་འཛིན་ སྒེར་སྡེ་ཡིག་ཚང་ཚུ་ནང་ ལཱ་གཡོག་འཚོལ་བར་མཐོང་གསལ་བྱུང་མི་ལུ་ལྟཝ་ད་ གནས་སྟངས་སོ་སོ་ཅིག་ གསལ་སྟོན་འབདཝ་ལས་མི་སྟོབས་ལངམ་མེད་མི་དང་ ལཱ་གཡོག་མ་ཐོབ་པའི་ དཀའ་ངལ་ཡོད་མི་གཉིས་རྒྱབ་འགལ་འགྱོ་བའི་ གསལ་སྟོན་འབདཝ་མས།
ང་བཅས་ཀྱི་ ལག་པར་ཡོད་མི་ རྩིས་ཐོ་དང་འཁྲིལཝ་ད་ ལཱ་གཡོག་བརྒྱ་ཆ་ཧྲིལ་བུ་སྤྲོད་ཚུགསཔ་འབད་ནིའི་ དམིགས་ཡུལ་དེ་ ཧ་ལམ་འགྲུབ་དོ་ཡོདཔ་ལས་ལཱ་གཡོག་སྤྲོད་མ་ཚུགས་པའི་ཚད་གཞི་ བརྒྱ་ཆ་༢.༦ ལུ་ གནས་ཡོདཔ་བཞིན་དུ་འཆར་གཞི་༡༡ པ་མཇུག་མ་བསྡུ་བའི་ཧེ་མར་ ང་བཅས་ཀྱིས་ ལཱ་གཡོག་༨༢,༠༠༠བཟོ་དགོཔ་འདུག།
དེ་ལས་ ལཱ་གཡོག་འཚོལ་མི་ཚུ་ལས་ ཨུ་ཚུགས་བྱུང་མི་དང་ ན་གཞོན་ཚུ་ལཱ་གཡོག་མ་ཐོབ་པར་ དབུགས་འགམ་བྱུང་མི་ཚུ་ལུ་ བལྟ་བ་ཅིན་ ད་རེས་ནངས་པ་རྒྱལ་ཁབ་ནང་འཁོད་ལུ་ ལཱ་གཡོག་མེད་མི་ ན་གཞོན་༩,༡༧༤ དེ་ཅིག་ཡོད་པའི་ཁར་གྱངས་ཁ་དེ་ འཕྲོ་མཐུད་དེ་ར་ ཡར་འཕར་འགྱོཝ་ཨིན་མས།
གནས་ཚུལ་ལེགས་ཤོམ་དེ་ར་ འབྲུག་གི་མཐའ་ཟུར་ས་གནས་ཚུ་ནང་ ལཱ་གཡོག་གི་གནས་སྟངས་དེ་ དུམ་གྲ་ཅིག་ ཡར་དྲག་སོང་མི་དེ་ཡང་ གཞུང་གིས་ ལཱ་གཡོག་གི་དཀལ་ངལ་བརྒྱ་ཆ་༢.༡ ལུ་ མར་ཕབ་འབད་ནི་གི་ དམིགས་གཏད་བསྐྱེད་མི་དེ་གྲུབ་ཚུགས་ནི་དེ་གིས་ ཨིན་མས།
འདི་འབདཝ་ད་ ང་བཅས་ལུ་ ཡིད་ཆེས་དགོཔ་དང་ ཧ་ལས་དགོཔ་ཅིག་མེད་མི་དེ་ཡང་ན་གཞོན་ཚུ་ མཐའ་ཟུར་ལས་ ཁྲོམ་སྡེ་ཚུ་ནང་ གོ་སྐབས་ལེགས་ཤོམ་འཚོལ་བར་འོང་མི་ཡར་སེང་འགྱོ་བའི་ ནམ་དུས་ལུ་ མཐའ་ཟུར་གྱི་ ས་གནས་ཚུ་ནང་ རང་བཞིན་གྱིས་ར་ལཱ་གཡོག་གི་ གོ་སྐབས་འཚོལ་མི་ ཉུང་སུ་འགྱོ་ནི་དང་ དཀའ་ངལ་ཡང་ གངམ་མི་འཐོན།
ལས་གཡོག་ལྷན་ཁག་གིས་འབད་བ་ཅིན་ དཔལ་འབྱོར་གོང་འཕེལ་མགྱོགས་དྲགས་སྦེ་མ་འགྱོ་མི་ལུ་བརྟེན་ ལཱ་གཡོག་གི་ གོ་སྐབས་ཚུ་ མི་བཟོ་བས་ཟེར་ཨིནམ་ད་དེ་སྦེ་ཨིན་པ་ཅིན་ ག་ནི་བ་ མཁོ་གལ་ཆེ་བའི་སྡེ་ཚན་ དཔེར་ན་ སོ་ནམ་དང་སྒོ་ནོར་ བཟོ་སྐྲུན་ཚུ་ གཙོ་བོར་མ་བཏོན་པར་ སྣང་མེད་བཞག་པ་ཅིན་དཔལ་འབྱོར་ག་དེ་སྦེ་ ཡར་དྲག་གཏང་ཚུགས་ནི་ཨིན་ན? དཔལ་འབྱོར་ཡར་རྒྱས་འགྱོ་དགོ་པ་ཅིན་ སྡེ་ཚན་དེ་ཚུ་ མཐར་འཁྱོལ་དགོ།
བར་མཚམས་བསྐྱར་ཞིབ་ཞལ་འཛོམས་ཀྱིས་ ང་བཅས་ལུ་ དཀའ་ངལ་དང་ གདོང་ལེན་འབད་དགོཔ་ག་ཅི་ཡོདཔ་ཨིན་ན་ གསལ་སྟོན་འབདཝ་བཞིན་དུ་ ད་ལྟོ་ གོ་སྐབས་ཐོབ་པའི་ནམ་དུས་ལུ་ གཞུང་སྐྱོང་གི་ དབུ་ཁྲིད་ཁ་ཐུག་ལས་ ད་ཚུན་གྱི་བར་ན་གནད་དོན་ཅོག་འཐདཔ་ཚུ་ གསུང་གྲོས་ནན་བསྐྱར་གནང་ནི་ཚུ་ འཛེམ་ཐོག་ལས་གནད་དོན་ཨིནམ་མེནམ་ཚུ་ ཐག་བཏོག་ནི་གི་ དུས་ཚོན་ན་འཐན་རན་མཆིས་ནུག་ཟེར་ཞུ་ནི་ཨིན།


No comments:

Post a Comment